堪布微博
མཁན་ཏེ་པ་རིན་པོ་ཆེས།ས་གར་སོང་བདེ་བའི་རྐྱེན་དུ་སྣང་།།མི་སུ་འཕྲད་མཐུན་པའི་བཤེས་དང་གཉེན།།ཡུལ་གང་ཐོན་སྐྱིད་པའི་ཕ་ཡུལ་དངོས།།དེ་སྐྱབས་གནས་བརྩན་པའི་ཐུགས་རྗེ་ལགས།།ཞེས་གསུངས།
堪布德巴仁波切:
去于何处快乐因,见于何人善知识,住于何处快乐乡,此乃三宝之加持。
堪布德巴仁波切:
去于何处快乐因,见于何人善知识,住于何处快乐乡,此乃三宝之加持。
19.
●དྲི་བ།:ང་ཚོས་བརྙན་འཕྲིན་དང་ལག་འཕྲིན་སོགས་ཁ་ཕྱེ་བའི་ཚེ་ན། འཛམ་གླིང་གི་ས་ཕྱོགས་སོ་སོར་དུས་དང་རྣམ་པ་ཀུན་ཏུ། རང་བྱུང་གི་གནོད་འཚེ་དང་མིས་བཟོས་ཆག་སྒོ་སྣ་ཚོགས་འབྱུང་བཞིན་པ་མཐོང་ལ། འདིས་རང་ལ་ཚེ་སྲོག་ཉམ་ཐག་པ་ཞིག་རེད་སྙམ་པའི་ཚོར་བ་སྟེར་སྲིད། དེས་ན་སྣང་ཚུལ་འདི་འདྲར་ཇི་ལྟར་གདོང་གཏད་དགོས་སམ།
●ལན།:མིའི་ཚེ་སྲོག་ནི་དངོས་ནས་ཤིན་ཏུ་ཉམ་ཐག་པ་ཡིན། རླངས་འཁོར་དང་གནམ་གྲུར་སྡོད་པའམ་ལམ་དུ་འགྲོ་བཞིན་པའི་སྐབས་སུའང་། གློ་བུར་དུ་གནོད་འཚེའམ་ཉེན་ཁ་དང་འཕྲད་སྲིད། སྐར་མ་གཅིག་གི་སྔོན་དུ་མི་ཡུལ་དུ་ཡོད་ཀྱང་། སྐར་མ་གཅིག་གི་རྗེས་སུ་འཆི་བདག་གི་ལག་ཏུ་ཚུད་འགྲོ། དེའི་ཕྱིར་ན། ནང་ཆོས་ལས་རྒྱུན་དུ་མི་རྣམས་ལ་འཆི་བ་མི་རྟག་པ་བསྒོམ་པར་གདམས་པ་ཡིན། དུས་རྟག་ཏུ་འདི་ལྟར་བསམ་དགོས་ཏེ། སྐད་ཅིག་རེ་རེ་ཡང་ཚེ་སྲོག་གི་མཐའ་མ་ཡིན་སྲིད་པས། གསོན་པའི་ཚེ་ན་བསྒྲུབ་འོས་པའི་བྱ་བ་དག་ཅི་ནུས་ཀྱིས་བསྒྲུབ་པ་དང་། ནམ་ཞིག་འཆི་བ་ཐོག་ཏུ་བབས་ན་ཡང་། སེམས་ལ་གྲ་སྒྲིག་ངེས་ཅན་ཞིག་ཡོད་དགོས། མི་རྟག་པར་གདོང་ལེན་བྱེད་པའི་ཐད་ནས། གལ་ཏེ་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན། ལྷག་ཏུ་བཟང་བར་སྙམ།
ཨོ་ཁི་ལེན་ཌི་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2014.10.04
●问:每当我们打开电视或手机,就会看到世界各地每时每刻都在发生各种自然灾害或人为事故,这让人感觉生命如此脆弱。请问该如何面对这种现象?
●答:人的生命确实非常脆弱。不论乘车、坐飞机还是走在路上,都有可能突然遭遇危难。前一分钟还在人间,后一分钟就命丧黄泉。所以,佛教经常教导人观修死亡无常。要常常想到:每时每刻都可能是生命的最后一刻,活着时该做的事应该尽量做,而一旦死亡降临,也有一定的心理准备。应对无常方面,如果进行一些系统学习,会更好。
选自:奥克兰大学演讲2014.10.04

许多人担心散心念佛会有过失,便索性不念。其实,散心念,也比不念好得多。《法华经》云:“若人散乱心,入于塔庙中,一称南无佛,皆已成佛道。”
行住坐卧间,开车可念,走路可念,做家务也可念。心或许散乱,功德却不空耗。如古德所言:“宁可散心念,莫放口头空。 念念相续,便与佛不远。”

གཎྜིའི་མདོ་ལས།དམ་ཆོས་བསྟན་པའི་དུས་བསྟན་ཕྱིར།།རྔའམ་གཎྚི་བརྡུངས་བའི་སྒྲ།།ཐོས་པས་བྱང་ཆུབ་འཐོབ་འགྱུར་ན།།ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས།།ཞེས་གསུངས།
《犍椎经》:
为示讲法时,击鼓敲犍椎,闻声获解脱,何况去听闻?
《犍椎经》:
为示讲法时,击鼓敲犍椎,闻声获解脱,何况去听闻?
ཀ་མ་བའི་ཞལ་ནས།ད་ལྟ་འཆི་བས་འཇིགས་པ་ཞིག་དགོས།འཆི་ཁར་མི་འཚེར་བ་ཞིག་དགོས་པ་ལ།འོ་སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས།འཆི་ཁར་བྲང་ལ་སེན་མོ་འདེབས།ཞེས་གསུངས།
噶玛瓦尊者:
现在须畏死,如此临终则无惧。我等与此相反,现在无畏死,至临终时,用手抓胸。
噶玛瓦尊者:
现在须畏死,如此临终则无惧。我等与此相反,现在无畏死,至临终时,用手抓胸。
18.
●དྲི་བ།:མཁན་པོ་ལགས་སྐུ་ཁམས་བཟང་། དངོས་པོ་མང་པོ་ཞིགང་ཚོ་ཚང་མས་ད་ལྟ་རེ་སྙེག་བྱེད་བཞིན་ཡོད། རང་གི་འཚོ་བར་འགྱུར་ལྡོག་གཏོང་འདོད་དང་། ཡང་ན་བྱ་བ་ལ་འགྱུར་ལྡོག་འབྱུང་བའི་རེ་བའང་ཡོད། འོན་ཀྱང་རེ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོར་རྒྱུན་དུ་འདོད་པ་ཐོག་ཏུ་མི་ཁེལ་བའི་གནས་ཚུལ་དང་འཕྲད་སྲིད་པས། མཁན་པོ་ལགས་ཀྱིས་འདིའི་སྐོར་ལ་མཛུབ་སྟོན་ཞིག་གནང་རོགས་ཞུ།
●ལན།:ངས་བསམས་ན་འཚོ་བའི་ཆེད་དུ་རེ་སྙེག་བྱེད་པ་དེ། ཚང་མར་དགོས་རྒྱུ་ཞིག་རེད། ཆེས་ཕུན་སུམ་ཚོགས་པ་ཞིག་ལ་རེ་མི་རུང་ཡང་། རེ་སྙེག་གི་འདུན་པ་དེ་ཡོད་དགོས། དཔེར་ན་ང་རང་གིས་སྒོར་མོ་བཙལ་འདོད་དུས། དང་ཐོག་ནས་མཇུག་འབྲས་ངན་པ་ཞིག་གྲ་སྒྲིག་བྱེད་དགོས་ལ། རེ་བ་ལེགས་པོ་ཞིག་ཀྱང་བཅང་ཐུབ་དགོས།འདི་གཉིས་ཟུང་དུ་འབྲེལ་ན། ད་གཟོད་ཤེས་རབ་ཅན་གྱི་རེ་སྙེག་ཡིན། གལ་ཏེ་བྱ་བ་ཞིག་མ་འགྲུབ་པའམ་ཕམ་ཉེས་འབྱུང་བའི་ཚེ།རང་གིས་དང་ལེན་བྱེད་ཐུབ་བམ་མི་ཐུབ། ངས་བསམས་ན་འདི་ཧ་ཅང་གལ་ཆེ་བ་ཡིན། དེང་སང་མི་ཁ་ཤས་ཀྱི་སེམས་སུ་གྲ་སྒྲིག་མེད་པར། འཚོ་བར་རེ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྟག་ཏུ་ཕམ་ཉེས་འབྱུང་བ་ཡིན། མི་ལ་རེ་སྙེག་ཡིན་ན་འདྲ། རྒྱུ་རྫས་ལ་རེ་སྙེག་ཡིན་ན་འདྲ། གོ་གནས་ལ་རེ་སྙེག་སོགས་གང་ཡིན་ཡང་། རེ་སྙེག་གི་འདུན་པ་དེ་ཡོད་དགོས།འོན་ཀྱང་འདུན་པ་ལྟར་དུ་ལེགས་འགྲུབ་མ་བྱུང་ན། དང་ལེན་བྱ་ཐུབ་པ་ཞིག་དགོས། གལ་ཏེ་དང་ལེན་བྱེད་མི་ཐུབ་ན། དང་ཐོག་ནས་རེ་སྙེག་མ་བྱེད་ན་དགའ། རྒྱུ་མཚན་ནི་ང་ཚོས་རེ་སྙེག་བྱེད་པའི་འདུན་པ་ཡོད་ཚད། མངོན་འགྱུར་བྱུང་ཐུབ་པའི་ངེས་པ་མེད། རེ་སྙེག་བྱེད་པའི་འདུན་པ་ནི་སེམས་ཤུགས་ཤིག་ཡིན། སེམས་ཤུགས་དེ་མངོན་དུ་འགྱུར་བའི་ལས་འབྲེལ་ཡོད་དམ་མེད། ཧ་ཅང་བརྗོད་དཀའ་མོ་རེད། འཇིག་རྟེན་གྱི་སྟེང་དུ་རེ་སྙེག་གི་འདུན་པ་ཡོད་དགོས། གལ་ཏེ་མེད་ན།ང་ཚོ་ཚང་མ་མི་ཉོབ་ཏོའམ། ཉམས་ཞན། ཡང་ན་ནུས་མེད་ཞིག་ཏུ་འགྱུར་ངེས་ཡིན།
ནན་ཅིན་ཞིང་ལས་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2016.11.19
●问:堪布,您好!我们现在正在追求很多东西,一直希望能够改变我们的生活,或者改变我们的工作,但在追求的过程当中,我们往往会遇到求而不可得的情况。所以想请堪布帮我开解一下。
●答:我觉得,对生活的追求,大家都是需要的。虽然我们不能追求得太完美,但追求的心是需要的。
比如,我想挣钱时,最初就要做最坏的打算,但也要抱有最好的希望,这俩个结合起来,才是智慧的追求。
如果一件事情落空或是失败了,自己能不能承受?我觉得这个很重要,现在有些人没有心理打算,在追求生活的过程当中,往往出现失败。
不管是对人的追求也好,对财物的追求也好,对地位等所有的追求也好,追求是有必要的,但是一旦追求不成功,要承受的了。如果承受不了,最好开始就不要追求,因为我们所追求的目标,不一定都能实现。
追求是一种心力,这种心力到底有没有实现的因缘,是很难说的,在世间当中,需要有追求,如果没有追求,我们都可能变成颓废的、脆弱的无能的人。
选自:南京农业大学演讲2016.11.19

ས་སྐྱ་ལེགས་བཤད་ལས།མི་གང་གཞན་དོན་གཙོར་བྱས་ན།།གཡོ་ཅན་རང་དོན་སྒྲུབ་དང་འདྲ།།རང་དོན་འབའ་ཞིག་གཙོར་བྱེད་པ།།གཞན་མགོ་འདོན་ཕྱིར་དྲང་བ་འདྲ།།ཞེས་གསུངས།
《萨迦格言》:
何人利他为重者,倒如狡者为私利,一切利己为重者,倒如利他真诚者。
《萨迦格言》:
何人利他为重者,倒如狡者为私利,一切利己为重者,倒如利他真诚者。
དཀོན་མཆོག་བརྩེགས་པ་ལས།དད་པ་མེད་པའི་མི་རྣམས་ལ།།དཀར་པོའི་ཆོས་ནི་མི་འབྱུང་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་མོ་ཇི་བཞིན་ནོ།།ཞེས་གསུངས།
《大宝积经》:
若不信之人,不生诸白法,犹如烧种子,不生根芽等。
《大宝积经》:
若不信之人,不生诸白法,犹如烧种子,不生根芽等。
17.
●དྲི་བ།:མཁན་པོ་ལགས་སྐུ་ཁམས་བཟང་། ངས་ལས་གཏོད་ཐེངས་གཉིས་བྱས་ཀྱང་གཉིས་ཀར་ཕམ་ཉེས་བྱུང་། ད་ལྟ་ཡང་དཀའ་སྡུག་ཁྲོད་དུ་འབད་འབུངས་བྱེད་བཞིན་ཡོད། དེའི་ཕྱིར་ཁྱེད་ཀྱིས་ང་ལ་ཁ་ཕྱོགས་ཤིག་སྟོན་རོགས་གནང་། ཐ་ན་ཚིག་གཅིག་ཡིན་ཡང་རུང་། ང་ལ་མཚོན་ན་སྐུལ་མ་ཆེན་པོ་ཞིག་ཏུ་འགྱུར་སྲིད། ཐུགས་རྗེ་ཆེ།
●ལན།:ང་ཚོའི་མི་ཚེ་ནི་མི་རྟག་པ་ཡིན། རྒྱལ་ཁ་ཡོད་ལ་ཕམ་ཉེས་ཀྱང་ཡོད། དགའ་སྤྲོ་ཡོད་ལ། སྡུག་བསྔལ་ཡང་ཡོད། དཀའ་སྡུག་ཡོད་ལ། འཇིགས་སྣང་ཡང་ཡོད། ཐེ་ཚོམ་ཡོད་ལ། ཡིད་ཆེས་ཀྱང་ཡོད། དོན་སྙིང་ལྡན་པའི་སྐབས་ཡོད་ལ། དོན་སྙིང་ཅི་ཡང་མེད་པའི་སྐབས་ཀྱང་ཡོད། འོད་སྟོང་ལྡན་པའི་དུས་ཡོད་ལ། མུན་ནག་གིས་ཁེངས་པའི་དུས་ཀྱང་ཡོད། སྐབས་རེར་མདུན་གྱི་ལམ་ནི་ཐོགས་པ་མེད་པར་སྙམ་པའི་དུས་ཡོད་ལ། སྐབས་རེར་གཡང་གཟར་ཟབ་མོར་ལྷུང་བར་སྙམ་པའི་དུས་ཀྱང་ཡོད། ངས་བསམས་ན། མི་ཞིག་ཡིན་ན་ངེས་པར་དུ་རང་རྟོན་དགོས་ཏེ། དགའ་སྤྲོ་སྐྱེ་བའི་སྐབས་སུ། ང་རྒྱལ་ཆེན་པོ་སྐྱེ་མི་རུང་། སྡུག་བསྔལ་མྱོང་བའི་སྐབས་སུ། ཧ་ཅང་ཡིད་ཐང་མ་ཆད་པར། མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། སྤྱིར་ན་མི་ཚེ་ནི་རྐྱེན་དང་བསྟུན་དགོས་པའི་ལམ་ཞིག་ཡིན། སངས་རྒྱས་ཀྱི་མདོ་ལས་ཀྱང་། ང་ཚོའི་སེམས་སམ། ཀུན་གཞིའི་སྟེང་དུ་དགེ་དང་མི་དགེ་བའི་ལས་ཀྱི་བག་ཆགས་ཡོད་ཅེས་གསུངས་མོད། ཡིན་ནའང་ནང་ཆོས་སུ། ཐམས་ཅད་སྔོན་གྱི་ལས་དབང་ཡིན་པ་དང་། ལས་ཀྱིས་བཀོད་སྒྲིག་བྱས་པ་ཞིག་ཡིན་ཞེས་གསུངས་མེད། དེས་ན། རང་ཉིད་ཀྱི་གསར་བཟོའི་ནུས་པ་དང་། རྒྱུན་འཁྱོངས་ཀྱི་ནུས་པ་གཉིས་ནི་འབྲལ་ཐབས་མེད་པ་ཞིག་ཡིན། འདི་ནི་རྒྱུ་དང་རྐྱེན་འཛོམས་པ་ལས་བྱུང་བ་་ཡིན། འདི་ལྟ་བུའི་བརྒྱུད་རིམ་ཁྲོད་དུ། ངས་བལྟས་ན་ཁྱེད་རང་གཅིག་པུ་མ་ཡིན་པར། དེ་རིང་འདིར་ཞུགས་ཀྱི་མི་མང་པོ་ཞིག་ལའང་། རེ་དོགས་ཀྱི་སེམས་ཁྲལ་ངེས་པར་དུ་ཡོད་སྲིད། འོན་ཀྱང་གང་ལྟར་ཡང་། ང་ཚོས་མི་ཚེ་དང་། འཚོ་བ། ལས་དོན་གང་ལ་ཡང་། འཛིན་པ་ཧ་ཅང་ཆེན་པོ་བྱེད་མི་རུང་། འཛིན་པ་ཇི་ལྟར་ཆེ་ན། དེ་ལྟར་དུ་ལམ་ལྷོང་ཡོང་བའི་ངེས་པ་མེད། ཡིན་ནའང་བྱ་བ་དེ་ལས་སླ་མོའི་ངང་བློས་བཏང་མི་རུང་། གལ་ཏེ་བློས་བཏང་བར་གྱུར་ན། གོ་སྐབས་མང་པོ་ཞིག་ཤོར་འགྲོ་བ་ཡིན། མཐར། ངའི་བསམ་འཆར་ནི་ཚིག་གཅིག་སྟེ། སེམས་ཁམས་ཞི་ལྷོད་ངང་གནས་རྒྱུ་དེ་ཆེས་གལ་ཆེ་བ་ཡིན།
འཛམ་གླིང་ཁེ་ལས་སྐྱེ་ཁམས་གླེང་སྟེགས་གྱི་འཆད་འཁྲིད་ལས་བཏུས།།2017.9.11.
●问:堪布,您好!我的事业两次创业,两次失败,现在还在苦苦挣扎,所以,我希望您能给我一个方向,哪怕是一句话,对我来说,都可能是一个极大的启发。谢谢您!
●答:我们的人生,都是无常的。有成功,也有失败;有快乐,也有痛苦;有挣扎,也有恐慌;有怀疑,也有信心;觉得有意义的时候,也有无意义的时候;有时候觉得充满阳光,有时候觉得特别黑暗;有时候觉得前程通达无碍,有时候又觉得万丈深渊。我觉得一个人,必须自信快乐的时候,不能特别傲慢;痛苦的时候,也不能特别绝望,要继续坚持到底。其实人生是一个随缘的路,按照佛经里面讲的,我们的心或者阿赖耶上,存有善和恶业,当然佛教里并没有讲一切都是宿命论,或者依靠业力来支配,因此,自己的创造力和坚持力是分不开的。这是因缘聚合。在这样的过程当中,我觉得不仅仅是你,很多人肯定心里有患得患失,但不管怎么样,我们对人生、对生活、对事业,不能特别地去执著,越执著,不一定越成功。但也不能轻易地放弃,如果放弃了,就会失去很多机会。最后我的建议就是一句话:保持一个平静的心态是最重要的。
选自:全球企业生态论坛演讲2017.9.11

དཔལ་ས་ར་ཧ་པའི་ཞལ་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་གང་ཞིག།དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ།།འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་།།འཁོར་བ་འདིར་གནས་ཐར་བ་ཐོབ་མི་འགྱུར།།ཞེས་གསུངས།
吉祥萨绕哈巴:
远离大悲入空性,依彼不得殊胜道,倘若唯一修大悲,住此轮回不解脱。
吉祥萨绕哈巴:
远离大悲入空性,依彼不得殊胜道,倘若唯一修大悲,住此轮回不解脱。
今天(8月12日23:34至8月13日03:58)将出现日全食。
《功德藏自释》中说:“在这日食和月食发生的特殊时刻,修持善业的福报也会成倍增长。《月亮经》中指出:发生月食时,行善的功德会增长十万倍;发生日食时,则会增长一千万倍。”
值此殊胜之时,愿大家尽力行持善法,至少念1遍《普贤行愿品》、108遍莲师心咒,切勿虚度。

རྗེ་རེ་མདའ་བ་ཆེན་པོའི་ཞལ་ནས།ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེའི་སྲས་རྣམས།།བདག་གི་མདུན་མཁར་མངོན་སུམ་བྱོན་ནས་ནི།།འདི་ལས་གཞན་པའི་ཐར་བའི་ལམ་བསྟན་ཀྱང་།།བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག།ཅེས་གསུངས།
任达瓦大师:
十方诸佛与菩萨,亲住于我前虚空,此外宣说解脱道,我心无动诸朋友。
任达瓦大师:
十方诸佛与菩萨,亲住于我前虚空,此外宣说解脱道,我心无动诸朋友。
16.
●དྲི་བ།:ང་རང་སྔོན་ཆད་ནས་ཚོང་གཉེར་དོ་དམ་པ་ཞིག་བྱེད་འདོད་མོད། འོན་ཀྱང་ཚོང་ལས་གཉེར་ན་མི་དགེ་བའི་ལས་བསགས་སྲིད་པས། ཁྱིམ་པ་ཆོས་ཉམས་ལེན་པས་ཚོང་ལས་གཉེར་ཆོག་གམ།
●ལན།:ནང་ཆོས་ཀྱི་ལུང་གི་སྡེ་ལས། འཇིག་རྟེན་ཁྱིམ་པ་བ་ཞིག་ཡིན་པའི་ཆ་ནས། རྒྱུན་ལྡན་གྱི་ཚོང་ལས་དང་སོ་ནམ་སོགས་གཉེར་ཆོག་པ་གསུངས་ཡོད། དགེ་སྐྱེས་ཀྱི་མདོ་ལས་ཀྱང། ཁྱིམ་པ་རྣམས་ལ། མི་དགེ་བའི་ཆོས་སྤང་བ་དང། དགེ་བའི་ཆོས་ཉམས་སུ་ལེན་པ། དེ་ལ་བརྟེན་ནས་རང་གི་འཚོ་བ་དང་ལས་དོན་གཉེར་དགོས་པར་གསུངས། དེར་བརྟེན། གཞན་ལ་གནོད་པ་མི་བྱེད་པ་གཞིར་བཞག་བྱས་ཏེ། ཁྱིམ་པའི་ཆོས་པ་རྣམས་ཀྱིས་ཀྱང་ཚོང་ལས་གཉེར་ཆོགམདོར་ན། ཅི་ནུས་ཀྱིས་གཞན་ལ་ཕན་འདོགས་པའམ། ཡང་ན་མ་མཐའ་ཡང་གནོད་པ་མི་བྱེད་པའི་རྨང་གཞིའི་སྟེང་དུ། འཇིག་རྟེན་གྱི་ལས་དོན་དག་སྒྲུབ་དགོས།
ཏུང་ཅིན་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2015.11.11
●问:我从过去就想成为一名经营者,但是经商可能会积累恶业,在家修行者能经商吗?
●答:佛教的《阿含经》里说,作为一个世间人,从事正常的经商务农等,都是开许的。《善生经》中,也教诫在家人断除恶法,行持善法,以此经营生活和事业。因此在不损害他人的前提下,在家佛教徒也可以经商,总之要尽量饶益他人,或者至少在不损害他人的前提下,去做世间的工作。
选自:东京大学演讲2015.11.11

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ།།བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་།།བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་།།བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག།ཅེས་གསུངས།
法王晋美彭措:
愿我生生世世中,上师本尊予摄受,自在如海三学德,弘法利生任运成。
法王晋美彭措:
愿我生生世世中,上师本尊予摄受,自在如海三学德,弘法利生任运成。