སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །
三聚经仪轨(音)
འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བའི་མདོ་བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ
录入所依版本:《喇荣课诵》索达吉堪布 编译,智悲海 2023年12月版,第 20 篇《三聚经仪轨(音)》
本篇按 宁玛 传承的读法呈现。
本工具为学习辅助,不替代具德上师的口传与讲解。
སངས་ རྒྱས་ལ་སྐྱབས་སུ་མཆིའོ། །
ཆོས་ལ་སྐྱབས་སུ་མཆིའོ། །
དགེ་འདུན་ལ་
སྐྱབས་སུ་མཆིའོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །
རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །
རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །
ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །
དཔལ་དགྱེས་ལ་ཕྱག་འཚལ་ལོ། །
རིན་ཆེན་མེ་ལ་ཕྱག་འཚལ་ལོ། །
རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །
མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །
རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །
དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །
དཔལ་སྦྱིན་ལ་ཕྱག་འཚལ་ལོ། །
ཚངས་པ་ལ་ཕྱག་འཚལ་ལོ། །
ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །
ཆུ་ལྷ་ལ་ཕྱག་འཚལ་ལོ། །
ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །
དཔལ་བཟང་ལ་ཕྱག་འཚལ་ལོ། །
ཙནྡན་དཔལ་ལ་ཕྱག་འཚལ་ལོ། །
གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །
འོད་དཔལ་ལ་ཕྱག་འཚལ་ལོ། །
མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །
སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །
མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །
ནོར་དཔལ་ལ་ཕྱག་འཚལ་ལོ། །
དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །
མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །
དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །
གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །
རྣམ་པར་གནོན་པས་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །
ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །
རིན་ཆེན་པད་མོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་ དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
དེ་དག་ལ་སོགས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་
ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་
གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་
དགོངས་སུ་གསོལ།
བདག་གིས་སྐྱེ་བ་འདི་དང་།
སྐྱེ་བ་ཐོག་མ་དང་།
ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ།
སྡིག་པ་མི་དགེ་བའི་ལས་གང་བགྱིས་པ་དང་།
བགྱིད་དུ་བསྩལ་བ་དང་།
བགྱིད་པ་ལ་རྗེས་སུ་ཡི་རང་བའམ།
མཆོད་རྟེན་གྱི་དཀོར་རམ།
དགེ་ འདུན་གྱི་དཀོར་རམ།
ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང་།
འཕྲོག་ཏུ་བཅུག་པ་དང་།
འཕྲོག་པ་ལ་རྗེས་སུ་ཡི་རང་བའམ།
མཚམས་
མ་མཆིས་པ་ལྔའི་ལས་བགྱིས་པ་དང་།
བགྱིད་དུ་བསྩལ་བ་དང་།
བགྱིད་པ་ལ་རྗེས་སུ་ཡི་རང་བའམ།
མི་དགེ་བ་བཅུའི་ལས་ཀྱི་ལམ་
ཡང་དག་པར་བླངས་པ་ལ་ཞུགས་པ་དང་།
འཇུག་ཏུ་བསྩལ་བ་དང་།
འཇུག་པ་ལ་རྗེས་སུ་ཡི་རང་བའམ།
ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་
ནས་བདག་སེམས་ཅན་དམྱལ་བར་མཆི་བའམ།
དུད་འགྲོའི་སྐྱེ་གནས་
སུ་མཆི་བའམ།
ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ།
ཡུལ་མཐའ་འཁོབ་ཏུ་སྐྱེ་ བའམ།
ཀླ་ཀློར་སྐྱེ་བའམ།
ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ།
དབང་པོ་
མ་ཚང་བར་འགྱུར་བའམ།
ལྟ་བ་ལོག་པར་འཛིན་པར་འགྱུར་བའམ།
སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་
སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་ འདས་ཡེ་ཤེས་སུ་གྱུར་པ།
སྤྱན་དུ་གྱུར་པ།
དཔང་དུ་གྱུར་པ།
ཚད་མར་
གྱུར་པ།
མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། །
བཤགས་
སོ། །
原书汉音索 么恰沃 么卫多 兰恰江 久江
མི་འཆབ་བོ། །
མི་སྦེད་དོ། །
སླན་ཆད་ཀྱང་གཅོད་ཅིང་གཅོད་ཅིང་ཞེས་པ་
འདི་ནི་སྡེ་དགེ་དང་འཇང་བཀའ་འགྱུར་གཉིས་ན་མི་སྣང་ངོ་། །
原书汉音东巴杰拉索
མཆན།
སྡོམ་པར་བགྱིད་ལགས་སོ། །
སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།
བདག་གིས་སྐྱེ་བ་འདི་དང་།
སྐྱེ་བ་ཐོག་མ་དང་།
ཐ་མ་མ་མཆིས་པ་ནས།
འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ།
སྦྱིན་པ་ཐ་ན་དུད་འགྲོའི་
སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་པའི་དགེ་བའི་རྩ་བ་
གང་ལགས་པ་དང་།
བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་ བའི་རྩ་བ་གང་ལགས་པ་དང་།
བདག་གིས་ཚངས་པར་སྤྱོད་པ་ལ་
གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་།
བདག་གིས་སེམས་ ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་།
བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་
ལགས་པ་དང་།
བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་
ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ།
བསྡོམས་ནས་བླ་ན་མ་མཆིས་པ་དང་།
གོང་ན་མ་མཆིས་པ་དང་།
གོང་མའི་ཡང་གོང་མ།
བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །
ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་ སུ་བསྔོས་པ་དང་།
ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་།
ཇི་ལྟར་ད་ལྟར་བཞུགས་པའི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་
དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །
སྡིག་པ་ཐམས་ ཅད་ནི་སོ་སོར་བཤགས་སོ། །
བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་
རང་ངོ་། །
སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་
སོ། །
བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་ པར་གྱུར་ཅིག །
མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །
གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །
ཡོན་ཏན་བསྔགས་ པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །
ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་
སུ་ཉེ་བར་མཆིའོ། །
འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
བྱང་ཆུབ་སེམས་དཔའ་གང་དག་སྙིང་རྗེའི་སྟོབས་ལྡན་ཞིང་། །
དཔའ་བོ་སེམས་ཅན་ཀུན་ལ་ཕན་ཞིང་སྐྱོབ་བྱེད་པ། །
དེ་དག་ཀུན་གྱིས་སྐྱབས་མེད་སྡིག་ཅན་བདག་ལ་སྐྱོབས། །
བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལའང་བདག་སྐྱབས་མཆི། །
ཞེས་བསླབ་བཏུས་ལས་གསུངས།
ལུས་ཀྱི་ལས་ནི་རྣམ་པ་གསུམ། །
ངག་གི་རྣམ་པ་བཞི་དག་དང་། །
གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །
མི་དགེ་བཅུ་པོ་སོ་སོར་བཤགས། །
ཐོག་མ་མེད་ནས་ད་ལྟའི་བར། །
མི་དགེ་བཅུ་དང་མཚམས་མེད་ལྔ། །
སེམས་ནི་ཉོན་མོངས་དབང་གྱུར་པའི། །
སྡིག་པ་ཐམས་ཅད་བཤགས་པར་བགྱི། །
ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །
ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །
འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །
ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །
སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །
དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །
原书汉文三聚经仪轨(意)
(以上内容摘自《大宝积经》)
摘自《集学论》