Skip to content
堪布微博 (31~40 of 99)
« 1 2 3 4 5 6 7 8 9 10 »
一共收录了13987条微博,搜索到了99条微博 >>导出微博>>
སྔོན་གྱི་དམ་པ་དག་གིས།རྣལ་འབྱོར་ཁྲོས་པ་ཆུ་ནང་དབྱིག་བརྒྱབ་འདྲ།།ད་ལྟ་ཡོད་ལ་ད་ལྟ་མེད།།ཅེས་གསུངས།
古大德:
瑜伽行人之怒火,如棍击水片刻无。
现在AI的出现,让每个人的工作、生活与修行,都受到了不同程度的冲击。但同时,也带来了新的可能。
面对这波浪潮,既然无法逃避,不如积极去拥抱它。
你会发现,AI带给你的,未必是损失。
སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བའི་མདོ་ལས།ཐོག་མ་མེད་པ་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་འཁོར་བ་ན་རང་གི་དེ་ཁོ་ན་ཉིད་དག་ཅིང་འོད་གསལ་བ་རྟག་ཏུ་གནས་པ་མ་རྟོགས་པས་མངོན་ཞེན་ཉེ་བར་བླངས་ཏེ། འདོད་པ་འདི་ནི་གསོག་འབའ་ཞིག་པས་ན་ཀུན་ཏུ་རྒྱུད་མར་འཁོར་ཞིང་འཕྱན་ཏོ། ཞེས་གསུངས།
《楞严经》:
一切众生,从无始来生死相续,皆由不知常住真心,性净明体,用诸妄想。此想不真,故有轮转。
4、
●དྲི་བ།:བླ་མ་ལགས་སྐུ་ཁམས་བཟང་། ང་རང་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆས་མོད། འོན་ཀྱང་སྐྱེ་བ་ཕྱི་མར་གང་འདྲ་ཞིག་ཡིན་པ་དེ། ང་ལ་མཚོན་ན་གནད་འགག་ཅིག་མ་རེད། མི་ཞིག་ཡིན་ན་སྐྱིད་སྡུག་གི་ཚོར་བ་འདྲ་མིན་མྱངས་བའི་རྗེས་སུ། ད་གཟོད་འཚར་ལོངས་བྱུང་ཐུབ། ཚེ་འདིར་རང་གིས་ལས་གང་ཞིག་བསགས་ན་ད་གཟོད་ཕྱི་མར་འབྲས་བུ་ལེགས་པོ་ཐོབ་ཞེས་པ་དེ། ངས་བལྟས་ན་གནད་འགག་གི་དོན་དག་ཅིག་མ་རེད་སྙམ། ཁྱེད་ཀྱིས་ང་ལ་འགྲེལ་བཤད་ཅིག་གནང་ན་ཆོག་གམ།
●ལན།:ཁྱོད་ཀྱིས་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་ཟེར་ལ། འོ་ན་ཁྱོད་ཀྱི་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་པ་དེ། སང་ཉིན་ཡོད་པར་ཡིད་ཆེས་པ་དང་འདྲའམ། གལ་ཏེ་ཁྱོད་རང་སང་ཉིན་ཡོད་པ་དང་། ཡང་ན་ཚེ་སྨད་ཡོད་པ་ལྟར་ཡིད་ཆེས་ན། ཁྱོད་ཀྱིས་དེ་གནད་འགག་ཅིག་མ་རེད་ཅེས་ཟེར་མི་སྲིད། གལ་ཏེ་ཁྱོད་ཀྱིས་ཚེ་ཕྱི་མ་དེ་རང་གི་ཚེ་སྨད་དང་སང་ཉིན་ཡོད་པར་ལྟར་ཡིད་ཆེས་ན། ཁྱོད་ཀྱིས་ཚེ་ཕྱི་མར་སེམས་ཁུར་དང་སྣང་མེད་བྱེད་མི་སྲིད། དེ་ལྟ་མིན་ན་ཚེ་འདིའི་མི་ཚེའི་བྱ་བ་ལའང་སེམས་ཁུར་མི་བྱེད་པར་འགྱུར། དེའི་ཕྱིར་ན་དེང་སང་མི་མང་པོ་ཞིག་གིས་ཡིད་ཆེས་ཡོད་ཅེས་བཤད་ནའང་། དོན་དུ་ཡིད་ཆེས་གྱི་ཚད་ཐིག་ལ་ཁྱད་པར་ཡོད་འདུག
ཉི་ཧོང་ཝ་སི་ཏེ་དྷ་སློབ་གྲྭ་ཆེན་མོ་གྱི་འཆད་འཁྲིད་ལས་བཏུས།
●问:您好上师,我相信有来世,但是我觉得来世顺不顺,对我来讲是无所谓的,人一有了一定的经历以后,他才会去成长,今生我修什么才能把来世修得很好, 我觉得好像是无所谓的事情,您能否给我解答一下?
●答:你说相信来世的存在 但是相信来世的存在 是不是像你相信明天的存在那样 如果像你相信明天的存在 或下半生的存在那样相信的话 你绝不会说无所谓的 如果你相信来世像有下半生和明天那样 那么你不会对来世不关心 否则今生当中的事也不关心了 所以现在很多人说是相信来世 但实际相信的程度有差别的。
选自:
日本早稻田大学演讲2015 / 11 / 13
这也是我刚翻译的新书,当作送给你的“世界读书日”礼物。
要是你读完它,还觉得这个世界是真实的——那算我们输。
网页链接
ཀུན་མཁྱེན་ཀློང་ཆེན་པས།སྔོན་གྱི་སྐྱེ་བོ་དམ་པ་མཆོག་རྣམས་ཀྱང་།།དབེན་པའི་གནས་ལས་བདུད་རྩི་བརྙེས་ཞེས་གསུངས།།དེ་ཕྱིར་བདག་ཀྱང་ཞི་བ་སྒྲུབ་པའི་ཕྱིར།།ནགས་ནང་དབེན་པ་གཅིག་པུར་གནས་པར་བྱ།།ཞེས་གསུངས།
全知龙钦巴:
佛说以往诸多胜士夫,皆于清净寂地获甘露,是故吾等为修寂灭法,当自安住幽静之山林。
马上就是“世界读书日”了,给大家推荐一本历史上非常出名的好书。能真正读懂的,算你厉害~
网页链接
ཕལ་པོ་ཆེའི་མདོ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ་འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་འབྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ། །ཞེས་གསུངས།
《华严经》:
未趋入如来智慧之众生于有情趣少许亦无有,然以想执不现如来智慧。远离想执无碍出生遍知智慧自然本智。
每天若能念108遍观音心咒“嗡玛尼贝美吽”,再加一遍《心经》,就是最棒的人。
3、
●དྲི་བ།:མཁན་པོ་ལགས་སྐུ་ཁམས་བཟང་། ཁྱེད་ཀྱིས་དེ་རིང་འཆད་ཁྲིད་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ངས་འདྲི་བསམ་པའི་དྲི་བ་ནི་དྲ་བའི་དུས་རབས་ཀྱི་ཕྱོགས་ནས་ཡིན། གང་ལྟར་ཡང་ང་ཚོ་འཕྲིན་སྦྱོར་དྲ་བ་དང་གཡོལ་ཐབས་མི་འདུག་པས། དེས་ན་འདི་བེད་སྤྱད་དེ་ཆོས་ཉམས་ལེན་ཇི་ལྟར་བྱ་དགོས། ཐུགས་རྗེ་ཆེ།
●ལན།:ངས་བསམས་ན་དེང་སང་དངོས་གནས་དྲ་བ་དང་འབྲལ་ཐབས་མི་འདུག དེས་ན་ངེས་པར་དུ་དང་ལེན་བྱ་དགོས་འདུག ཡིན་ཡང་བེད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་དུ་དེའི་ནང་ལ་ཧ་ཅང་མགོ་འཁོར་མི་རུང་། དེ་ལྟར་མིན་ན་ངས་གོང་དུ་བཤད་པ་ལྟར། ང་ཚོ་རང་ཉིད་ཀྱི་སེམས་ཁམས་ལ་ཡང་ནད་གཞི་སྣ་ཚོགས་འབྱུང་སྲིད། དེ་བས་ན་ང་ཚོས་དྲ་བ་བེད་སྤྱོད་བྱེད་པའི་ཐབས་ཚུལ་ཤེས་དགོས། ང་རང་ཉིད་ལ་མཚོན་ནའང་དྲ་བར་ཞུགས་ནས། བྱ་བ་གང་དང་གང་ཞིག་སྒྲུབ་པའི་སྐབས་སུ། ཐོག་མ་ནས་གཟབ་གཟབ་བྱེད་པའི་དྲན་ཤེས་བརྟེན་གྱིན་ཡོད་མ་གཏོགས། རང་ཉིད་གནས་དེ་རུ་ཇི་ལྟར་འཆི་འགྲོ་ཡང་མི་ཤེས་པས། ཧ་ཅང་ཉེན་ཁ་ཆེ། དེའི་ཕྱིར་ང་ཚོས་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས། དྲ་བའི་དྲང་ཕྱོགས་རྣམས་བེད་སྤྱོད་བྱ་དགོས། དྲ་བས་ཆེད་དུ་ང་ཚོའི་མིག་དབང་འཕྲོག་པའི་ཆ་འཕྲིན་སྣ་ཚོགས་སྟེར་བ་ཡིན། དེས་ན་སྐབས་དེར་རང་ཉིད་ཀྱི་ཤེས་རབ་ལ་བརྟེན་དགོས་མ་གཏོགས། དེའི་རྒྱབ་ཕྱོགས་ཀྱི་དན་གྲངས་ཆེན་པོ་དེ་ང་ཚོ་སླུ་བྱེད་ཀྱི་ཆེད་དུ་སྒྲིག་འགོད་བྱས་པ་རེད། གལ་སྲིད་མུ་མཐུད་དུ་དེའི་རྗེས་སུ་འབྲངས་ན། དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད་སྙམ། དེའི་རྐྱེན་གྱིས་ངས་བསམས་ན་གཙོ་བོ། མིག་སྔར་བསླུ་བྲུད་གཏོང་བྱེད་ཀྱི་ཐབས་ཚུལ་མང་པོ་ཞིག དྲ་བའི་སྟེང་དུ་ཐུམ་རྒྱག་རང་བཞིན་གྱི་སྒོ་ནས། ཁྱེད་ཀྱི་མིག་མདུན་དུ་མངོན་བཞིན་ཡོད་པ་དེ་ཤེས་དགོས། འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།
ནོར་ཝེ་ཨོ་སི་ལུ།BSA གྱི་འཆད་འཁྲིད་ལས་བཏུས།
●问:既然我们已无法避开媒体和网络,那怎样利用它来修行呢?
●答:我觉得,没办法离开它就只有接受,但在接受的过程中不能过度沉迷。否则,很有可能患上心理疾病。因此,要有正知正念,经常从正、反两方面去了解。自己要知道这些信息是专门来吸引我注意力的,要明白后台的大数据想要我迷失其中。网络时代有很多孤独的人,因为在网上可以和人沟通,但在现实世界中却做不到。长此以往,自己很适应网络环境,而对现实生活和人群会格格不入。依靠网络,很多正常人慢慢变得不正常了。
选自:挪威奥斯陆BSA演讲2017 / 12 / 5
« 1 2 3 4 5 6 7 8 9 10 »