ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
随念三宝经仪轨(音)
འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ
录入所依版本:《喇荣课诵》索达吉堪布 编译,智悲海 2023年12月版,第 19 篇《随念三宝经仪轨(音)》
本篇按 宁玛 传承的读法呈现。
本工具为学习辅助,不替代具德上师的口传与讲解。
འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས།
རིག་པ་དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ།
འཇིག་རྟེན་མཁྱེན་པ།
སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ།
བླ་ན་མེད་པ།
ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་སོ། །
དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།
དགེ་བའི་རྩ་བ་
རྣམས་ཆུད་མི་ཟ་བ།
བཟོད་པ་དག་གིས་རབ་ཏུ་བརྒྱན་པ།
བསོད་ནམས་ཀྱི་གཏེར་
རྣམས་ཀྱི་གཞི།
དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ།
མཚན་རྣམས་
ཀྱི་མེ་ཏོག་རྒྱས་པ།
སྤྱོད་ཡུལ་རན་པར་མཐུན་པ།
མཐོང་ན་མི་མཐུན་པ་མེད་པ།
དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ།
ཤེས་རབ་ཟིལ་གྱིས་མི་
ནོན་པ།
སྟོབས་རྣམས་ལ་བརྫི་བ་མེད་པ།
སེམས་ཅན་ཐམས་ཅད་ཀྱི་སྟོན་པ།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།
འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།
མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།
ཡེ་ཤེས་
དཔག་ཏུ་མེད་པ།
སྤོབས་པ་བསམ་གྱིས་མི་ཁྱབ་པ།
གསུང་རྣམ་པར་དག་པ།
དབྱངས་སྙན་པ།
སྐུ་བྱད་བལྟ་བས་ཆོག་མི་ཤེས་པ།
སྐུ་མཚུངས་པ་མེད་པ།
འདོད་པ་དག་གིས་མ་གོས་པ།
གཟུགས་དག་གིས་ཉེ་བར་མ་གོས་པ།
གཟུགས་མེད་པ་དག་དང་མ་འདྲེས་པ།
སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ།
ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ།
ཁམས་རྣམས་དང་མི་ལྡན་པ།
སྐྱེ་མཆེད་རྣམས་བསྡམས་པ།
མདུད་པ་རྣམས་ཤིན་ཏུ་བཅད་པ།
ཡོངས་སུ་
གདུང་བ་དག་ལས་རྣམ་པར་གྲོལ་བ།
སྲིད་པ་ལས་གྲོལ་བ།
ཆུ་བོ་ལས་བརྒལ་བ།
ཡེ་ཤེས་ཡོངས་སུ་རྫོགས་པ།
འདས་པ་དང་།
མ་བྱོན་པ་དང་།
ད་ལྟར་བྱུང་བའི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།
མྱ་ངན་ལས་
འདས་པ་ལ་མི་གནས་པ།
ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།
སེམས་ཅན་
ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།
འདི་དག་ནི་སངས་རྒྱས་
བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །
དམ་པའི་ཆོས་ནི་ཐོག་མར་དགེ་བ།
བར་དུ་དགེ་བ།
ཐ་མར་དགེ་བ།
དོན་བཟང་ པོ།
ཚིག་འབྲུ་བཟང་པོ།
མ་འདྲེས་པ།
ཡོངས་སུ་རྫོགས་པ།
ཡོངས་སུ་དག་པ།
ཡོངས་སུ་བྱང་བ།
བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ།
ཡང་དག་པར་མཐོང་བ།
ནད་མེད་པ།
དུས་ཆད་པ་མེད་པ།
ཉེ་བར་གཏོད་པ།
འདི་མཐོང་བ་ལ་དོན་ཡོད་པ།
མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་
བྱ་བ།
བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་
བརྟེན་པ།
ངེས་པར་འབྱུང་བ།
རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།
མི་མཐུན་ པ་མེད་ཅིང་།
འདུས་པ་དང་ལྡན་པ།
བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །
ཐེག་པ་ཆེན་པོའི་དགེ་འདུན་ནི།
ལེགས་པར་ཞུགས་པ།
རིག་པར་ཞུགས་པ།
དྲང་པོར་ཞུགས་པ།
མཐུན་པར་ཞུགས་པ།
ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།
ཕྱག་བྱ་བའི་འོས་སུ་གྱུར་པ།
བསོད་ནམས་ཀྱི་དཔལ་གྱི་ཞིང་།
ཡོན་ཡོངས་སུ་
སྦྱོང་བ་ཆེན་པོ།
སྦྱིན་པའི་གནས་སུ་གྱུར་པ།
ཀུན་ཏུ་ཡང་སྦྱིན་པའི་གནས་སུ་
གྱུར་པ་ཆེན་པོའོ། །
原书汉音杰巴钦波哦
འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྫོགས་སོ།། །།
མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །
ཐམས་ཅད་མཁྱེན་པ་སྟོན་པ་པོ། །
བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང། །
དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །
དག་པ་འདོད་ཆགས་བྲལ་བའི་རྒྱུ། །
དགེ་བས་ངན་སོང་ལས་གྲོལ་ཞིང་། །
གཅིག་ཏུ་དོན་དམ་མཆོག་གྱུར་པ། །
ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །
གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །
བསླབ་པ་དག་ལ་རབ་ཏུ་གུས། །
ཞིང་གི་དམ་པ་ཡོན་ཏན་ལྡན། །
དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །
ལེགས་པར་གྲུབ་པའི་རྒྱུད་ལས་སོ། །
སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །
སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །
དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །
གསུམ་ལའང་རྟག་ཏུ་གུས་ཕྱག་འཚལ། །
སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །
ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །
དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །
བསམ་མི་ཁྱབ་ལ་དད་བྱས་པའི། །
རྣམ་པར་སྨིན་པའང་བསམ་མི་ཁྱབ། །
རྣམ་དག་ཞིང་དུ་སྐྱེ་བར་ཤོག །
འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་ལས་སོ། ། དེ་ནས་ཁ་ཟས་ལ།
ཨོཾ་ཨཱཿ ཧཱུྃ།
梵文咒语另有一套念诵规则,不按藏文读音拼读。
ཞལ་ཟས་རོ་བརྒྱ་ལྡན་པས་ཡིད་འཕྲོག་པ། །
ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །
དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །
འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །
ཅེས་བྱིན་གྱིས་བརླབས་ནས། སྤྱོད་བསྡུས་ལས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་ཕུལ། །དེ་རྗེས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང་། །རང་གིས་ཟོས་ཤིང་འཐུང་བ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །ཞེས་པ་ལྟར་རམ། ཡང་ན་དམ་པའི་ཆོས་འདུལ་བ་ལས་གསུངས་པ་ལྟར་ཆ་གསུམ་དུ་བྱས་ལ། ཐོག་མར། ཨོཾ་གུ་རུ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུྃ་གིས་བླ་མ་ལ་ལྷ་བཤོས་གཅིག་ཕུལ། དེ་བཞིན་དུ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུྃ་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་ཕུལ། ཨོཾ་ཀཱ་མ་དེ་ཝ་མཎྜལ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུྃ་གིས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལའོ། །ཨོཾ་མཉྫུ་ཤྲཱི་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུྃ་ལྟ་བུས་འཇམ་དབྱངས་སོགས་གང་མོས་ཀྱི་ལྷ་ལའོ། །ཨོཾ་ཤྲཱི་དྷརྨ་པཱ་ལ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུྃ་གིས་ཆོས་སྐྱོང་རྣམས་ལ་འབུལ་ལོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱས་འབྱུང་པོ་སྤྱི་ལ་ལྷ་བཤོས་ཕུལ་ལ། ཨོཾ་ཧ་རི་ཏེ་སྭཱ་ཧཱས་འཕྲོག་མ་ལ་ཆངས་བུ་གཅིག་སྦྱིན། ཨོཾ་ཧ་རི་ཏེ་མ་ཧཱ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པ་པཾ་ཎི་ཀྵིཾ་སྭཱ་ཧཱས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆངས་བུ་གཅིག་སྦྱིན។ ཨོཾ་ཨ་གྲི་པཎྜི་ཨ་ཤི་བྷྱཿ སྭཱ་ཧཱས་ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་ཆངས་བུ་གཅིག་སྦྱིན་ནོ། །ཟས་ཀྱི་དུག་ལ་སོགས་པ་ཞི་བར་འདོད་པས་ནི། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། ཨོཾ་བ་ལིངྟ་ཏེ་ཛྭ་བ་ལིཾ་ནི་སྭཱ་ཧཱ། ཞེས་ལན་བརྒྱད་བཟླས་ནས་མཐེབ་སྲིན་གྱིས་རེག་ལ་བཟའ་བར་བྱའོ། །
བཟའ་བའི་ཚེ་ཡང་ཟས་ལ་མི་གཙང་བའི་བློ་དང་། སྐྱོ་བའི་བློ་དང་། སྲིན་བུའི་རིགས་ཀྱི་གྲོང་ཁྱེར་ལ་ཕན་གདགས་པའི་བློ་དང་། སྙིང་པོ་བྱང་ཆུབ་ཏུ་བཀོད་པའི་གྲུ་བོ་ཆེ་དང་གཅིག་ཏུ་གནས་པར་བྱ་བའི་བློས་བཟའ་བར་བྱའོ། །ཆགས་པ་དང་སྲེད་པ་འཕེལ་བའི་བློས་མི་བཟའོ། །སྤྱོད་འཇུག་ལས། རན་པ་ཙམ་དུ་བཟའ་བར་བྱ། །ཞེས་པ་དེའི་ཚུལ་ནི་ཡན་ལག་བརྒྱད་པར། ལུས་ཀྱི་ཆ་གཉིས་ཟས། གཅིག་སྐོམ། གཅིག་སྟོང་པར་འཇོག་པར་བཤད་པ་ལྟར་རམ། ཡང་ན་ཟས་ཀྱི་གཞི་ལས་འབྱུང་བ་ལྟར། ཆ་གཉིས་ཟས་དང་སྐོམ། ཆ་གཅིག་སྟོང་པར་བཞག་གོ །ཡང་ན་ལྷའི་རྣལ་འབྱོར་དང་ལྡན་པས་ཡི་དམ་མཆོད་པའི་དོན་དུ་ལོངས་སྤྱོད་ལ་སྨོན་ལམ་གདབ་བོ། །
༈ དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས། །
མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས། །
སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །
ལུས་ཀྱི་ཟོ་མདོག་རྒྱས་པར་མཛད་དུ་གསོལ། །
༈ འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །
ཁ་བ་ཅན་འདིར་ཆོས་ཀྱི་སྒྲོན་མེ་སྦར། །
ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །
མཁན་ཆེན་ཞི་བ་འཚོ་ལ་མཆོད་པ་འབུལ། །
༈ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །
སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །
སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །
༈ ཧོ་བཟའ་བཅའ་བཏུང་བ་ཡང་དག་རྫས། །
གདོད་ནས་ཚོགས་ཀྱི་འཁོར་ལོ་ཆེ། །
ཨོཾ་ཨཱཿ ཧཱུྃ་དང་ཧ་ཧོ་ཧྲཱིཿ ། །
梵文咒语另有一套念诵规则,不按藏文读音拼读。
ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར། །
བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །
གདན་གསུམ་ཚང་བའི་ངོ་བོ་སྟེ། །
དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །
སྒུལ་སྐྱོད་ཐམས་ཅད་བདེ་བ་ཆེ། །
རྡོ་རྗེའི་དམ་ཚིག་བླ་ན་མེད། །
བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །
གཉིས་མེད་མཉམ་པའི་ངང་དུ་རོལ། །
རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །
ཟས་ཀྱིས་སྒྲིབ་པར་མི་འགྱུར་ཞིང་། །
གཏན་པ་མེད་པའི་སྦྱིན་བདག་ཀྱང་། །
ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །
ཅེས་ཧོ་བཟའ་བཅའ་བཏུང་བ་མན་ཆད་རིག་འཛིན་འཇིགས་གླིང་གི་མདོ་སྔགས་ཟུང་འཇུག་སྤྱོད་ཡུལ་ལམ་ཁྱེར་ལས་ཁོལ་དུ་ཕྱུང་བའོ། ། མཐར་ཡང་། ཨོཾ་ཨུཙྪིཥྚ་
དེ་ནས་ཁ་བཀྲུས་ཏེ། ཡོན་སྦྱོང་བ་ནི།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་
ལ་ཕྱག་འཚལ་ལོ། །
ན་མཿ ས་མནྟ་པྲ་བྷཱ་རཱ་ཛཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
ཏ་ཐཱ་ག་ཏཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
ཏདྱ་ཐཱ།
梵文咒语另有一套念诵规则,不按藏文读音拼读。
ན་མོ་མཉྫུ་ཤྲི་ཡེ།
梵文咒语另有一套念诵规则,不按藏文读音拼读。
ཀུ་མཱ་ར་བྷཱུ་ཏཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
བོ་དྷི་ས་ཏྭཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
མ་ཧཱ་ས་ཏྭཱ་ཡ།
梵文咒语另有一套念诵规则,不按藏文读音拼读。
མ་ཧཱ་ཀཱ་རུ་ཎི་ཀཱ་ཡ།
原书汉音玛哈嘎热呢嘎雅
梵文咒语另有一套念诵规则,不按藏文读音拼读。
ཏདྱ་ཐཱ།
原书汉音达雅塔
梵文咒语另有一套念诵规则,不按藏文读音拼读。
ཨོཾ་ནི་རཱ་ལམྦེ་ནི་རཱ་བྷཱ་སེ།
原书汉音嗡呢Ra兰贝
梵文咒语另有一套念诵规则,不按藏文读音拼读。
ཛ་ཡེ་ཛ་ཡ་ལབྦྷེ་
原书汉音呢Ra巴谁
梵文咒语另有一套念诵规则,不按藏文读音拼读。
མ་ཧཱ་མཱ་ཏེ་དཀྵེ་དཀྵཱི་ཎི་མེ་པ་རཱི་ཤོ་དྷཱ་ཡ་སྭཱ་ཧཱ།
梵文咒语另有一套念诵规则,不按藏文读音拼读。
ཡང་གཟུངས་འདི་ལན་གཅིག་རྗོད་པར་བྱེད་པ་དེས་ནི་རི་རབ་ཙམ་གྱི་བསོད་སྙོམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །
གཟུངས་འདི་ནི་འདུལ་བ་རྣམ་པར་ངེས་པའི་རྒྱུད་ནས་ཕྱུང་བ་ཡིན་ནོ། །
དེ་ནས་ལུང་ལས་བྱུང་བ་བཞིན།
རྒྱལ་པོ་སྦྱིན་བདག་ཉིད་དེ་བཞིན། །
གང་ཡང་སེམས་ཅན་ཚོགས་གཞན་རྣམས། །
ནད་མེད་ཚེ་རིང་ཕུན་སུམ་ཚོགས། །
རྟག་ཏུ་བདེ་བའི་གཉེན་ཐོབ་ཤོག །
སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །
སྦྱིན་པས་དགྲ་རྣམས་མེད་པར་འགྱུར། །
ཕ་རོལ་གཉེན་ཡང་སྦྱིན་པ་ཉིད། །
དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །
སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཞིང་། །
སྦྱིན་པས་ངན་འགྲོ་ལྡོག་པར་བྱེད། །
སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །
སྦྱིན་པ་ཞི་བྱེད་དགེ་བའོ། །
བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །
མི་ཟད་ནམ་མཁའ་ལྟ་བུ་གང་། །
ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །
སྦྱིན་པ་དེ་ནི་ཡང་དག་སྤེལ། །
ཞེས་བསྔོ་སྨོན་དང་སྦྱིན་པའི་ཚིགས་སུ་བཅད་པ་རྣམས་བརྗོད་པར་བྱའོ། །
(以上《随念三宝经》为法尊法师所译)
出自《圣无量寿智藏陀罗尼经》
之后念诵:
加持食物
如《摄行论》云:“食物作四分,初供尊净食,复于诸护法,博施诸食子,尔后自饮食,余施诸鬼神。”或按《毗奈耶经》中所说分成三份。首先,念诵“嗡格热班匝儿内沃得啊吽”以一份供食供养上师。念诵“嗡萨儿瓦波达波德萨埵贝 班匝儿内沃得啊吽”供养佛菩萨众。念诵“嗡嘎玛得瓦曼扎拉 班匝儿内沃得啊吽”供养本尊坛城众。念诵“嗡曼则西儿班匝儿内沃得啊吽”供养文殊菩萨等自己有信心的本尊。念诵“嗡西儿达儿玛巴拉 班匝儿内沃得啊吽”供养护法众。念诵“嗡阿嘎若 么康 萨儿瓦达儿玛囊 阿得呢班那 多达 嗡啊吽啪的索哈”布施总鬼类一份供食。念诵“嗡哈热得索哈”布施罗刹母一食团。念诵“嗡哈热得 玛哈雅杰呢 哈Ra哈Ra萨儿瓦巴邦呢江索哈”布施罗刹母五百鬼子一食团。念诵“嗡阿哲班哲阿协贝索哈”布施有权享用献新之鬼神一食团。欲除食物之毒等,念诵“那美萨儿瓦波达波德萨埵囊 嗡巴朗达 得作巴朗呢索哈”八遍,以拇指与无名指接触食物并享用。 用餐过程中,以当生不净想、厌离想、利益虫类城市想、同住行往菩提果大船想而享用,勿以增长贪著之心而食。如《入行论》云:“己食唯适量。”论其方法,当依(《八支论》)所说“身中二分食,一分饮,一分空置”而行。又如《毗奈耶经》云:“二分饮与食,余一分空置。”具足本尊瑜伽者,当为供养本尊而享用并发愿。
从“吙 所有饮食清净物”到“享用大乘果”,出自智悲光尊者的《显密双运行境道用法》。
结座念诵“嗡额资扎 班哲阿协贝索哈”,布施有权享用余食之鬼神一食团。
之后漱口,为清净享用信财之障:
念诵此陀罗尼咒一遍,则享用如须弥山般斋食之障亦得清净。此咒出自《调伏决定续》。
随后念诵《毗奈耶经》中所说回向、发愿及布施偈: