Skip to content
« 上一篇 下一篇 » A- A A+ 微信原文

སྡུག་བསྔལ་སེལ་བའི་ཐབས་ལམ་ངོ་སྤྲོད། 用这个心情愉快法,拯救所有压力与不开心

མིག་སྔར་བལྟས་ན་
ཆེན་པོར་སྣང་བའི་དོན་དག་ཅིག།
མི་ཚེ་རིང་མོའི་ཁྲོད་ན་ཡུད་ཙམ་ཉིད།
一件事放在眼前
或许很大
放进漫长的人生里
也只是片刻

ཚིག་གཅིག་གིས་རང་སེམས་དཀྲུག་མི་བྱ། 

别让一句话扰乱你的心

ལས་ཀའི་སྟེང་ནས། གཞན་གྱིས་རང་ལ་སྐྱོན་བརྗོད་བྱེད་པ་དང་། གནོན་ཤུགས་ཐེབས་པའི་སྐབས་སུ། ཇི་ལྟར་བྱས་ན་ད་གཟོད་རང་གི་སེམས་ཁམས་ལ། ཕྱིའི་ཡུལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་པར་མི་འགྱུར།
在工作中被人批评、感到压力时,怎样才能使我的情绪不会过多被环境影响呢?
ང་ཚོ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ། འགོ་ཁྲིད་དང་ཡང་ན་མི་གཞན་གྱིས་སྐྱོན་བརྗོད་སོགས་བྱེད་དུས། ཐབས་ཤེས་ཤིག་ཡོད་པ་ནི། སྐྱོན་བརྗོད་དེ་བྲག་ཅ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་དགོས། ཇོ་བོ་རྗེ་ཨ་ཏི་ཤས་ཀྱང་ནམ་རྒྱུན། གཞན་གྱིས་རང་ལ་སྨོད་པ་དེ་བྲག་ཅ་ལྟ་བུར་བསམ་པ་དང་། ཡང་ན་གཞན་གྱིས་རང་ལ་སྨོད་པ་དེ། བསྟོད་པ་བྱེད་པའི་ཚིག་ཞིག་ཏུ་ངོས་འཛིན་པར་གསུངས། གལ་ཏེ་ང་ཚོར་འདི་ལྟ་བུའི་ཉམས་རྟོགས་ཤིག་ཡོད་ན། གཞན་གྱིས་ང་ཚོ་ལ་ཅི་ཞིག་སྨྲ་ཡང་། དེ་ནི་རང་ཉིད་ལ་བསྟོད་པ་ཉིད་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུའང་། ལ་ལས་ཁོང་ལ་བསྟོད་པ་དང་ལ་ལས་ཁོང་ལ་སྐུར་འདེབས་བྱེད་པ་ཡིན། འོན་ཀྱང་ཁོང་གིས་སྐུར་འདེབས་ཀྱི་ཚིག་ཡོད་ཚད། བསྟོད་བསྔགས་ཀྱི་ཚིག་ལ་ངོས་འཛིན་གནང་བ་ཡིན། འདི་ལྟར་ཕྱིའི་ཡུལ་རྐྱེན་གྱིས་སྒྱུར་མི་ཐུབ་ལ། སྡུག་བསྔལ་ཡང་འབྱུང་བར་མི་འགྱུར། ཐབས་ཤེས་གཞན་ཞིག་ནི། ངས་བསམས་ན། སྤྱོད་འཇུག་གི་ལེའུ་ཆ་ཚང་སློབ་མི་ཐུབ་རུང་། དེའི་ནང་གི་བཟོད་པའི་ལེའུ་དེ་ངེས་པར་དུ་སློབ་དགོས། སྐྱེས་ཆེན་མང་པོས་ས་ཆ་གང་མང་ཞིག་ཏུ། སྤྱོད་འཇུག་གི་འཆད་ཁྲིད་གནང་སྐབས། བཟོད་པའི་ལེའུ་ཁོ་ན་འཆད་པ་ཡིན། བཟོད་པའི་ལེའུ་འདི་ནི་ངེས་པར་དུ་སློབ་དགོས་རྒྱུ་ཞིག་ཡིན། གལ་ཏེ་བཟོད་པའི་ལེའུ་འདི་བསླབས་པ་ཡིན་ན། འཚོ་བའི་ཁྲོད་ཀྱི་སྡུག་བསྔལ་མང་པོ་ལ་བཟོད་ཐུབ་པ་ཡིན། གཞན་གྱིས་ཁྱོད་ལ་གང་ཅིའི་ཐད་ནས་འདྲ་མཉམ་མིན་པའི་ལྟ་ཚུལ་བཟུང་རུང་། ཁྱོད་ཀྱིས་བཟོད་སྒོམ་བྱེད་ཐུབ་པ་ཡིན། དེ་ལྟར་ན། ང་ཚོ་འདོད་ཡོན་ལྔ་དང་ཡུལ་དྲུག་གི་འཇིག་རྟེན་གྱི་ཁྲོད་དུ། སེམས་སྐྱིད་པོའི་ངང་ནས་འཚོ་བ་རོལ་ཐུབ་པ་ཡིན།
平时你在工作中,受到领导批评或别人谩骂时,可以把它当成一种空谷声,这在《虚幻休息》以及阿底峡尊者的教言中都有讲。或者,也可以把别人的谩骂,当成赞叹自己的语言,这也是一种境界。以前在释迦牟尼佛面前,有人赞叹他、有人诽谤他,但佛陀对所有的毁誉都一视同仁,并不会被环境所转而感到痛苦。
尤其是你不能全部学完《入菩萨行论》的话,学一下其中的《安忍品》,也是很好的。国外许多大德在讲《入行论》时,经常只讲一个《安忍品》。你若能学一下这里面的内容,以后遇到什么样的痛苦、不公平的待遇,都可以忍受;在这个充满五欲六尘的世间上,也会活得比较开心。

ནག་ཐིག་གཅིག་གིས་ཡོད་ཚད་སྒྲིབ་མི་བྱ། 

别让一个黑点遮住全部

བོད་བརྒྱུད་ནང་བསྟན་དུ་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྡུག་བསྔལ་སེལ་ཞིང་། སེམས་ཁམས་བདེ་བར་བྱེད་པའི་ཉམས་ལེན་གྱི་ཐབས་ཤིག་ཡོད་དེ། ཐབས་དེ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན། ཐོག་མར་མིག་ནམ་མཁར་གཏད་དེ་སེམས་ཅི་ལའང་མི་བསམ་པར་དལ་བུར་ཀློད་དེ་བཞག སེམས་རྒྱ་བསྐྱེད་ནས་ནམ་མཁའ་ལྟར་ཡངས་པོར་ཀློད་དེ་རང་བབས་སུ་ལྷོད་དེ་འཇོག་དགོས། དེ་ནས། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་ནོ་དུཿཁ་ཏཾ་སྭཱ་ཧཱ། ཞེས་པའི་གཟུངས་སྔགས་འདི་ལན་ ༧ ནམ་ ༡༠༨ སོགས་ཅི་ནུས་སུ་བཟླས་པར་བྱ། དེ་ལྟར་བསྒོམས་ན་ཉིན་ལྟར་སེམས་ཁམས་སྐྱིད་པོ་འབྱུང་བ་དང་། ཕན་ཚུན་དབར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ། མི་མཐུན་པའི་རྐྱེན་ངན་ཐམས་ཅད་རང་ཤུགས་ཀྱིས་ཞི་བར་འགྲོ་བའི་ཕན་པ་ཡོད།

ཉམས་ལེན་གྱི་ཐབས་དེས་ང་ཚོའི་སེམས་རྒྱ་ཆེན་པོར་བསྐྱེད་ཐུབ་ཅིང་། གལ་ཏེ་ལྟ་ཕྱོགས་བརྗེས་ནས་གནད་དོན་ལ་བལྟས་ན། ཕྱོགས་གཅིག་ཁོ་ནར་ཨུ་ཚུགས་ཀྱིས་ཞེན་འཛིན་མི་བྱེད། སྔོན་ཆད་རི་མོ་མཁན་ཞིག་གིས་ཤོག་བུ་དཀར་པོའི་སྟེང་དུ་ཚེག་ནག་པོ་ཞིག་བྲིས་ནས་པར་སྒྲོམ་དུ་བཅུག་པ་ལ། མི་མང་པོས་དེ་མཐོང་རྗེས་བཤད་ཚུལ་སྣ་ཚོགས་བྱུང་ནས་ཐག་མ་ཆོད་ལ། འདིས་དོན་དངོས་སུ་ཅི་ཞིག་མཚོན་པའང་མ་ཤེས། སྤྱིར་ན་འདིའི་གོ་དོན་ཧ་ཅང་གཏིང་ཟབ་པ་སྟེ། སེམས་ཅན་རྣམས་ཀྱིས་སྣ་གཅིག་ལ་ཞེན་ཅིང་ཆགས་པའི་ཚེ། གཞན་དོན་དག་མང་པོ་ཞིག་སྣང་མེད་དུ་འགྲོ་སྲིད་ལ། ད་དུང་བར་སྟོང་ཆེན་པོ་ལྷག་ཡོད་པ་གཏན་ནས་ནས་མི་ཚོར་བ་ལྟ་བུ་ཡིན།

藏传佛教中还有个实修法,可以消除我们日常生活中的痛苦,让我们保持心情愉快。方法很简单:首先双目直视虚空,不执著一切而自然放松,心胸尽量放大,在这样的境界中坦然安住。然后念诵“达雅他 嗡 措姆迷勒那 德卡踏m索哈”,这个咒语念7遍、108遍都可以。如此观修,有助于我们天天好心情,人际关系趋于改善,许多不顺迎刃而解。
这个修法可以让我们心量放大,如果换个视角看问题,就不会死执于一点了。以前有一位画家,他在白纸上画了个黑点,然后装在相框里。许多人看后众说纷纭、莫衷一是,不知道这究竟代表什么。其实它的意义很深刻:众生执著于一点时,往往会忽略很多很多,全然不觉还有大片的空间。

སེམས་ཀྱི་འཛིན་པས་རང་ཉིད་འཆིང་མི་བྱ།

别让心中执著困住自己

དཔེར་ན། དེ་རིང་ཁྱེད་ལ་གཞན་གྱིས་དམོད་པ་དང་། རྒྱུ་མཚན་མེད་པར་གཞན་གྱིས་སྐུར་འདེབས་བྱས་ན། དེ་ཡིད་ལ་དམ་པོར་བཅངས་ནས་ཉིན་གུང་གི་ཟས་ཀྱང་ཟ་མི་ཐུབ་པར་འགྱུར་སྲིད། ཡང་ན། རང་གི་ཕ་ཚེ་ལས་འདས་པ་དང་། བརྩེ་དུང་ལ་ཉམས་ཉེས་བྱུང་བའི་ཚེ། གནམ་རྡིབ་ཅིང་ས་གས་པའམ་ཉི་ཟླའི་འོད་སྣང་ཡང་ཡལ་བའི་སྣང་བ་འཆར་སྲིད།

སྤྱིར་ན་འཇིག་རྟེན་འདིའི་སྟེང་དུ་བདེ་སྐྱིད་སྟེར་ཐུབ་པའི་དོན་དག་མང་པོ་ཡོད་མོད། འོན་ཀྱང་ཁྱེད་ཀྱིས་དོན་དག་གཅིག་པུ་དེ་ཁོ་ནར་ཞེན་འཛིན་བྱས་ཏེ། ཚེག་ནག་པོ་དེའི་མཐའ་བསྐོར་ནས་འདུག་པ་ལས། ཁྱོན་ཡངས་པའི་མཐའ་འཁོར་གྱི་ཤོག་བུ་དཀར་པོ་མ་མཐོང་ན། སྡུག་བསྔལ་གྱིས་མནར་ཞིང་ཡིད་ཀྱི་མདུད་པ་གྲོལ་དཀའ་བར་འགྱུར།

སྔོན་ཆད་ངས་ངོ་ཤེས་པའི་མི་ཞིག། རང་གི་ཁྱིམ་ཚང་ལ་དཀའ་ངལ་ཕྲན་ཙམ་ཞིག་འཕྲད་པའི་ཚེ། གསོན་འདོད་ཀྱང་མེད་པར་གྱུར་པས། མོ་རང་ཁྲིན་ཏུའུ་གྲོང་ཁྱེར་ནས་རླངས་འཁོར་ཞིག་གླས་ཏེ་འཛམ་ཐང་ས་ཆའི་རྩྭ་ཐང་ཆེན་པོ་ཞིག་ཏུ་སོང་། རྩྭ་ཐང་དེ་ནི་ཁྱོན་ཡངས་ཤིང་རྒྱ་ཆེན་པོ་ཞིག་སྟེ། སྤྱི་ལེ་བཅུ་ཕྲག་གི་མཐའ་ཡང་མི་མངོན་པ་ཞིག་ཡིན་པས། མོ་རང་རླངས་འཁོར་ལས་བབས་ཏེ་ཁ་ལོ་པ་ཕྱིར་བཏང་རྗེས། དེ་རུ་སྐད་ཤུགས་ཆེན་པོས་ཀི་བཏབ་ནས་སེམས་ཀྱི་སྡུག་བསྔལ་ཕྱིར་འདོན་པར་བྱས། ཀི་འདེབས་པའི་སྐབས་སུ། མོས་ནམ་མཁའ་མཐའ་ཡས་ཤིང་རྩྭ་ཐང་ནི་འདི་འདྲའི་ཡངས་ཤིང་རྒྱ་ཆེ་བ་མཐོང་བས། སེམས་ཁམས་ཀྱང་དེ་དང་མཉམ་དུ་དྭངས་པར་གྱུར། མོས་རང་ཉིད་ནི་གྲོག་མ་ཆུང་ཆུང་ཞིག་དང་འདྲ་བར། གྲོག་ཚང་ཆུང་ཆུང་ཞིག་གི་ཆེད་དུ་འཛིན་པ་དྲག་པོ་བྱས་ཏེ་རང་གི་སྲོག་ཀྱང་བློས་བཏང་ན་སྙིང་པོ་གང་ཡང་མི་འདུག་སྙམ། གནད་འདི་རྟོགས་རྗེས་དེ་མ་ཐག་ཏུ་སེམས་ལྷོད་དེ་བཞག་པས། སྡུག་བསྔལ་ཡང་གར་སོང་ཆ་མེད་དུ་གྱུར།

དེའི་ཕྱིར་ན། སེམས་ཀྱི་ཞེན་འཛིན་ནི་སྡུག་བསྔལ་ཀུན་གྱི་འབྱུང་ཁུངས་ཡིན་ལ། ཞེན་འཛིན་འདི་ཉིད་ཀྱི་ངོ་བོ་རྟོགས་པར་གྱུར་ཚེ། སྡུག་བསྔལ་གྱི་འཆིང་རྒྱས་ཀྱང་རང་ཉིད་འཆིང་བར་མི་ནུས། སྡུག་བསྔལ་ནི། གནའ་དེང་གི་མཁས་གྲུབ་དམ་པ་དག་གིས་ཀྱང་དོན་ཆེན་ཞིག་ཏུ་གཏན་ནས་མི་བརྩི་སྟེ། སྤྱོད་འཇུག་ལས་ཀྱང་། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟ་བུ་ཡིན། 

比如说,你今天被人骂了、无端遭人诽谤,可能会一直耿耿于怀,午饭都吃不下;或者你父亲死了,感情遇到了挫折,就觉得天崩地裂、日月无光。其实在这个世间上,本来还有许多事物能带来快乐,但你若只执著这一点,围着这个黑点团团转,没有发现大片的白纸,就会感到痛苦万分、难以释怀。

原来我认识一个人,因为家庭出了点问题,她就不想活了,于是在成都包了个车,跑到了壤塘的大草原。这个草原特别广阔,十几公里都看不到边,她下了车以后,打发司机走了,就在那里大声叫喊,发泄内心的痛苦。结果喊着喊着,她看看天空无边无际,草原如此广阔,心也随之开朗起来。她觉得自己就像一只小蚂蚁,拼命执著一个小小的窝,这有什么意义呢?明白了这一点后,她当下就放下了,痛苦也销声匿迹了。

所以,内心的执著是一切痛苦的来源,一旦把这种执著看破了,痛苦也就不再束缚自己了。对于痛苦,古往今来很多大成就者,并没有当作一回事。《入行论》中也讲了,这件事情尚有转机的话,你用不着痛苦;没有转机的话,那痛苦也无济于事。

མཁན་པོ་བསོད་དར་རྒྱས་ཀྱི་
སྡུག་བསྔལ་ལ་ཇི་ལྟར་གདོང་གཏད་ཚུལ་ཞེས་པས་
གསུང་བཤད་ལས། 

节选自索达吉堪布

《怎样面对痛苦》