Skip to content
« 上一篇 下一篇 » A- A A+ 微信原文

རང་ལ་དོག་བདའ་ཐལ་དྲགས་མ་བྱེད། 千万不要过度苛责自己

ཉམས་ལེན་གྱི་ཐད་ནས་རང་ལ་དོག་བདའ་མི་དགོས་ཏེ། དུས་ད་ལྟ་ཉིད་དང་དུ་ལོངས་དང། ཐ་ན་གོམ་གང་མདུན་དུ་སྤོས་ཀྱང་དགའ་བར་འོས།

修行不必苛责自己,接纳当下,哪怕只前进一步,也值得欢喜。

འོད་ཆུང་ངུ་ལའང་དགའ་འོས། 

微光也值得欢喜

དེང་སང་ཉམས་ལེན་པ་མང་ཆེ་བ་ཞིག་གིས། རྒྱུན་དུ་འདི་སྐད་དུ། བདག་ལ་དབང་ཐོབ་མྱོང་མོད། འོན་ཀྱང་ཉམས་ལེན་ཡག་པོ་མ་བྱས་པས། ཤིན་ཏུ་ཡིད་གནོང་ཞིང་འགྱོད་པ་སྐྱེ་འདུག བདག་ནི་ཧ་ཅང་ལེ་ལོ་ཅན་ཞིག་ཡིན། བདག་ནི་ཧ་ཅང་བླུན་ཞིང་རྨོངས་པ་ཡིན། བདག་ནི་ཧ་ཅང་འདོད་ཆགས་ཆེ། བདག་ནི་ཧ་ཅང་ཞེ་སྡང་ཆེ། རང་ཉིད་ལ་ཉོན་མོངས་ཇེ་ཆུང་དུ་གྱུར་པའི་བཟང་ཆ་ནི། སྤུ་ཙམ་ཡང་མཐོང་རྒྱུ་མི་འདུག། སེམས་ཇི་ཙམ་སྐྱོ་ན། དེ་ཙམ་གྱིས་སྒོམ་སྒྲུབ་བྱེད་མི་ཐུབ་ལ། མཐའ་མཇུག་དོགས་འཚེར་གྱི་ནད་དང་། ཁོང་འཚེར་ནད་སོགས་ཀྱང་འབྱུང་སྲིད། དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། རྗེས་སུ་དེ་བས་ཀྱང་ཉམས་ལེན་བྱེད་མི་ཐུབ་པར་འགྱུར་སྲིད། དེའི་ཕྱིར་ན། ང་ཚོས་སྒོམ་སྒྲུབ་ཉུང་ཙམ་ཞིག་བྱེད་ཐུབ་ནའང་། དེ་ལ་ཕན་ཡོན་ཤིན་ཏུ་ཆེན་པོ་ཡོད། དཔེར་ན་རབ་བྱུང་བ་འགའ་རེ། ཕྱིར་ཁྱིམ་པའི་རྟེན་ཅན་དུ་ལོག་པའི་ཚེ་ན། མི་མང་པོས་ཁོང་ཚོ་ལ་སྨད་ར་གཏོང་གིན་འདུག་མོད། འོན་ཀྱང་ཁོང་ཚོས་སྔོན་ཆད་ཐ་ན་ཉིན་བརྒྱ་ཙམ་ལ་ཚུལ་ཁྲིམས་རྣམ་དག་བསྲུངས་ཡོད་ན། དེའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་རེད། ཡང་དཔེར་ན་མི་ལ་ལས། རྡོར་སེམས་བསྙེན་པ་འབུམ་བཞི་བཟླ་བར་ཁས་བླངས་ཡོད་ན། རྗེས་སུ་ཡོངས་རྫོགས་བཟླས་མ་ཚར་བས། བདག་གིས་འབུམ་གཉིས་ཙམ་ལས་བཟླས་མེད་སྙམ་ནས། ཡིད་ཧ་ཅང་སྐྱོ་བར་བྱེད། དེ་འདྲ་མི་དགོས་ཏེ། ཁྱེད་ཀྱིས་འབུམ་གཉིས་བཟླས་ཐུབ་ཡོད་པས། ཧ་ཅང་དགའ་འོས་པ་ཞིག་རེད། ངས་ནི་འདི་ལྟར་བསམ་བཞིན་ཡོད། དགེ་བ་ཕྲན་བུ་ཙམ་སྒྲུབ་ནའང་ཅི་ཡང་མི་བསྒྲུབས་པ་བས་བཟང་། གལ་ཏེ་དགེ་བ་ཅི་ཡང་མ་བསྒྲུབས་ན། མུ་མཐུད་དུ་སྡིག་པའི་ལས་གསོག་སྲིད་པ་ཡིན། དགེ་བའི་ཆོས་གང་ཞིག་སྒྲུབ་ཀྱང་། དེའི་ཕན་ཡོན་ནི་གཞལ་དུ་མེད་པ་ཡིན།

现在大多数的修行人,经常这样说:我虽然得过灌顶,但是因为没有好好修行,我很惭愧,我很懒惰,我很愚痴,我贪心很重,我嗔心很重。越悲观,越修不下去,最后很有可能得抑郁症,得焦虑症,这是是很可怕的。

其实,我们哪怕是只修了一点点,也有很大的功德。比如有些出家人还俗了以后,虽然有很多人呵斥他们,但是如果他们曾经受过一百天的清净戒律,也有不可思议的功德。

又比如有些人,发愿念四十万遍金刚萨埵心咒,但后来没有念完,只念了二十万遍,自己很伤心失望。完全没有必要这样,你已经念了二十万遍,这是很值得高兴的事情。

哪怕是做一点点善行,也比不做好,不管做任何善法,它的功德都是无量无边的。

དོག་བདའ་མི་བྱེད་པ་ནི་དྲོད་འཇམ་གྱི་རིག་པ།

不苛责,是温柔的清醒

མི་མང་པོ་ཞིག་ནི་གཞན་དང་ཐ་དད་ཅིང་ཕུལ་དུ་ཕྱིན་པ་ཞིག་ཏུ་འགྱུར་བར་རེ་ནས།  དེའི་ཕྱོགས་སུ་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད། འོན་ཀྱང་འཚོ་བའི་ཚད་གཞི་ཇེ་མཐོ་ནས་ཇེ་མཐོར་སོང་བ་དང་བསྟུན་ནས། རང་གི་རེ་འདོད་ལྟར་མ་འགྲུབ་ཚེ་སྡུག་བསྔལ་གྱིས་མནར་བར་འགྱུར། དཔེར་ན་སློབ་གྲྭར་སློབ་སྦྱོང་བྱེད་པའི་དུས་སུ། འཛིན་གྲྭའི་ཨང་དང་པོ་ནས་གསུམ་པོ་ནི་མི་ཉུང་ཤས་ཤིག་ལས་མེད་ནའང་། མིང་རིམ་དེ་མ་ཐོབ་ཚེ་སློབ་མ་ཁ་ཤས་ཀྱིས་རང་ཉིད་ལ་ཡིད་མི་ཆེས་ཤིང་རང་གིས་རང་ཁས་མི་ལེན་པར་བྱེད།  ཡང་ལ་ལས་རླངས་འཁོར་གཟའ་འཛོམས་ཅན་དང་རྒྱས་སྤྲོས་ཅན་གྱི་ཁང་པ་ཞིག་ངེས་པར་དུ་ཡོད་དགོས་པར་བསམས་ཤིང་། ཚད་གཞི་དེར་མ་སླེབས་ཚེ་རང་ཉིད་ནི་ཕམ་ཉེས་པ་ཞིག་ཏུ་བརྩིས་ནས། རང་རྟོན་ཉམས་པར་མ་ཟད་རང་གིས་རང་ལ་སྨོད་པར་བྱེད། 

དེ་ལྟར་མི་ལ་ལས་རང་གི་འཚོ་བ་དང་མི་ཚེ་ལ་ཡིད་ཆེས་མེད་པར། རང་གིས་བྱ་བ་གང་ཡང་ལེགས་པར་མི་འགྲུབ་པར་སྙམ་ནས། ཉིན་ལྟར་སྡུག་བསྔལ་སྣ་ཚོགས་ཀྱི་ཁྲོད་དུ་བྱིང་ནས་ཡོད། ཡང་ལ་ལས་རང་གི་ལུས་ཕུང་ལ་གནོད་པ་མི་སྐྱེལ་ནའང་། རྒྱུན་དུ་རང་གིས་རང་ལ་སྨོད་ཅིང་།  རང་ཉིད་ནི་བླུན་ཞིང་དམན་པ་ཞིག་ཏུ་བརྩི།  དོན་དངོས་སུ་མི་རེ་རེའི་ཚེ་རབས་སྔོན་མའི་ལས་མི་འདྲ་བས། ཚེ་འདིའི་ནུས་པའང་མི་འདྲ། དེའི་ཕྱིར་སློབ་སྦྱོང་དང་འཚོ་བ་གང་ཡིན་རུང་། ཚང་མས་རང་གིས་རང་དང་ལེན་བྱས་ཏེ། འཚོ་བར་བཅངས་པའི་སྤྲོ་སེམས་དང་ཡིད་ཆེས་རྒྱུན་འཁྱོངས་བྱེད་དགོས། 

ནང་པའི་ཁྲོད་དུའང་ཉམས་ལེན་པ་ཁ་ཤས་ཀྱིས་རང་ཉིད་ལ་སྨོད་པར་བྱེད་དེ། དཔེར་ན། ལ་ལས་རང་ཉིད་མཚན་མོར་གཉིད་ཡུན་རིང་དྲགས་པས། འདི་ལྟར་བྱས་ན་མི་ལེགས་ཤིང་ཉམས་ལེན་ལ་གནོད་པར་སྙམ་པ་ལྟ་བུ་རེད། ཡང་ལ་ལས་རང་གིས་ཁ་བཏོན་འདོན་གྲངས་མི་འདང་བ་དང་། ཉོན་མོངས་ལྕི་ཞིང་སེམས་རྒྱུད་བཟང་པོ་མེད་པར་འདོད་པ་སོགས་ཀྱིས། འདི་ལྟར་རང་ཉིད་ལ་ཁྱད་གསོད་བྱེད་པ་ནི་ཤིན་ཏུ་མི་ལེགས། སྤྱིར་མཚན་མོར་ཆུ་ཚོད་བདུན་ནམ་བརྒྱད་ལ་གཉིད་ལེགས་པོ་ཞིག་ཁུག་ཐུབ་ནའང་ཧ་ཅང་བཟང་སྟེ། གཉིད་ནི་ང་ཚོའི་ཚེ་སྲོག་ལ་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། ལ་ལས་རྟག་པར་གཉིད་མང་དྲགས་ཤིང་རང་ཉིད་བླུན་རྨོངས་ཡིན་པར་བསམས་མོད། འོན་ཀྱང་ནང་པ་ཡིན་ནའང་འདྲ། ནང་པ་མིན་ནའང་འདྲ་སྟེ། རང་ཉིད་ལ་འདི་ལྟར་མཐོང་ཆུང་བྱེད་དགོས་དོན་གཏན་ནས་མེད།

很多人都想与众不同,都想比别人优秀,拼命朝着这个方向努力。但随着对生活水平的要求越来越高,一旦没达到自己的期待,就痛苦万分。在学校里学习时,班级里的前三名只是少数人,但如果没有得到这个名次,有些学生就会陷入自我怀疑与自我否定之中。还有些人觉得必须要有豪车、富丽堂皇的房子,一旦达不到这种标准,就觉得自己是个失败者,丧失自信,诋毁自己。

有些人对生活和人生失去了信心,觉得自己任何事情都做不好,每天沉浸在种种痛苦之中。每个人前世的业力不同,今生的能力也不同,所以,不论是在学习上还是生活中,都应该接受自己,保持对生活的热情和信心。

佛教当中也有一些修行人会诋毁自己。例如,有些人认为自己晚上睡得太久,觉得这样不太好,会影响修学佛法。还有些人觉得自己功课念得不够,觉得自己的烦恼深重、心地不够善良……这样轻毁自己很不好。

གྲིམས་ལྷོད་བར་གྱི་ཚོད་འཛིན། 

松紧之间,皆是分寸

རང་གིས་རང་ལ་སྙིང་རྗེ་སྒོམ་རྒྱུ་ཤིན་ཏུ་གལ་ཆེ། གལ་ཏེ་རང་ཉིད་ལ་བྱམས་པ་དང་སྙིང་རྗེ་མེད་ཅིང་དང་ལེན་མི་བྱེད་ན། འཇིག་རྟེན་འདིར་འཚོ་གནས་བྱེད་དཀའ་སྟེ། བྱམས་སྙིང་རྗེ་ནི་འགུལ་སླེ་དང་འདྲ་བར་ང་ཚོར་སྲུང་སྐྱོབ་བྱེད་ཐུབ་ལ། རིམ་གྱིས་འཚོ་བར་གདོང་གཏོད་པའི་སྟོབས་ཤུགས་ཀྱང་སྦྱིན་པར་བྱེད། འོན་ཀྱང་འཚོ་བའི་ཁྲོད་དཀའ་སྡུག་དང་འཕྲད་ཚེ།  ཉོན་མོངས་དྲག་པོའི་རྗེས་སུ་འབྲངས་ནས།  རང་གི་སྤྱོད་ལམ་ལ་ཚོད་འཛིན་མི་བཡེད་པར། རྣམ་གཡེང་དང་ལེ་ལོའི་ཁྲོད་དུ་མི་ཚེ་སྐྱེལ་མི་རུང་།

དམ་དྲགས་ནས་ནང་དུ་བསྡུས་པ་ནི་མཐའ་གཅིག་ཏུ་ལྷུང་བ་ཡིན་ལ། ལྷོད་དྲགས་ནས་གང་འདོད་དུ་བཏང་བའང་མཐའ་གཅིག་ཏུ་ལྷུང་བ་ཡིན་པས། ང་ཚོས་རང་སེམས་ཚོད་དང་རན་པར་སྙོམས་ཤིང་། མཐའ་གཉིས་སུ་མ་ལྷུང་བ་ཞིག་བྱེད་དགོས།

བོད་ཀྱི་མཁས་པ་མ་ཅིག་ལབ་སྒྲོན་གྱིས། གྲིམས་པའང་མ་ཡིན་གློད་པའང་མིན། འདི་ནི་ལྟ་བའི་གནད་ཅིག་ཡིན། ཞེས་གསུངས་པ་ལྟར།

སེམས་ནི་དམ་དྲགས་ནའང་མི་རུང་ལ། ལྷོད་དྲགས་ནའང་མི་རུང་བས། ལྷོད་གྲིམས་རན་པ་བྱུང་ན་ཡང་དག་པ་ཡིན།  ཚོད་དང་རན་པའི་གནོན་ཤུགས་ཤིག་སྤྲད་ན། རང་གི་སློབ་སྦྱོང་དང་བརྩོན་འགྲུས་ལ་སྐུལ་འདེད་གཏོང་ཐུབ། གལ་ཏེ་སེམས་དམ་དྲགས་ནས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་དཀའ་བར་སྙམ་ཚེ།  སེམས་ཅུང་ཟད་ལྷོད་ལ་འབབ་དགོས།

自我慈悲确实很重要。如果对自己没有慈悲心、不接受自己,很难在世间生存下去。慈悲心就像摇篮,能保护我们,让我们逐渐获得面对生活的力量。不过,在生活中遇到困苦时,也不能放任自己随深重的烦恼而转,行为不加以节制,一味地在散乱和懈怠当中度日。

过紧而内收是堕一边,放松而放纵也是堕一边,我们应该适当地调节自心,避免堕于这两种极端。藏地的智者玛吉拉准曾说过:“不紧亦不松,彼具正见要。”

内心既不能太紧,也不能太松,松紧适度才是正确的。给自己适度的压力,能督促自己学习、精进;如果心绷得太紧,做什么都觉得困难,就需要把心放松一点。

དལ་གྱིས་བསྐྱོད་དང་ཆུང་ངུ་ཡིན་རུང་གྲངས་སུ་བརྩི།

慢慢来,一点点也算数

དེ་ཡང་།  ང་ཚོས་འཚོ་བའི་ཁྲོད་དུའང་འབད་པ་དང་བརྩོན་འགྲུས་བསྐྱེད་དགོས་ཏེ།  ས་སྐྱ་པཎྜི་ཏས།རང་ལ་དགོས་པའི་བསྟན་བཅོས་རྣམས། །ཉི་མ་རེ་རེར་ཚིག་རེ་ཟུངས། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། །ཞེས་གསུངས་པ་ལྟར། 

སློབ་སྦྱོང་བྱེད་པའི་ཚེ།  ཉིན་རེར་ཚིག་ཉུང་ངུ་རེ་བློ་ལ་བཟུང་ནའང་། ཡུན་རིང་པོ་མ་འགོར་བར། རང་ཉིད་མཁས་པར་འགྱུར་ངེས་ཡིན། དཔེར་ན་བུང་བས་སྦྲང་རྩི་ཐིགས་པ་རེ་རེ་གསོག་པ་དང་། གྲོག་མས་གྲོག་ཚང་རིམ་གྱིས་བརྩིགས་ལྟར་དུ། ནམ་ཞིག་གི་ཚེ་ན་རང་གི་འདོད་དོན་འགྲུབ་པར་འགྱུར། 

ང་ཚོས་རྒྱུན་དུ་བློ་ཁོག་ཡངས་ཤིང་སེམས་ཁམས་ལྷོད་ལ་འབབ་དགོས། འཚོ་བའི་ཁྲོད་དོན་རྐྱེན་གང་དང་འཕྲད་ཀྱང་། ཞེན་འཛིན་ཆེན་པོ་མི་བྱེད་པར། སེམས་པ་སྤྲོ་ཞིང་ལྷོད་པོས་གདོང་གཏད་དགོས། འཚོ་བའི་ཁྲོད་དུ་དཀའ་ངལ་སྣ་ཚོགས་དང་གདོང་གཏོད་དགོས་ལ།  ལ་ལས་དང་ལེན་བྱེད་ནུས་ཀྱང་ལ་ལས་དང་ལེན་བྱེད་མི་ནུས། འོན་ཀྱང་ང་ཚོས་འཚོ་བའི་ཕྱོགས་ཀུན་ལ་དང་ལེན་བྱེད་རྒྱུར་བསླབ་དགོས་པར་མ་ཟད། དེ་ཉིད་ནི་སློབ་སྦྱོང་དང་རང་ཉིད་མཐོར་འདེགས་སུ་གཏོང་བའི་གོ་སྐབས་ཤི་ཏུ་ངེས་འཛིན་དགོས།

在学习时,每天记住一个知识点,不用很长时间,自己就会变成智者,正如蜜蜂一点一滴地积累蜂蜜,蚂蚁一点一点地建造蚁穴,总有一天会达成所愿。

我们平时要保持心态乐观、放松。当生活中发生一些事情时,不要太执著,要保持心情愉快,坦然面对。生活中所需要面对的种种困难,有些人能接受,有些人却不能接受,但我们要学会接受生活的方方面面,并把它当成学习、提升的机会。

མཁན་པོ་བསོད་དར་རྒྱས་ཀྱི་གསུང་། 
ནང་པས་ཇི་ལྟར་རང་ཉིད་ལ་
བྱམས་སྙིང་རྗེ་སྒོམ་ཚུལ་ཞེས་པ་ལས་དྲངས། 
节选自索达吉堪布
《佛教如何理解自我慈悲》