Skip to content
堪布微博 (1~10 of 99)
1 2 3 4 5 6 7 8 9 10 »
一共收录了13987条微博,搜索到了99条微博 >>导出微博>>
今天是2026年6月6日,星期六。巧遇“六六大顺”的好日子,送您一句吉祥祝福:
愿昼吉祥夜吉祥,昼夜六时恒吉祥,
一切时中吉祥者,愿诸三宝致吉祥。
7.
●དྲི་བ།:མཁན་པོ་ལགས། ཁྱེད་ཀྱི་དགོངས་པ་ལྟར་ན་ཆོས་གང་ཞིག་གིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་གསོག་ཐུབ་པ་དང་། བྱིན་རླབས་མྱུར་དུ་འཇུག་ཐུབ། ཁྱེད་ཀྱིས་བསོད་ནམས་མྱུར་དུ་འཕེལ་བའི་གདམས་ངག་ཅིག་གནང་རོགས་ཞུ།
●ལན།:གསང་སྔགས་ཀྱི་ཆོས་ལ་ཡུན་རིང་པོར། སློབ་སྦྱོང་དང་ཉམས་ལེན་བྱས་པའི་ངོས་ནས་བཤད་ན། ཚོགས་གཉིས་རྫོགས་པར་བྱེད་པའི་གནད་གཙོ་བོ་ནི། ཆོས་ལུགས་དང་གྲུབ་མཐའ་གང་ཞིག་ཡིན་རུང་། ཐོག་མར་མི་ལུས་རྙེད་དཀའ་བ་དང་། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས་སོགས་ལ། བློ་ཡག་པོ་སྦྱོང་དགོས། དེ་དུས་ནང་པ་རྣལ་མ་ཞིག་ཏུ་འགྱུར་ཐུབ། དེའི་རྗེས་སུ། སྐྱབས་འགྲོ་དང་སེམས་བསྐྱེད། བཤགས་པ་སོགས་ཀྱང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་རྩ་བ་ཡིན་ལ། ཆེས་སྟབས་བདེ་བའི་ཐབས་ལམ་ཞིག་ཀྱང་ཡིན། གལ་ཏེ་རང་ཉིད། བླ་མ་དང་ཆོས་ལ་དད་པ་ཁྱད་པར་བ་ཞིག་ཡོད་ན། དམིགས་བསལ་གྱི་མི་ཁ་ཤས། དུས་ཡུན་རིང་པོ་མི་འགོར་བར་ཚོགས་གཉིས་རྫོགས་ཐུབ། དེར་བརྟེན་རྒྱ་བརྒྱུད་ནང་བསྟན་གྱི་ཁྲོད་དུ། བླ་མ་ཡུན་ཀོང་དང་བསམ་གཏན་རབས་དྲུག་པ་ཧོས་ནུན། ཁོང་རྣམ་པས་ཀྱང་སློབ་མ་རྣམས་ལ། ལོ་མང་པོའི་རིང་ལས་ཀ་ལས་ནས་དཀའ་བ་སྤྱད་དུ་བཅུག་ཅིང་། འདི་ཡང་འགྱོད་བཤགས་དང་ཐབས་མཁས་པའི་ལམ་ཞིག་ཡིན།
ཧོང་ཀོང་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།
●问:请问堪布,您觉得什么方法,可以迅速积累福慧资粮,得到最快的加持,请您传授一个让福报快速增长的窍诀。
●答:作为一个长期学习或修行密法的人,我认为圆满福慧资粮的关键在于,不管哪一个宗教和教派,首先要将人身难得、寿命无常、轮回的痛苦等观修好这些修心法,那就能成为一个真正的佛教徒。其次,像皈依发心忏悔等等,这些都是积累福慧资粮的根本,也是最简单的一种方法。当然如果自己对上师对法门特别有信心的话,极个别的人不需要经过漫长的时间就能圆满二资。所以在汉传佛教当中,像以前的印光大师六祖,他们也通过多年的劳役苦行让弟子实践,这也是一种忏悔和方便法门。
选自:香港大学演讲2011.11.27
一眨眼,阿妈离开已经整整十年了。有缘的你,若看到这条视频,能否为她念108遍观音心咒“嗡玛尼贝美吽”呢? 索达吉堪布的微博视频
ཐེག་ཆེན་ཚུལ་འཇུག་ལས། མདོར་བསྡུས་ན་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་མགོ་མཉམ་པར་རྟོགས་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་པ་སྟེ་ལྟ་བ་ཞེས་བྱ། རྟོགས་པའི་བློ་དང་མི་འབྲལ་བར་གནས་པ་ནི་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་འདུ་བྱེད་ཀྱི་རྩོལ་བ་ཆེད་དུ་མི་སྐྱེད་པ་ནི། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཞེས་བྱ་སྟེ། དེ་ལ་སྒོམ་པ་ཞེས་ཀྱང་བྱའོ། །ཚིག་དེ་གསུམ་གྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་ལུས་པར་རྫོགས་པ་ཡིན་ནོ། །ཞེས་གསུངས།
《入大乘论》:
总之,若通达诸法是梦是幻、与梦幻等同之理,则称为证悟大圆满之见。若安住并不离于所证悟之智慧,则称为被大正知器所摄。以此而不依勤作之行,则称为大等舍性,此名为修行。此三句涵盖大圆满一切见修。
དགེ་འདུན་ཆོས་འཕེལ་གྱིས། དར་མའི་ན་ཚོད་དབྱར་གྱི་མེ་ཏོག་ཙམ།།མཛེས་པའི་བཀྲག་མདངས་དགུན་གྱི་འཇལ་ཚོན་ཙམ།།མི་ཡི་ཚེ་ལ་ཡུན་ལོང་མི་འདུག་པས།།ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ།།
更登曲培:
妙龄韶华宛如夏日英,昳丽娇容瞬若冬时虹,此生寿数短促不久长,今当勤修精藏胜妙法。
祝小朋友们儿童节快乐!
今年的卫塞节有点特别——恰逢“蓝月亮”。在佛教传统中,佛陀一生三件大事,降生、成道、涅槃,都发生在月圆之日。
虽然我们不在同一个地方,但今夜能看到同一个月亮。我会在月光下,一边仰望皎月,一边念诵108遍“南无本师释迦牟尼佛”,祝你们平安喜乐。你呢?
6.
●དྲི་བ།:འཇིག་རྟེན་འདིར་ཤིན་ཏུ་ཕྲ་བའི་ཚེ་སྲོག་གིས་ཡོངས་སུ་ཁྱབ་ཡོད། དཔེར་ན་ཕྲ་སྲིན་དང་ནད་དུག་སོགས་སྐྱེ་དངོས་ཕྲ་མོ་སྣ་ཚོགས་ཡོད། འདི་དག་ལ་རྣམ་ཤེས་ལྡན་ནམ། སེམས་ཅན་གྱི་ཁོངས་སུ་གཏོགས་སམ།
●ལན།:ཕྲ་སྲིན་དང་ནད་དུག་སོགས་སྐྱེ་དངོས་རིག་པའི་ཁྲོད་དུ་གླེང་བའི། ཚེ་སྲོག་ཕྲ་མོ་གཞན་དག་ནི། ཁྱབ་ཆེ་བའི་ཚེ་སྲོག་གི་རྟོག་དོན་ངང་བཤད་ན། འགའ་རེ་ལ་ཚེ་སྲོག་ལྡན་པ་ཡིན། ཡང་ཚེ་སྲོག་གི་གོ་དོན་ཆུང་ས་ནས་བཤད་ན། སེམས་ཅན་གྱི་ཁོངས་སུ་མི་གཏོགས། རྒྱུ་མཚན་ནི་སངས་རྒྱས་ཀྱིས་ཀྱང་མདོ་ལས། སེམས་ཅན་ནི་གཟུགས་དང་། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཏེ། ཕུང་པོ་ལྔ་འདུས་པ་ལ་ཟེར་ཞེས་གསུངས། གལ་ཏེ་ཆོས་གང་ཞིག་ལ་ཕུང་པོ་ལྔ་པོ་མ་འདུས་ན། གཟུགས་མེད་ཁམས་ཀྱི་སེམས་ཅན་མ་གཏོགས་ཏེ། ཕུང་པོ་བཞི་ཁོ་ན་ལྡན་པ། དེ་ལ་ཚོར་སྣང་དང་འཕེལ་འགྱུར་ཡོད་ལ། སྐྱེ་བ་དང་འཕེལ་བ། འཇིག་པའང་ཡོད་མོད། དེ་ནི་སེམས་ཅན་གྱི་ཁོངས་སུ་མི་གཏོགས། ཡིན་ནའང་སྐྱེ་དངོས་རིག་པས་འདི་དག་ལ་ཚེ་སྲོག་ཅེས་འབོད། འདི་ནི་འགྱུར་བྱུང་སོགས་ཀྱི་ཆ་ནས་བཏགས་པ་ཡིན། དེའི་ཕྱིར་ན། ཆོས་ལུགས་རིག་པ་དང་སྐྱེ་དངོས་རིག་པ་གཉིས་ཀྱི། སེམས་ཅན་གྱི་གོ་དོན་འབྱེད་ལུགས་ལ་ཁྱད་པར་མཆིས
ཏོ་རོན་ཊོ་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས། 2014.10.29
●问:这个世界充满非常微小的生命体,比如细菌病毒以及其他各种微生物。它们有灵魂吗?属于有情吗?
●答:细菌病毒以及生物学中提及的其他微小生命,从广义的生命概念而言,有些是有生命的;从狭义的生命概念而言,不属于有情。因为佛陀在相关经典中讲:有情是色受想行识,五蕴的聚合。如果一个事物不是五蕴的聚合,无色界众生例外,只具足四蕴,虽然有感受和演变,可以生长繁衍与灭亡,但不属于有情。不过生物学会把它们称为生命,这是从具有反应等角度命名的。因此,宗教学与生物学对有情的界定有所不同。
选自:多伦多大学演讲 2014.10.29
རྒྱལ་སྲས་རིན་པོ་ཆེས། སྔོན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །ལྟོས་ཐུབ་ཆོས་ལ་འདུག་གེ་མ་ཎི་བ། །ཞེས་གསུངས།
无著菩萨:
昔日感受苦乐如波纹,已尽无尽切莫追忆之,若念当思盛衰与离合,法外何有可依嘛尼瓦?
རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས།
米拉日巴尊者:
吾初畏死赴山中,数数观修死无定,已获无死本坚定,此时远离死畏惧。
1 2 3 4 5 6 7 8 9 10 »