Skip to content
堪布微博
共收录 14674 条微博 · 导出微博
26.
●དྲི་བ།:ང་ཚོར་རྒྱུན་དུ་འཕྲད་སྲིད་པའི་སྡུག་བསྔལ་དེ་འདྲ། རྟག་ཏུ་འཕྲད་ངེས་ཅན་ཡིན་པས། སྡུག་བསྔལ་གྱིས་དབང་གིས་གཉིད་མི་ཁུག་པའི་སྐབས་སུ།གཉིད་ཁུག་པར་བྱེད་པའི་ཐབས་ཤེས་ཅི་འདྲ་ཡོད།
●ལན།:ཕྱིན་ཆད་ཁྱེད་རྣམ་པ། ལས་ཀ་དང་འཚོ་བའི་ཁྲོད་དུ། གཉིད་མི་ཁུག་པའི་གནས་ཚུལ་རྒྱུན་དུ་འབྱུང་སྲིད་པ་ཡིན། ནུབ་ཕྱོགས་པ་མང་པོ་ཞིགམི་རྒྱུ་ཆེན་དང་གོ་གནས་ཅན་ཡིན་རུང་། ཉིན་ལྟར་ཉལ་ཁར་གཉིད་སྨན་ཟ་དགོས་འདུགགཉིད་སྨན་ཟོས་རྗེས་གཟོད་གཉིད་ཁུག་པ། དེ་འདྲའི་སྣང་ཚུལ་ཧ་ཅང་མང་པོ་རེད། ནང་བསྟན་ཆོས་ལུགས་ལ་ཐབས་ཤེས་ཤིག་ཡོད་དེ། གཉིད་མི་ཁུག་པའི་སྐབས་སུ། ཁྱེད་ཀྱིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་བསྒོམ་པའམ། ཡང་ན་ཁྱེད་རང་ཞེན་ཞིང་ཆགས་པའི་དོན་རྣམས། ཐམས་ཅད་ཡོངས་སུ་སྤངས་ནས། རང་གི་མལ་སྟན་སྟེང་དུ་སྐར་མ་བཅུ་ནས་ཉི་ཤུའི་རིང་ལ་སྒོམ་དགོས། སྒོམ་དུས་ཅི་ལའང་འཛིན་པ་མེད་པར། རང་གི་སེམས་དེ།རྣམ་པར་དག་པ་དང་ཞི་བ། ཤིན་ཏུ་དུལ་བའི་ངང་དུ་གནས་དགོས། དེའི་སྐབས་སུ་ཉལ་བཞག་ན། ཆེས་ཡག་ཤོས་ཡིན། ང་རང་ཡང་རྒྱུན་དུ་མཚམས་རེར་ལུས་ཁམས་མི་བདེ་བ་དང་། མཚམས་རེར་དོན་དག་ཁ་ཤས་ཤིག་གིས་རྐྱེན་གྱིས། སེམས་ཁྲལ་ཡོད་འདུགཡང་མཚམས་རེར་སེམས་འུར་ཆེ་བ་སྟེ། དཔེར་ན་དེ་རིང་ངས། དོན་དག་འདི་དང་འདི་ལྟ་བུ་ཞིག་བསྒྲུབ་དགོས་ན། དོན་དེ། ངའི་ཀླད་པའི་ནང་དུ་ཡང་ཡང་འཆར་བཞིན་འདུག་པས།སྐབས་དེར། ངས་དོན་དག་དེ་དག་ཡོངས་སུ་དོར་ནས། བསམ་གཏན་སྒོམ་དུས། སེམས་ཡོངས་སུ་ལྷོད་པོའམ་རྣམ་པར་དག་པ་ཞིག་ཏུ་འགྱུར་ཐུབ་པ་ཡིན། དེ་རྗེས་རང་གི་སེམས་དེ་འོད་གསལ་ཞིག་གི་ཀློང་དུའམ། ཡང་ན་སངས་རྒྱས་ཀྱི་སྐུའི་འོད་སྣང་ཞིག་གི་ངང་དུ་བཞག་ནས་ཉལ་ན། མྱུར་དུ་གཉིད་ཁུག་ཐུབ་པ་ཡིན།
ཤ་མེན་ཅཱ་ཀིན་སློབ་གླིང་་གྱི་འཆད་འཁྲིད་ལས་བཏུས།།
●问:我们平时遇到的那种痛苦,肯定会经常发生,当痛苦到睡不着的时候,有什么办法让自己睡着呢?
●答:以后,你们可能在工作和生活当中,经常有睡不着的情况,很多西方人,无论有钱还是有地位,天天睡前都要吃安眠药,吃安眠药以后才睡得着,这样的现象非常多。佛教有一种方法,如果睡不着的时候,你就可以思维释迦牟尼佛的佛像;或者你对比较执著的问题,全部都要放下,在床上参禅,大概10到20分钟,参禅时什么都不执著,让自心处于一种清净、宁静,调柔的状态,在这个时候睡的话,是最好的。我有时候身体不好,有时候因为一些事情比较焦虑,有时候又比较激动:比如我今天要做个什么事情的话,那这件事情,一直在我脑海里面出现,那个时候我就把所有事情,全部放下来,开始参禅。心就能完全放松清净下来,然后自心在一种光明当中,或者一种佛光当中安住时,很快就能睡着。
选自:厦门大学嘉庚学院演讲2012.02.233
མྱང་འདས་ཆེན་པོ་ལས།ང་མྱང་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོའདི་ཐོས་ནས་དད་པའི་སེམས་སྐྱེས་ན།དེ་མ་འོངས་བའ་ི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ།ཞེས་སོ།
《大涅槃经》:
“应当了知,我涅槃后,若有人听闻甚深大乘典籍,并对其生信,未来千百万劫不堕恶趣。”
བཞི་བརྒྱ་པར།རིན་ཆེན་རང་བཞིན་མཆོད་རྟེན་ནི།།འཇིག་རྟེན་སྙེད་མཐོ་འགའ་བྱས་པ།།དེ་བས་སེམས་ཅན་གཅིག་འདུལ་བ།།མཆོག་ཏུ་སྤྲས་པར་བརྗོད་པ་ཡིན།།ཞེས་གསུངས།
《四百论》:
调伏一个众生令其发菩提心,其功德远远超过修造这世上最高的珍宝塔。
学空性,最怕落入断灭见:以为一切都要放下,什么都不必做。
如此执著“空”,比执著“有”更危险。
今天起,进入藏历火马年天降月(10月11日—11月9日)。11月1日为天降日。
这个月极为殊胜,行善的功德会增上很多倍,造恶的过患也会成倍增长。
因此,大家一定要谨慎取舍,断恶行善,千万不要空过。哪怕只念一句佛号、诵一遍《普贤行愿品》、供一盏灯、放一条生命、对他人说一句柔软语,也有不可思议的功德。
我我我,是一切痛苦的根源。
他他他,是一切快乐的根源。
哈哈~
25
●དྲི་བ།:ང་ཚོར་གདམ་གསེས་བྱེད་དགོས་པའི་གནས་ཚུལ་མང་པོ་དང་འཕྲད་སྲིད་ལ།དེའི་ནང་དུ་བསམ་བློའི་ཁྱེར་སྟངས་མི་འདྲ་བ་དང་། རིན་ཐང་གི་ལྟ་བ་མི་འདྲ་བ་སོགས་གནས་ཚུལ་སྣ་ཚོགས་ཡོད་པས།འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་ཡིན་རུང་། འདིའི་ཐད་ནས་ང་ཚོས་གཞི་འཛིན་ས་གང་འདྲ་ཞིག་ལ་བརྟེན་ན། ད་གཟོད་ལམ་མ་ནོར་བ་ཞིག་གི་སྟེང་དུ་བགྲོད་ཐུབ་པ་ཡིན།
●ལན།:མི་ཚེའི་བརྒྱུད་རིམ་ཁྲོད་དུ། གཞོན་ནུ་མི་ཉུང་བ་ཞིག་ལ།གདམ་ཀ་སྣ་ཚོགས་དང་འཕྲད་སྲིད། གདམ་ཀ་དེ་དག་ཐག་མི་ཆོད་པའི་སྐབས་སུ། དེང་སང་མི་མང་པོ་ཞིག་གི་ཐབས་ལམ་གཅིག་པུ་ནི། དྲ་བར་ཞུགས་ནས། མི་གཞན་གྱིས་དེ་ལ་གདེང་འཇོག་ཅི་ཙམ་བྱེད་ཀྱིན་ཡོད་པ་དེ་ཡིན། དེའང་ཐབས་ཤེས་ཤིག་རེད་མོད། འོན་ཀྱང་ངས་བསམས་ན། ང་ཚོ་བློ་རྨོངས་པའི་དུས་དང་། མི་ཚེའི་བཞི་མདོར་སླེབས་པའི་སྐབས་སུ། རབ་ན་ཉམས་མྱོང་ཅན་གྱི་མི་ཁ་ཤས་ལ་བློ་འདྲི་བ་སྟེ། རང་གི་དགེ་རྒན་ཡིན་ན་འདྲ། ཕ་མ་ཡིན་ནའང་འདྲ། ཁོང་རྣམ་པའི་བསམ་འཆར་ནི་ཤིན་ཏུ་གལ་ཆེ། ང་རང་ཉིད་ལ་མཚོན་ན། རབ་ཏུ་བྱུང་བ་དང་དཔེ་ཆ་ཀློག་པ་སོགས་དོན་མང་པོ་ཞིགགལ་ཏེ་སྔོན་ཆད་རང་ཉིད་ཀྱི་བསམ་ཚུལ་དང་བསྟུན་ཡོད་ན། ད་ལྟ་སློབ་སྦྱོང་བྱེད་པའི་གོ་སྐབས་འདི་འདྲ་ཞིག་ཡོད་མི་སྲིད། རབ་ཏུ་བྱུང་བའི་སྐབས་སུ་སློབ་དཔོན་ཞིག་གིས། ང་རང་ལྔ་རིག་ནང་བསྟན་སློབ་གླིང་དུ་འགྲོ་རུ་བཅུགཁོང་གི་ཚིག་གཅིག་གིས་ངའི་མི་ཚེ་ལ་འགྱུར་བ་བཏང་། གལ་ཏེ་དེ་ལྟར་མིན་ན། ང་ལ་འདི་འདྲའི་ཐོས་བསམ་བྱེད་པའི་གོ་སྐབས་ཞིག་མེད་ནའང་ཐང་། དེའི་ཕྱིར་ངའི་རེ་བ་ནི། ན་གཞོན་མང་པོ་ཞིག་བློ་རྨོངས་པའི་ཚེ། རང་གི་ཕ་མ་དང་དགེ་རྒན། དེ་མིན་ཉམས་མྱོང་ཅན་དང་ཤེས་རབ་ཅན་གྱི་མི་རྣམས་ལ་བློ་འདྲི་རྒྱུ་དེ་ཡིན། འདི་ཧ་ཅང་གལ་ཆེ་བ་ཡིན།
ནན་ཅིན་ཞིང་ལས་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:我们会面临很多的选择,包括很多思想多元化价值观、多元化之类的,不管是世间还是出世间,这方面都需要参考。按照怎样的一个标准去,才能确保我们踏上一个正确的道路。
●答:在人生的过程当中,可能很多年轻人会面临不同的选择,在无法抉择的时候,现在很多人唯一的方法,就是上网来看看别人对这个事情的评价怎么样。这个也是一种方法。但我觉得,大家在迷茫,或是处于人生十字路口的时候,最好是问一些有经验的人,老师也好,父母也好,他们的建议是很重要的。就我自己而言,出家、读书、很多事情,如果按当时的想法去做的话,就不可能有现在的这种学习机会了。出家的时候,有一个老师,他让我去佛学院,他的一句话改变了我的一生,如果不是那样的话,我可能就没有这种闻思的机会了。因此我希望,很多年轻人在迷茫的时候,询问自己的父母老师,和一些有经验,有智慧的人。这是非常重要的。
选自:南京农业大学演讲2016.11.19
མཁས་དབང་དགེ་ཆོས་ཀྱིས།ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།།དབུལ་བོ་དབུལ་པོའི་ས་ནས་སྨྲེ་སྔགས་འདོན།།མི་རེ་སེམས་ལ་སྡུག་བསྔལ་ཁུར་བོ་རེ།།འཁོར་བའི་གནས་ན་བདེ་བའི་སྐབས་མི་མཆིས།།ཞེས་སོ།
根登群佩:
富人有富人的哭泣,穷人有穷人的哀嚎,人人都背着痛苦包袱,轮回之中难觅快乐。
送给你一尊最庄严的释迦牟尼佛像。
ཨོ་རྒྱན་ཆེན་པོས།ཆོས་ལ་ཕྱི་བཤོལ་མ་བྱེད་རྗེ་འབངས་རྣམས།།སྙིང་རུས་མ་ཆུང་སྒྲུབ་ལ་རེམ་པར་གྱིས།།ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན།ཞེས་གསུངས།
莲花生大士:
诸弟子对修法切莫拖延,应以大精进来修行,遇法如百日一餐极难得。
24.
●དྲི་བ།:སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་དགོས་ན། ཐབས་གང་འདྲ་བྱས་ན་ད་གཟོད་འགྲུབ་ཐུབ། དཔེར་ན་ལག་འཕྲིན་ཁ་པར་ནང་དུ་བོད་ཡིག་ཡོད་པ་ལྟ་བུ། ངས་བསམས་ན་འདི་ནི་ཧ་ཅང་ཡག་པོ་རེད། མཁན་པོ་ལགས་ལ་དེའི་ཐད་ཀྱི་དགོངས་ཚུལ་གང་འདྲ་ཡོད།
●ལན།:སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་འདི་གཉིས་ལ།གལ་ཏེ་གཅིག་ཡོད་ན་ཅིག་ཤོས་མེད་པར་འགྱུར་བའི་གནས་ཚུལ་བྱུང་ན། དེ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། དངོས་གནས་དེང་རབས་བཟོ་རྩལ་དང་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ནི། མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་མཐོ་ཚད་དུ་སླེབས་ཡོད་མོད། འོན་ཀྱང་མི་སྒེར་གྱི་བདེ་སྐྱིད་མཚོན་གྲངས་ཀྱི་ཆ་ནས་བཤད་ན། མི་རྣམས་ལ་སྡུག་བསྔལ་ཡང་སྔར་བྱུང་མ་མྱོང་བ་ལྟ་བུ་ཞིག་འབྱུང་བཞིན་འདུགའདི་ནི་གཙོ་བོ་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་གཉིས་ཆ་མི་སྙོམས་པ་ལས། བྱུང་བའི་མཇུག་འབྲས་དམིགས་བསལ་བ་ཞིག་རེད། ན་གཞོན་མང་པོ་ཞིག་གིས་ད་དུང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ངོས་ཟིན་ཀྱིན་མི་འདུག་པས། ཐོག་མར་རིག་གནས་འདི་དག་གི་རིན་ཐང་ངོས་ཟིན་དགོས་པ་ཡིན། གཉིས་པ་དེང་རབས་དཔལ་ཡོན་གྱི་ཁྲོད་དུ། སེམས་རྣམ་པར་གཡེང་བྱེད་ཀྱི་གཏམ་བཤད་དང་རྒྱུ་ཆས་སོགས་རྒྱུ་རྐྱེན་མང་པོ་ཡོད་པས། དེ་དག་གི་ཉེས་དམིགས་ངེས་པར་དུ་ཤེས་དགོས། གསུམ་པ་ཐབས་དང་ཤེས་རབ་ལ་བརྟེན་ནས། སྲོལ་རྒྱུན་མི་ཉམས་པའི་གཞི་རྩའི་སྟེང་དུ། དེང་རབས་ཚན་རིག་ཚུལ་མཐུན་གྱིས་བེད་སྤྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལག་འཕྲིན་ཁ་པར་ལ་དཔེར་བཞག་ན། རྙིང་ཞེན་ཆེ་བའི་བླ་མ་འགའ་རེས། ལག་འཕྲིན་ཁ་པར་ནང་དུ་ཆོས་བཀླགས་ན་ཡང་ཧ་ཅང་མི་ལེགས་པར་སྙམ་མོད། དེ་འདྲའི་བསམ་ཚུལ་དེ་གུ་དོག་དྲག་པས་དགོས་དོན་མི་འདུགདེང་སང་བོད་ཡུལ་གྱི་བླ་མ་མང་པོས་ཀྱང་ཆོས་ཁྲིད་གསུང་སྐབས། རྩིས་འཕྲུལ་དང་ལག་འཕྲིན་སོགས་བེད་སྤྱོད་བྱེད་ཀྱིན་ཡོད་པས། དེ་ལ་མཐའ་གཅིག་ཏུ་དགག་པ་དང་ངོ་རྒོལ།དང་ལེན་མི་བྱེད་པའི་དགོས་པ་མི་འདུགཆེས་གལ་ཆེ་བ་ནི་སྲོལ་རྒྱུན་རིག་གནས་དེ་རྒྱུད་འཛིན་བྱ་དགོས་པ་ཡིན། དེ་ལ་མཐའ་གཅིག་ཏུ་དགག་པ་བཏང་བཞག་ནའང་མི་འགྲིག་པས།སྲོལ་རྒྱུན་རིག་གནས་ལ་གནོད་སྐྱོན་མེད་པའི་རྨང་གཞིའི་ཐོག་ཏུ། དེང་རབས་ཚན་རིག་བེད་སྤྱད་དེ་དོན་ལྡན་གྱི་བྱ་བ་སྒྲུབ་རྒྱུ་དེ་ཧ་ཅང་བཟང་བ་ཡིན། དེང་སང་མི་མང་པོ་ཞིག་གིས་དེང་རབས་ཚན་རྩལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱིན་འདུགགལ་ཏེ་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་ཐུབ་ན། དེ་ནི་གཤོག་ཟུང་ལྡན་པའི་འདབ་ཆགས་ཀྱིས་ནམ་འཕང་གཅོད་པར་ལྟར་དཀའ་བ་མེད། གལ་ཏེ་ཤེས་རབ་དང་ཐབས་ཤེས་ལ་མ་བརྟེན་ན། སྲོལ་རྒྱུན་རིག་གནས་ཉམས་རྒུད་དུ་འགྲོ་བ་ཧ་ཅང་མྱུར་བས། ཚུལ་འདི་ལྟར་མུ་མཐུད་དུ་སོང་ན། མིའི་རིགས་ཀྱི་བདེ་སྐྱིད་ལའང་སེམས་ཁྲལ་བྱེད་དགོས་ཐུག་འདུག
དབྱིན་ཇིའི་ཨོག་སི་ཕོར་ཌི་སློབ་ཆེན་ཆེན་མོ་གྱི་འཆད་འཁྲིད་ལས་བཏུས།། 
●问:传统文化和现代科技要同时发展,但怎样才能做到呢?比方说手机里面有藏文,我认为这是非常好的,堪布您是怎么看待的?
●答:传统文化和现代科技,如果出现一者存在、另一者灭亡的情况,那会让人倍感痛心。的确,现代工艺和科学技术的发展,达到了人类史无前例的高度,但从个体的幸福指数而言,人们所受的痛苦也是史无前例的。这是因为传统文化,和现代科技的不平衡所导致的特殊后果,很多年轻人还没有认识到传统文化的价值。所以首先要认识到这些文化的价值。第二,现代文明中有很多让人散乱的言论和资金等许多因素,所以必须要了知其过患。第三,依靠智慧和方便,在不丢失传统的基础上,合理利用现代科学是非常重要的。以手机为例,有些过于保守的上师认为,念诵手机里面的经文也觉得非常不好,这种想法过于狭隘,且没有必要,现在藏地很多上师讲法的时候,也用电脑和手机,对此没必要一味地制止、反对和拒绝。最重要的是,要继承传统文化,一味的反对和拒绝是不对的,在不破坏传统文化的基础上,利用现代科学,做一些有意义的事是很好的,现在有许多人,非常重视现代科技的发展,如果能和传统文化相结合,便如鸟翼俱全,翱翔就不是难事。如果不依靠智慧和方便,传统文化的流失非常快,照此下去,恐怕人类的幸福就堪忧了。
选自:英国牛津大学演讲2015.10.13
祝大家国庆节快乐!
མདོ་རྒྱ་ཆེར་རོལ་བ་ལས།དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་ལས་སུ་རུང་བར་བྱེད་དོ།ཞེས་གསུངས།
《方广游戏经》:
信心开启诸法之门,亦令自心堪能。
纯洁的花儿送给有缘的你,愿身心自在、喜乐安康~
སློབ་དཔོན་ཀླུ་སྒྲུབ་ཀྱིས།ཤིན་ཏུ་བླུན་པ་ལ་ལ་དག།འཆི་བའི་རྣམ་པ་རབ་བརྗེད་ནས།།བྱ་བ་མང་པོ་རྩོམ་བྱེད་པ།།བདུད་ཀྱིས་བསླུས་པར་ཤེས་པར་བྱ།།ཞེས་གསུངས།
龙猛阿阇梨:
极其愚痴者,忘失终将死,欲造种种事,当知魔所惑。
23.
●དྲི་བ།:དེང་དུས་ཀྱི་བྲེལ་ཟིང་ཆེ་བའི་སྤྱི་ཚོགས་འདིར། མི་རྣམས་ཀྱི་འཚོ་བ་དང་ལས་ཀའི་གནོན་ཤུགས་ཧ་ཅང་ཆེ། འགྲན་རྩོད་ཀྱང་ཤིན་ཏུ་ཤུགས་དྲགས་པས། ཕྱོགས་སོ་སོ་ནས་ཐེབས་པའི་གནོན་ཤུགས་དེ་དག་ཇི་ལྟར་སྙོམ་སྒྲིག་བྱས་ན། ད་གཟོད་བདེ་སྐྱིད་ཀྱི་ཚོར་སྣང་འབྱུང་སྲིད།
●ལན།:ནང་ཆོས་ཀྱི་ངོས་ནས་བཤད་ན། རབ་ན་འདོད་ཆུང་ཆོག་ཤེས་བསླབ་དགོས། ང་ཚོ་གྲོང་ཁྱེར་རྣམ་པ་ཅན་གྱི་འཇིག་རྟེན་འདིའི་ཁྲོད་དུ། མི་མང་པོ་ཞིག་འགྲན་རྩོད་ཀྱི་ཆེད་དུ་རྒྱུག་འདུར་བྱེད་བཞིན་ཡོད། དོན་དངོས་སུ་ཁོ་ཚོ་ལ་ཅི་ཞིག་གིས་མ་འདང་བ་མིན་མོད། འོན་ཀྱང་རང་གི་ངོ་སྲུང་བ་དང་སྙན་གྲགས་ཀྱི་ཆེད་དུ། དངོས་པོ་མང་པོ་ཞིག་དགོས་པར་འདོད་པ་དང་། ཐོན་ཁུངས་མང་པོ་ཞིག་ཀྱང་བདག་བཟུང་བྱེད་བསམ་པ་ཡིན། དེང་སང་གི་ཐོན་ཁུངས་ཕལ་ཆེ་བ་ནི། འཛམ་གླིང་གི་ཕྱུག་པོ་རྣམས་ཀྱིས་བདག་ཏུ་བཟུང་ཡོད། དོན་དངོས་སུ་འདི་ནི་འཕྲོ་བརླག་ཧ་ཅང་ཆེན་པོ་ཞིག་ཡིན། དེའི་ཕྱིར་དབང་ཆ་ཡིན་ན་འདྲ། རྒྱུ་ནོར་ཡིན་ནའང་འདྲ། སྤྱི་ཚོགས་ལ་ཕྱིར་འབུལ་བྱས་ཏེ། ཚང་མས་མཉམ་དུ་ལོངས་སུ་སྤྱོད་ཐུབ་རྒྱུ། ཧ་ཅང་གལ་ཆེ་བ་ཡིན། འདི་འདྲའི་བསམ་པ་ཞིག་ལྡན་ན། རང་ཉིད་ཀྱི་སྡུག་བསྔལ་ཡང་ཇེ་ཉུང་དུ་འགྲོ་ངེས་ཡིན། སྤྱི་ཚོགས་སྤྱིའི་ངོས་ནས་བཤད་ནའང་། འཆམ་མཐུན་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་དེ་མངོན་དུ་འགྱུར་ཐུབ་པ་ཡིན།
ཧོང་ཀོང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:在现今这个繁忙的社会中,人的生活和工作压力都很大,竞争非常激烈,怎么样才能平衡各方面的压力,获得幸福感呢?
●答:从佛教来讲,最好是学习知足少欲。我们在都市化的世界当中,有很多人为了竞争,而正在奔波,其实不是他们真的缺少什么,但是为了面子、为了名声,就想要拥有很多东西,还想占领很多的资源,现在的很多资源,大多数都是世间富裕的人占领着。其实这是非常大的一种浪费,因此不管是权力也好,财富也好,若能回馈社会,让大家共同来享受,是非常重要的。有这样一颗心的话,自己的痛苦也会减少,对整个社会来讲,才能实现和谐社会的价值观。
选自:香港理工大学演讲2011.07.29
值此仲秋佳节,祝你节日快乐,愿你品尝到月称论师的智慧月饼——《入中论》的美味。
祝大家中秋节快乐!

红庐层层覆霜浅,
圆月空中照山边,
山风不住人间念,
只送慧光到心间。
《指月录》:大智无分别,大用无理事,如月印千江,似波随众水。
སློབ་དཔོན་ཀླུ་སྒྲུབ་ཀྱིས།བྱིས་པ་རྣམས་ནི་གཟུགས་ལ་ཆགས།།འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར།།གཟུགས་སོགས་ངོ་བོ་ཉིད་ཤེས་ནས།།བློ་མཆོག་རྣམས་ནི་གྲོལ་བར་འགྱུར།།ཞེས་གསུངས།
龙猛菩萨:
凡愚贪恋色,中者离贪欲,胜者已了悟,色等性解脱。
ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས།སེམས་ཅན་མོས་པ་སྣ་ཚོགས་པ།།ཐ་དད་པ་ཡི་ལྷ་དམིགས་ཏེ།།རིན་ཆེན་སེམས་ནི་རྣམ་གྲོལ་ལས།།ལྷ་གཞན་བསྒྲུབ་ཏུ་ཡོད་མ་ཡིན།།ཞེས་གསུངས།
龙猛菩萨《赞金刚心》:
众生意乐异,所缘本尊异,心宝解脱外,无修余本尊。
今天是《胜利道歌》问世三十周年的纪念日,大家应以自己的方式来唱一遍。依此殊胜的缘起力,能够战胜内外密的一切违缘和障碍。
22.
●དྲི་བ།:ཁྱེད་ཀྱིས་གསང་སྔགས་ནང་གི་བླ་སློབ་བར་གྱི་འབྲེལ་བ་དེ་ཅིག་གསུང་ན་ཆོག་གམ། འབྲེལ་བ་འདི་ཉིད་ཆོས་ཉམས་སུ་ལེན་པ་ལ་གལ་ཇི་ཙམ་ཆེ།
●ལན།:རྡོ་རྗེ་ཐེག་པའི་སྐབས་སུ། བླ་མ་དང་སློབ་མའི་བར་གྱི་འབྲེལ་བ་དང་བསྟེན་ཚུལ་ནི། དང་པོ་བླ་མ་བརྟག་ལ་མཁས་པ་དང་། བར་དུ་བླ་མ་བསྟེན་ལ་མཁས་པ། མཐའ་མ་བླ་མའི་དགོངས་སྤྱོད་བསླབ་ལ་མཁས་པ་དེ་ཡིན། བླ་མ་དང་སློབ་མའི་འབྲེལ་བ་དངོས་སུ་མ་ཆགས་པའི་སྔོན་དུ། ཁོང་མཚན་ཉིད་ལྡན་པའི་བླ་མ་ཞིག་ཡིན་མིན་ལ་བརྟག་དཔྱད་ཞིབ་མོ་བྱ་དགོས་ཏེ།མ་མཐའ་ཡང་ལོ་བཅུ་གཉིས་དང་ཡང་ན་ལོ་དྲུག་ཡས་མས་ལ་བརྟག་དགོས། གལ་ཏེ་བླ་མར་བསྟེན་ཚར་ནས་བཟུང་། ཁོང་གི་ཅི་གསུང་བཀའ་བཞིན་བསྒྲུབས་ནས། ཆོས་ཉམས་སུ་བླངས་ན། མཐར་བླ་མའི་ཐུགས་རྒྱུད་ཀྱི་དགོངས་པ་མཐའ་དག་རང་རྒྱུད་ལ་སྨིན་ཐུབ། དཔེར་ན་རྗེ་བཙུན་མི་ལ་རས་པས།མར་པ་ལོ་ཙཱའི་ཐུགས་རྒྱུད་ཀྱི་དགོངས་པ་མཐའ་དག་རང་རྒྱུད་ལ་ཐོབ་པ་བཞིན་དུ། རིམ་གྱིས་ང་ཆོའི་རང་རྒྱུད་ལའང་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྐྱེ་ཡོང་བ་ཡིན། འདི་ནི་གསང་སྔགས་ཀྱི་ནང་དུ་གསུང་བའི་བླ་སློབ་བར་གྱི་འབྲེལ་བ་ཡིན།
ཝི་ཨེན་ན་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:您可以介绍一下,密宗里上师和弟子的关系吗?这个关系对于修行有多重要?
●答:在金刚乘当中,上师和弟子之间的关系以及依止的方式,首先要善于观察上师,中间善于依止上师,最后要修学上师的意趣和行为,还没有成为真正的师徒关系之前,要仔细地观察,他是不是一位具有功德的上师。起码要观察十二年或六年以上,一旦依止了上师,就必须要依教奉行,修持佛法,最终自相续会获得上师所有的意趣,就像米拉日巴尊者,获得了玛尔巴上师心相续的一切功德一样,慢慢地自己的相续中,也会生起证悟的功德,这就是密宗里讲的师徒关系。
选自:维也纳大学演讲2015.10.09
མདོ་ལས།བདག་ཉིད་བདག་གི་མགོན་ཡིན་གྱི།།གཞན་ལྟ་སུ་ཞིག་མགོན་དུ་འགྱུར།།བདག་ཉིད་བདག་གི་མགོན་གྱུར་པས།།སྡུག་བསྔལ་ཀུན་ལས་རབ་ཏུ་ཐར།།ཞེས་གསུངས།
佛经:
自为自怙主,余者岂可怙?自成自怙主,解脱一切苦。
2026年9月21日,法王造《胜利道歌》三十周年啦!
大家不妨用各种方式唱一唱、学一学,一起唱响这首战胜内外密障碍的金刚歌。

胜利道歌——天鼓妙音
法王如意宝晋美彭措 著
索达吉堪布 译
怙主诸佛智慧身,文殊室利童子尊,
恒住八瓣莲蕊心,所言愿利诸有情。
甚深光明大圆满,仅闻词句断有根,
六月修要得解脱,唯此铭刻于心中。
遇此胜法善缘众,前世累劫积资果,
与普贤王同缘分,诸道友当生欢喜。
为沉恐怖轮回众,获得永乐之佛果,
当负利他之重任,舍弃爱自如毒食。
以此可阻恶趣门,亦可获得善趣乐,
趋至究竟解脱地,切莫散乱修此要。
于诸轮回之盛事,不起羡慕之心念,
当持人天供养处,殊胜严饰之净戒。
一切增上定胜乐,悉皆依此而生故,
倘若破戒堕恶趣,切莫迷惑当取舍。
言行恒时随顺友,秉性正直心善良,
若欲长久利己者,暂时利他乃窍诀。
此乃清净人规法,三世诸佛方便道,
亦为四摄之精华,诸位弟子切莫忘!
以此善根愿诸众,超越轮回之深渊,
令诸心子皆欢喜,往生西方极乐刹。
第十七胜生周丙子年(公元1996年9月21日),我等师徒遣除内外密诸违缘,阿旺罗珠宗美于庆祝胜利之吉日,近五千僧人中,即性而唱,善哉!

译于一九九七年三月六日