Skip to content
堪布微博
共收录 14674 条微博 · 导出微博
དགེ་བཤེས་པུ་ཏོ་བའི་ཞལ་ནས།ང་ཚོར་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན།མི་འོས་པ་ཞིག་ན་བ་མིན།ཤི་མི་འོས་པ་ཞིག་ཤི་བ་མིན།ཁ་ཆག་སྣ་རལ་ཡོང་མི་འོས་པ་ཞིག་བྱུང་བ་མིན།ན་རྒྱུ་ཞིག་ན་བ་དང་།ཤི་རྒྱུ་ཞིག་ཤི་བ་ཡིན།།གང་ལྟར་སྐྱེ་རྒ་ན་འཆིའི་སྡིག་བསྔལ་འདི་མ་འོས་པ་ཞིག་གློ་བུར་དུ་ཐོག་ཏུ་བབས་པ་མིན། སྐྱེ་རྒ་ན་འཆི་འདོད་ཀྱི་མི་འདུག་ན་སྐྱེ་བའི་རྒྱུན་གཅོད་དགོས། སྐྱེ་བའི་རྒྱུན་ཆོད་པ་ལ་ཉོན་མོངས་པ་ཟད་དགོས། དེ་ལ་ཉོན་མོངས་དང་འཐབ་དགོས་ཞེས་གསུངས་སོ།
博多瓦格西:
很多事情并不是不该发生,不是不该病的病了、不该死的死了、不该倒霉的倒霉了,而是该病的病了、该死的死了。
生老病死的痛苦,不是不该发生的突然发生了。
若不想生老病死,就要根除“生”。要根除“生”,就要断除烦恼。所以,要与烦恼作战。
仅仅听到上师的名字、在心中忆念上师,或者在梦里见到上师,都会感到无比释然与放松,身心康乐,这正是一切灌顶与加持完全融入相续的时刻。
这样的人即使死了,在中阴阶段也必会与上师相遇,得其引领。
——智悲光尊者《功德藏自释》
21.
●དྲི་བ།:ང་ཚོས་སྨན་བཅོས་ཀྱི་ལག་ལེན་ཁྲོད་དུ། རྒྱུན་དུ་འབུའི་རིགས་ཀྱི་སྨན་རྫས་སྤྱོད་དགོས་འདུགདེ་ནི་སྲོག་ཆགས་གསོན་པོ་བསད་པ་མ་ཡིན། སྨན་སྒྲོམ་གྱི་ནང་དུ་བཞག་ཡོད་པའི་ཤི་ཚར་བའི་ཚེ་སྲོག་རེད། ནད་རིགས་མང་པོ་ཞིག་ལ་གསོ་བཅོས་བྱེད་པའི་སྐབས་སུ། དེ་ལ་ཕན་ནུས་ངེས་ཅན་ཞིག་ཡོད་འདུགངས་ཤེས་འདོད་པ་ནི། འབུའི་རིགས་ཀྱི་སྨན་རྫས་འདི་དག་བེད་སྤྱོད་བྱེད་མི་རུང་བ་ཡིན་ནམ། གལ་ཏེ་བེད་སྤྱད་ན། རྣམ་དག་མ་ཡིན་པ་རེད་དམ།
●ལན།:དོན་དངོས་སུ་མི་གང་འདྲ་ཞིག་ཡིན་རུང་། སྨན་ལ་སློབ་སྦྱོང་བྱེད་ན་འདྲ། རོང་བའི་ལས་ཀ་བྱེད་ན་འདྲ། ཡང་ན་འབྲོག་པའི་ལས་ཀ་སོགས་ཅི་ཞིག་བྱེད་ཀྱང་། ≥ཐམས་ཅད་ཡོངས་སུ་རྣམ་པར་དག་པ་ཞིག་འབྱུང་དགོས་ན།མི་ཡུལ་གྱི་འཇིག་རྟེན་འདིའི་ཁྲོད་དུ་ཧ་ཅང་དཀའ་མོ་རེད།བོད་བརྒྱུད་ནང་བསྟན་ལ་ཚོགས་དྲུག་རང་གྲོལ་ཞེས་པའི་མཁས་པ་ཞིག་ཡོད།ཁོང་ནི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།ཁོང་གིས།ང་ཚོས་ཟས་གང་འདྲ་ཞིག་ལོངས་སུ་སྤྱོད་པ་དང་།འཚོ་བ་གང་འདྲ་ཞིག་རོལ་ཡང་།དེ་དག་གི་ནང་དུ་སྡིིག་པ་ཅི་རིགས་ཤིག་འདྲེས་ཡོད་པར་གསུངས།ནང་ཆོས་ཀྱི་ལས་རྒྱུ་འབྲས་ཀྱི་ལྟ་བའི་ཐད་ནས་བལྟས་ན།དེ་འདྲ་ཞིག་རེད།གལ་ཏེ་དཀར་ཟས་རོལ་མཁན་དག་ལ།སྨན་རྫས་ཀྱི་རིགས་སོགས་མཆོད་པའི་ཚུལ་དུ་ཕུལ་ན།སྨན་རྫས་ཀྱི་ནང་དུ།གཅིག་བྱས་ན་སྲོག་ཆགས་ཀྱི་གྲུབ་ཆ་ཉུང་ཤས་རེ་ཡོད་སྲིད་མོད།འོན་ཀྱང་འདིའི་ཕྱོགས་ནས་ནང་ཆོས་ཀྱི་གཞུང་ལུགས་འགའ་རེའི་ནང་དུ།གལ་ཏེ་ཧ་ཅང་གསལ་ཆ་མེད་པའམ།ཡང་ན་གྲུབ་ཆ་ཉུང་ཤོས་ཙམ་ལས་མེད་ན།དེའི་ཉེས་པ་མི་འབྱུང་བར་གསུངས།ང་ཚོ་བོད་ལུགས་གསོ་རིག་གི་སྨན་ཁ་ཤས་ཀྱང་།སྲོག་ཆགས་ཁ་ཤས་ཀྱིས་ཆེད་དུ་སྡེབ་སྦྱོར་བྱས་ཡོད།བོད་ལུགས་གསོ་རིག་གི་ནང་དུ་སྨན་གྱི་ཆེད་དུ་ཐད་ཀར་སྲོག་གཅོད་པའི་རྣམ་གཞག་མེད།འོན་ཀྱང་སྲོག་ཆགས་ཁ་ཤས་ཤིག་གི་ཤ་དང་།མཆིན་པ། མཚེར་པ། མཁྲིས་པ་ལ་སོགས་པ།འདི་དག་སྨན་གྱི་ནང་དུ་སྡེབ་སྦྱོར་བྱས་ཏེ་སྨན་རིལ་བཟོས་ནས།རབ་བྱུང་དང་ཁྱིམ་པ་རྣམས་ལ་སྦྱིན་ན་ཟ་ཆོག་པ་ཡིན།དེའི་ཕྱིར་སྨན་རྫས་ཀྱི་ནང་དུ།སྲོག་ཆགས་ཀྱི་གྲུབ་ཆ་ཉུང་ཤོས་ཤིག་ཡོད་རུང་།དེ་ནི་ཤ་ཟོས་པ་ལ་བརྩི་རྒྱུ་མེད།
པེ་ཅིན་རྒྱ་སྨན་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:我们在临床当中,经常使用一些虫类的药物,但不是杀活的,是放在药柜里,已经死亡的生命。在治疗很多疾病的时候,它确实有一定的疗效,我想知道的是,这些虫类药是不是不能用?如果用了的话是不是不清净?
●答:实际上,凡是任何一个人,不管是做医学的,做农务的,或者说是做牧民等任何事情。要做到完全清净的话,在人世间当中是很困难的,藏传佛教有一个叫做措智让珠的智者,他是一个特别了不起的大德。他说我们吃任何的粮食,享受任何的生活,这里面都有一些罪业的成分,从佛教的因果论角度看来是这样的。所以在吃素的人面前,如果供养一些药物,药物当中可能有少量成分的动物的肉,但是这方面,在佛教的有些经典中来讲,如果没有特别明显,或者说很少量的成分,那么没有这个过失。甚至藏医当中,也有一些药专门是用一些动物配成的,藏医里没有为了药物直接杀生的理论,但是有些动物的肉,包括肝、脾、胆,把这些配成药,做成药丸,是可以给出家人和在家人食用的,所以在药物里面,有少量的这种成分,这个不应该算是吃肉。
选自:北京中医药大学演讲2017.06.10
人与人之间的沟通,常常是自己觉得自己对,对方觉得对方对。彼此的认知一旦错位,就容易产生误解,甚至变成争吵。

这时候,最好的方式,不是急着争谁对谁错,而是先反观自己。看见自己的局限,也试着理解对方的立场。少一点指责,多一点觉察。
དཔལ་སྤྲུལ་རིན་པོ་ཆེས།རྒན་པོའི་སློབ་གཉེར་གཞོན་ནུའི་ཉམས་ལེན་འདི།།བསྟན་དང་འགྲོ་བའི་དོན་དུ་འགྱུར་དཀའ་བས།།ཞེས་གསུངས།
华智仁波切:
年老闻思年轻修行法,难以成办弘法利生事。
今天是教师节。举头望明日,低头思上师。愿所有老师节日快乐,也愿所有人都能铭记师恩——若能不忘师恩,不管你在哪儿,上师都未曾远离。喇嘛钦!
ཉམས་མྱོང་རྒན་པོའི་འབེལ་གཏམ་ལས།གཞོན་དུས་རྐང་ཞིག་འཛུག་ཐུབ་ན།།རྒས་ཀྱང་ལག་ལེན་སླ་ཚོད་རེད།།ཆོས་ཀྱི་གནད་ཅིག་གོ་བྱུང་ན།།ཅི་བྱས་ཆོས་སུ་འགྲོ་ཚོད་རེད།།ཅེས་གསུངས།
《经验老人漫谈》:
若年轻时打好佛法基础,年迈时修行则很容易。若懂得一切佛法要义,所作则成为修行正法。
如果不认识心性,就算忙于再多善事,也只是半个佛教徒。
我们总是“想要修”,但从来没有“正在修”。对有些人来说,“想要修”和“正在修”之间的距离,可能是一生。
20.
●དྲི་བ།:ངས་རང་ཉིད་ལ་འཕྲད་པའི། དངོས་ཡོད་ཀྱི་གནད་དོན་ཞིག་འདྲི་རྒྱུ་ཡིན། ང་རང་བོད་ལྗོངས་ནས་ཡོང་བ་ཡིན། ད་ལྟ་སློར་གཉེར་གྱི་ཐད་དུ་ཧ་ཅང་བློ་རྨོངས་པར་འདུགས་ཕྱོགས་འདིའི་སློབ་སྦྱོང་གི་ཁོར་ཡུག་ལ་ཡང་མི་འཕྲོད་པས། འདིའི་སྐབས་སུ་སེམས་ཁམས་ཅི་འདྲ་ཞིག་གི་ངང་ནས། སློབ་སྦྱོང་བྱེད་དགོས་སམ།
●ལན།:སློབ་སྦྱོང་བྱེད་རྒྱུའི་ཐད་ནས། སློབ་ཆེན་སློབ་མ་ཚོར་དངོས་གནས་གནོན་ཤུགས་ཆེན་པོ་འདུགའོན་ཀྱང་ངའི་རེ་བ་ནི། སློབ་ཆེན་སློབ་མ་ཞིག་ཡིན་པའི་ཆ་ནས། སློབ་ཆེན་འགྲིམ་པའི་སྐབས་སུ་ནུས་ཤུགས་ཅི་ཡོད་འདོན་དགོས། རང་གི་དུས་ཚོད་དང་ནུས་ཤུགས་ཡོད་ཚད། སློབ་སྦྱོང་གི་སྟེང་དུ་བཀོལ་དགོས་པ་ལས། གཞན་བྱ་བ་རྣམ་པ་སྣ་ཚོགས་ཀྱི་སྟེང་དུ་བཀོལ་མི་རུང་། ངས་བསམས་ན་སློབ་ཆེན་འགྲིམ་པའི་སྐབས་སུ། ལས་གཏོད་བྱེད་རྒྱུ་མི་གཙོ། ཁྱིམ་ཚང་ལ་སེམས་ཁུར་བྱེད་རྒྱུ་མི་གཙོ། དགའ་གྲོགས་སྒྲིག་རྒྱུའང་མི་གཙོ། དཔེར་ན་ཨ་རིའི་སློབ་གྲྭ་འགའ་རེ་ལ་མཚོན་ན། ང་རང་དེར་སོང་རྗེས་ཚོར་སྣང་མི་འདྲ་བ་ཞིག་སྐྱེས་སོང་། གུང་ཟས་ཀྱི་དུས་སུ། སློབ་མ་ཚོས་རྗེན་ཐོ་གཅིག་གམ་ཡང་ན་སོབ་གོར་རེ་ཁྱེར་ནས། ཟ་མ་ཧ་ཅང་སྟབས་བདེ་ཞིག་ཟ་བཞིན་འདུགཁོང་ཚོས་དུས་ཚོད་ཡོད་ཚད་བེད་སྤྱོད་བཏང་ནས། དཔེ་ཆ་བལྟ་ཞོར་སློབ་སྦྱོང་བྱེད་ཀྱིན་འདུགསློབ་སྦྱོང་གི་གནོན་ཤུགས་ཀྱང་ཧ་ཅང་ཆེན་པོ་འདུགསྤྱིར་བཏང་སློབ་གཉེར་བྱེད་པའི་རིང་ལ། སློབ་མ་ཞིག་ལ་མཚོན་ན། གནོན་ཤུགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་བཟང་བ་རེད། སྐབས་རེར་གནོན་ཤུགས་ཆེ་བའི་སྐབས་སུ། རང་ཉིད་ལ་བཟོད་མི་ནུས་པའི་སྡུག་བསྔལ་ཡོད་སྲིད་ལ། འོན་འོན་ཀྱང་གནོན་ཤུགས་འདི་དག་ནི། འཇིག་རྟེན་གྱི་གནོན་ཤུགས་གཞན་དང་མི་འདྲ་སྟེ། སྤྱི་ཚོགས་སྟེང་དུ་དུ་སླེབས་དུས་ཁྱེད་ཚོའི་གནོན་ཤུགས་དེ་བས་ཀྱང་ཆེ་སྲིད། གོང་རིམ་ལ་གུས་ཞབས་དང་། ལས་གྲོགས་བར་གྱི་འབྲེལ་བ། རང་དང་ཕ་མའི་བར་གྱི་འབྲེལ་བ། བུ་ཕྲུག་ལ་བདག་གཉེར་བྱེད་རྒྱུ། ད་དུང་རང་གི་རྗེས་མའི་ལས་དོན་དང་མ་འོངས་པའི་མདུན་ལམ། འདི་དག་ནི་གནོན་ཤུགས་ངོ་མ་དེ་རེད། ངས་བསམས་ན་ང་ཚོ་བོད་ཀྱི་སློབ་མ་ཚོ། འདིར་ཡོང་ཐུབ་པ་དེ་ལས་སླ་མོ་ཞིག་མིན་པས། ངས་རེ་བ་ཡིན་ན་ཁྱོད་རྣམ་པས་རང་གི་ཕ་སྐད་དང་མ་ཡིག་མི་འདོར་རྒྱུ་དེ་ཡིན། ངས་མཐོང་མྱོང་བའི་བོད་པའི་སློབ་མ་ཁ་ཤས་ཤིག་རྒྱ་ནག་ཏུ་སོང་རྗེས། རང་གི་སྐད་དང་ཡི་གེ་ཕལ་ཆེར་བརྗེད་ཚར་འདུགའདི་ནི་ཤིན་ཏུ་ཡིད་ཕངས་དགོས་པའི་གནས་ཚུལ་ཞིག་རེད།ད་དུང་བདག་ཅག་བོད་པ་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་རང་གི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་དགོས། དེང་སང་རྒྱལ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་བཞིན་ཡོད་ན། ང་ཚོ་བོད་པའི་ན་གཞོན་དག་གིས། དེ་ལས་ཀྱང་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས། འདི་ནི་ཤིན་ཏུ་གལ་ཆེན་བ་ཡིན།
སུའུ་ཀྲོའུ་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2016.11.20
●问:我问一个自己面临的,很实际的一个问题。我是来自西藏的,现在在学业方面特别迷茫,不适应这边的学习环境。这种时候要保持怎样的心态,去面对学习呢?
●答:关于学习,大学生确实有很多压力。但是我希望,作为一个大学生,在大学期间要全力以赴,把自己所有的时间和精力全部用在学习上,而不应该用在其他各种各样的事情上。我觉得在大学期间,创业不重要,关心家庭不重要,谈恋爱也不重要。比如一些美国的学校,我去了以后特别有感受。午餐的时候,学生们拿着一个馒头或者一片面包,吃得非常简单。他们利用所有的时间,边看书边学习,而且学习压力特别大。其实在学习期间,对学生来讲,压力越大越好。虽然压力大的时候,可能要面临难以忍受的痛苦,但是这这些压力不像世间其他的压力。到了社会,你们的压力才会更大:对上级的尊重,同事之间的人际关系,自己和父母的关系,对于孩子的照顾,还有自己以后的创业和未来,这些才是真正的压力。我觉得我们藏地的学生,来到这里很不容易。因此我希望,你们不要放弃自己的母语和文字。我看到有些藏族学生到了汉地以后,几乎忘记了自己的语言和文字,这是特别可惜的。还有,我们作为藏族人,一定要保护自己的传统文化和佛教思想。现在国内外的很多学者,都在学习藏传佛教,那我们藏地的孩子们,就更要学习和研究藏传佛教。这一点非常重要。
选自:苏州大学演讲 2016.11.20
心能作佛,心作众生;心作天堂,心作地狱。
——《万善同归集》
མཁན་ཏེ་པ་རིན་པོ་ཆེས།ས་གར་སོང་བདེ་བའི་རྐྱེན་དུ་སྣང་།།མི་སུ་འཕྲད་མཐུན་པའི་བཤེས་དང་གཉེན།།ཡུལ་གང་ཐོན་སྐྱིད་པའི་ཕ་ཡུལ་དངོས།།དེ་སྐྱབས་གནས་བརྩན་པའི་ཐུགས་རྗེ་ལགས།།ཞེས་གསུངས།
堪布德巴仁波切:
去于何处快乐因,见于何人善知识,住于何处快乐乡,此乃三宝之加持。
མཁན་ཏེ་པ་རིན་པོ་ཆེས།ས་གར་སོང་བདེ་བའི་རྐྱེན་དུ་སྣང་།།མི་སུ་འཕྲད་མཐུན་པའི་བཤེས་དང་གཉེན།།ཡུལ་གང་ཐོན་སྐྱིད་པའི་ཕ་ཡུལ་དངོས།།དེ་སྐྱབས་གནས་བརྩན་པའི་ཐུགས་རྗེ་ལགས།།ཞེས་གསུངས།
堪布德巴仁波切:
去于何处快乐因,见于何人善知识,住于何处快乐乡,此乃三宝之加持。
秋天的高原
19.
●དྲི་བ།:ང་ཚོས་བརྙན་འཕྲིན་དང་ལག་འཕྲིན་སོགས་ཁ་ཕྱེ་བའི་ཚེ་ན། འཛམ་གླིང་གི་ས་ཕྱོགས་སོ་སོར་དུས་དང་རྣམ་པ་ཀུན་ཏུ། རང་བྱུང་གི་གནོད་འཚེ་དང་མིས་བཟོས་ཆག་སྒོ་སྣ་ཚོགས་འབྱུང་བཞིན་པ་མཐོང་ལ། འདིས་རང་ལ་ཚེ་སྲོག་ཉམ་ཐག་པ་ཞིག་རེད་སྙམ་པའི་ཚོར་བ་སྟེར་སྲིད། དེས་ན་སྣང་ཚུལ་འདི་འདྲར་ཇི་ལྟར་གདོང་གཏད་དགོས་སམ།
●ལན།:མིའི་ཚེ་སྲོག་ནི་དངོས་ནས་ཤིན་ཏུ་ཉམ་ཐག་པ་ཡིན། རླངས་འཁོར་དང་གནམ་གྲུར་སྡོད་པའམ་ལམ་དུ་འགྲོ་བཞིན་པའི་སྐབས་སུའང་། གློ་བུར་དུ་གནོད་འཚེའམ་ཉེན་ཁ་དང་འཕྲད་སྲིད། སྐར་མ་གཅིག་གི་སྔོན་དུ་མི་ཡུལ་དུ་ཡོད་ཀྱང་། སྐར་མ་གཅིག་གི་རྗེས་སུ་འཆི་བདག་གི་ལག་ཏུ་ཚུད་འགྲོ། དེའི་ཕྱིར་ན། ནང་ཆོས་ལས་རྒྱུན་དུ་མི་རྣམས་ལ་འཆི་བ་མི་རྟག་པ་བསྒོམ་པར་གདམས་པ་ཡིན། དུས་རྟག་ཏུ་འདི་ལྟར་བསམ་དགོས་ཏེ། སྐད་ཅིག་རེ་རེ་ཡང་ཚེ་སྲོག་གི་མཐའ་མ་ཡིན་སྲིད་པས། གསོན་པའི་ཚེ་ན་བསྒྲུབ་འོས་པའི་བྱ་བ་དག་ཅི་ནུས་ཀྱིས་བསྒྲུབ་པ་དང་། ནམ་ཞིག་འཆི་བ་ཐོག་ཏུ་བབས་ན་ཡང་། སེམས་ལ་གྲ་སྒྲིག་ངེས་ཅན་ཞིག་ཡོད་དགོས། མི་རྟག་པར་གདོང་ལེན་བྱེད་པའི་ཐད་ནས། གལ་ཏེ་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན། ལྷག་ཏུ་བཟང་བར་སྙམ།
ཨོ་ཁི་ལེན་ཌི་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2014.10.04
●问:每当我们打开电视或手机,就会看到世界各地每时每刻都在发生各种自然灾害或人为事故,这让人感觉生命如此脆弱。请问该如何面对这种现象?

●答:人的生命确实非常脆弱。不论乘车、坐飞机还是走在路上,都有可能突然遭遇危难。前一分钟还在人间,后一分钟就命丧黄泉。所以,佛教经常教导人观修死亡无常。要常常想到:每时每刻都可能是生命的最后一刻,活着时该做的事应该尽量做,而一旦死亡降临,也有一定的心理准备。应对无常方面,如果进行一些系统学习,会更好。
选自:奥克兰大学演讲2014.10.04
许多人担心散心念佛会有过失,便索性不念。其实,散心念,也比不念好得多。《法华经》云:“若人散乱心,入于塔庙中,一称南无佛,皆已成佛道。”
行住坐卧间,开车可念,走路可念,做家务也可念。心或许散乱,功德却不空耗。如古德所言:“宁可散心念,莫放口头空。 念念相续,便与佛不远。”
明天(8月28日)上午 09:23-下午 15:02有月食,大家别忘了多行善法!
གཎྜིའི་མདོ་ལས།དམ་ཆོས་བསྟན་པའི་དུས་བསྟན་ཕྱིར།།རྔའམ་གཎྚི་བརྡུངས་བའི་སྒྲ།།ཐོས་པས་བྱང་ཆུབ་འཐོབ་འགྱུར་ན།།ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས།།ཞེས་གསུངས།
《犍椎经》:
为示讲法时,击鼓敲犍椎,闻声获解脱,何况去听闻?
今天再来一组~
ཀ་མ་བའི་ཞལ་ནས།ད་ལྟ་འཆི་བས་འཇིགས་པ་ཞིག་དགོས།འཆི་ཁར་མི་འཚེར་བ་ཞིག་དགོས་པ་ལ།འོ་སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས།འཆི་ཁར་བྲང་ལ་སེན་མོ་འདེབས།ཞེས་གསུངས།
噶玛瓦尊者:
现在须畏死,如此临终则无惧。我等与此相反,现在无畏死,至临终时,用手抓胸。
有人看到的是花,有人看到的是心。分享一组喇荣的花,愿见者生喜。
回到老家小时候经常玩儿水的湖边去休息了两个小时,看看湖里的鱼和鸟。回忆起童年的时光,满满的无常感扑面而来。
18.
●དྲི་བ།:མཁན་པོ་ལགས་སྐུ་ཁམས་བཟང་། དངོས་པོ་མང་པོ་ཞིགང་ཚོ་ཚང་མས་ད་ལྟ་རེ་སྙེག་བྱེད་བཞིན་ཡོད། རང་གི་འཚོ་བར་འགྱུར་ལྡོག་གཏོང་འདོད་དང་། ཡང་ན་བྱ་བ་ལ་འགྱུར་ལྡོག་འབྱུང་བའི་རེ་བའང་ཡོད། འོན་ཀྱང་རེ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོར་རྒྱུན་དུ་འདོད་པ་ཐོག་ཏུ་མི་ཁེལ་བའི་གནས་ཚུལ་དང་འཕྲད་སྲིད་པས། མཁན་པོ་ལགས་ཀྱིས་འདིའི་སྐོར་ལ་མཛུབ་སྟོན་ཞིག་གནང་རོགས་ཞུ།
●ལན།:ངས་བསམས་ན་འཚོ་བའི་ཆེད་དུ་རེ་སྙེག་བྱེད་པ་དེ། ཚང་མར་དགོས་རྒྱུ་ཞིག་རེད། ཆེས་ཕུན་སུམ་ཚོགས་པ་ཞིག་ལ་རེ་མི་རུང་ཡང་། རེ་སྙེག་གི་འདུན་པ་དེ་ཡོད་དགོས། དཔེར་ན་ང་རང་གིས་སྒོར་མོ་བཙལ་འདོད་དུས། དང་ཐོག་ནས་མཇུག་འབྲས་ངན་པ་ཞིག་གྲ་སྒྲིག་བྱེད་དགོས་ལ། རེ་བ་ལེགས་པོ་ཞིག་ཀྱང་བཅང་ཐུབ་དགོས།འདི་གཉིས་ཟུང་དུ་འབྲེལ་ན། ད་གཟོད་ཤེས་རབ་ཅན་གྱི་རེ་སྙེག་ཡིན། གལ་ཏེ་བྱ་བ་ཞིག་མ་འགྲུབ་པའམ་ཕམ་ཉེས་འབྱུང་བའི་ཚེ།རང་གིས་དང་ལེན་བྱེད་ཐུབ་བམ་མི་ཐུབ། ངས་བསམས་ན་འདི་ཧ་ཅང་གལ་ཆེ་བ་ཡིན། དེང་སང་མི་ཁ་ཤས་ཀྱི་སེམས་སུ་གྲ་སྒྲིག་མེད་པར། འཚོ་བར་རེ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྟག་ཏུ་ཕམ་ཉེས་འབྱུང་བ་ཡིན། མི་ལ་རེ་སྙེག་ཡིན་ན་འདྲ། རྒྱུ་རྫས་ལ་རེ་སྙེག་ཡིན་ན་འདྲ། གོ་གནས་ལ་རེ་སྙེག་སོགས་གང་ཡིན་ཡང་། རེ་སྙེག་གི་འདུན་པ་དེ་ཡོད་དགོས།འོན་ཀྱང་འདུན་པ་ལྟར་དུ་ལེགས་འགྲུབ་མ་བྱུང་ན། དང་ལེན་བྱ་ཐུབ་པ་ཞིག་དགོས། གལ་ཏེ་དང་ལེན་བྱེད་མི་ཐུབ་ན། དང་ཐོག་ནས་རེ་སྙེག་མ་བྱེད་ན་དགའ། རྒྱུ་མཚན་ནི་ང་ཚོས་རེ་སྙེག་བྱེད་པའི་འདུན་པ་ཡོད་ཚད། མངོན་འགྱུར་བྱུང་ཐུབ་པའི་ངེས་པ་མེད། རེ་སྙེག་བྱེད་པའི་འདུན་པ་ནི་སེམས་ཤུགས་ཤིག་ཡིན། སེམས་ཤུགས་དེ་མངོན་དུ་འགྱུར་བའི་ལས་འབྲེལ་ཡོད་དམ་མེད། ཧ་ཅང་བརྗོད་དཀའ་མོ་རེད། འཇིག་རྟེན་གྱི་སྟེང་དུ་རེ་སྙེག་གི་འདུན་པ་ཡོད་དགོས། གལ་ཏེ་མེད་ན།ང་ཚོ་ཚང་མ་མི་ཉོབ་ཏོའམ། ཉམས་ཞན། ཡང་ན་ནུས་མེད་ཞིག་ཏུ་འགྱུར་ངེས་ཡིན།
ནན་ཅིན་ཞིང་ལས་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2016.11.19
●问:堪布,您好!我们现在正在追求很多东西,一直希望能够改变我们的生活,或者改变我们的工作,但在追求的过程当中,我们往往会遇到求而不可得的情况。所以想请堪布帮我开解一下。
●答:我觉得,对生活的追求,大家都是需要的。虽然我们不能追求得太完美,但追求的心是需要的。
比如,我想挣钱时,最初就要做最坏的打算,但也要抱有最好的希望,这俩个结合起来,才是智慧的追求。
如果一件事情落空或是失败了,自己能不能承受?我觉得这个很重要,现在有些人没有心理打算,在追求生活的过程当中,往往出现失败。
不管是对人的追求也好,对财物的追求也好,对地位等所有的追求也好,追求是有必要的,但是一旦追求不成功,要承受的了。如果承受不了,最好开始就不要追求,因为我们所追求的目标,不一定都能实现。
追求是一种心力,这种心力到底有没有实现的因缘,是很难说的,在世间当中,需要有追求,如果没有追求,我们都可能变成颓废的、脆弱的无能的人。
选自:南京农业大学演讲2016.11.19
一切法都是无常的,如果你一直试图从不稳固的东西中寻找稳固,就会苦。
ས་སྐྱ་ལེགས་བཤད་ལས།མི་གང་གཞན་དོན་གཙོར་བྱས་ན།།གཡོ་ཅན་རང་དོན་སྒྲུབ་དང་འདྲ།།རང་དོན་འབའ་ཞིག་གཙོར་བྱེད་པ།།གཞན་མགོ་འདོན་ཕྱིར་དྲང་བ་འདྲ།།ཞེས་གསུངས།
《萨迦格言》:
何人利他为重者,倒如狡者为私利,一切利己为重者,倒如利他真诚者。