འཚོ་བའི་ཁྲོད་དུ་དྲང་གཞག་མིན་པར་གདོན་ལེན་བྱེད་ཚུལ། 如何应对生活中的不公平
这个世界看起来
充满了不公平
事实上
每个人在业和因果面前
都是平等的
འཚོ་བའི་ཁྲོད་དུ། འདྲ་མཉམ་མིན་པའི་ལྟ་སྟངས་མང་པོ་ཞིག་འབྱུང་སྲིད་ལ། ལྟ་སྟངས་དེ་དག་ལ་ངོས་འཛིན་བྱེད་སྟངས་གཉིས་ཡོད་དེ། གཅིག་ནི། དངོས་གནས་འདྲ་མཉམ་མ་ཡིན་པ་སྟེ། དཔེར་ན་ཁྱོད་ཀྱི་གོ་གནས་དང་རྒྱུ་རྫས་ལོངས་སྤྱོད། གཞན་ཕྱོགས་གང་ཐད་ནས་བལྟས་ནའང་། རང་གིས་ཀྱང་འདྲ་མཉམ་མིན་པར་སྙམ་པ་ཡིན་ལ། དོན་དངོས་སུའང་དེ་འདྲ་ཞིག་ཡིན། གཞན་དེ་ནི། རང་ཉིད་ཀྱིས་འདྲ་མཉམ་མིན་པར་སྙམ་ནའང་། དོན་དངོས་སུ་ཧ་ཅང་འདྲ་མཉམ་ཡིན། དེ་ནི་ང་ཚོ་རང་རང་སོ་སོའི་རྣམ་རྟོག་གམ། འཁྲུལ་སྣང་ཞིག་ལས་བྱུང་བ་ཡིན།
很多人都觉得自己在生活中受到了不公平的待遇,事实上,这其中有两种情况。第一种情况是你的确受到了不公正的对待。例如,你的地位、财产等等,被人无故剥夺,包括其他方方面面,事实也确实如此。除此之外,还有一种情况就是,虽然自己认为不公平,但实际上这只是自己的一种分别念和妄想。
དེར་བརྟེན། ང་ཚོ་འདྲ་མཉམ་མིན་པའི་ལྟ་སྟངས་དང་འཕྲད་པའི་སྐབས་སུ། ནང་ཆོས་ཀྱི་ངོས་ནས་བཤད་ན། གུ་ཡངས་དང་བཟོད་སྒོམ་བྱེད་དགོས་པ་དང་། ཡང་ན་བློ་ཁོག་ཡངས་པོའི་སྒོ་ནས་དང་ལེན་བྱ་དགོས། དེ་ལྟར་བྱས་ན། འཇིག་རྟེན་གྱི་དཀའ་གནད་མང་པོ་ཞིག་ཀྱང་ངང་གིས་སེལ་ཐུབ། ངས་བསམས་ན་འཇིག་རྟེན་པའི་བྱེད་སྟངས་དང་། ཐེག་པ་ཆེན་པོའི་ལྟ་བ་གཉིས་ལ། ཁྱད་པར་ཅུང་ཙམ་ཞིག་འདུགདེ་ལྟ་ན་མི་ཁ་ཤས་ཤིག་གིས་བསམ་པར། གཞན་གྱིས་ཁྱོད་ལ་འདྲ་མཉམ་མིན་པའི་ལྟ་སྟངས་ཡོད་ཀྱང་། ཁྱོད་ཀྱིས་ད་དུང་མུ་མཐུད་དུ་འདི་ལྟར་བཟོད་སྒོམ་བྱས་ན། སྤྱི་ཚོགས་འདི་རྙོག་འཛིང་ཅན་ཞིག་ཏུ་འགྱུར་འགྲོ་བ་མ་ཡིན་ནམ་ཞེ་ན། དེའི་སྐབས་སུ་ང་ཚོས་ངེས་པར་དུ་ཞིབ་དཔྱད་ཡག་པོ་བྱ་དགོས་ཏེ། སྤྱིར་བདག་ལ་དེ་རིང་འདྲ་མཉམ་མིན་པའི་གནས་ཚུལ་མང་པོ་འབྱུང་བ་འདི་དག གཅིག་བྱས་ན་རང་གིས་མི་དེ་ལ། སྐྱེ་བ་སྔ་མའི་བུ་ལོན་ཁ་ཤས་ཤིག་ད་དུང་འཇལ་མེད་པའི་རྐྱེན་གྱིས། ཚེ་འདིར་ཁོས་ཐབས་ཚུལ་འདི་འདྲ་ལ་བརྟེན་ནས་བུ་ལོན་ལེན་པ་ཡིན།
按佛教的观点来讲,当我们遭受不公平的对待时,如果能用包容的心态去面对,抱有宽恕和谅解,很多问题都能迎刃而解。这种观念和世间的习惯有所不同。很多人会觉得,如果别人对自己不公,自己还一味忍让,这个世界肯定会越来越乱。其实,在这种情况下,我们应该要学会反思:我今天所遇到的种种不公,很可能是我前世对这个人有一些债还没有还上,今生便以这种方式来还债。
འདི་ནི་ཆོས་ལུགས་ཀྱི་བཤད་སྟངས་ཤིག་ཡིན།གལ་ཏེ་ཆོས་ལུགས་ཀྱི་བཤད་སྟངས་ལྟར་མིན་ན། གཞན་གྱིས་ཁྱོད་ལ་འདྲ་མཉམ་མིན་པའི་ལྟ་སྟངས་དེ་ལ། ཐག་གཅོད་བྱེད་པའི་ཐབས་ཤེས་གཉིས་ཡོད་དེ། ཐབས་ཤེས་གཅིག་ནི་དེ་ལ་ཡ་ལན་སློག་པ་སྟེ། གཞན་གྱིས་ཁྱོད་ལ་འདྲ་མཉམ་གྱི་ལྟ་སྟངས་མ་བཟུང་ན། ཁྱོད་ཀྱིས་ཀྱང་དེ་ལ་དེ་ལྟར་དུ་ངན་ལན་བྱེད་པ། དེ་ལྟར་བྱས་ན་དོན་དག་ཁ་ཤས་ལ་མཇུག་འབྲས་བཟང་པོ་འབྱུང་སྲིད་ཀྱང་། ཡང་དོན་དག་ཁ་ཤས་ལ་ཕན་ཐོགས་མེད་པ་ཡང་འགྱུར་སྲིད།
ཐབས་ཤེས་གཞན་ཞིག་ནི། གཞན་གྱིས་ཁྱོད་ལ་འདྲ་མཉམ་གྱི་ལྟ་སྟངས་མེད་པའི་སྐབས་སུ། ཁྱོད་ཀྱིས་རྟག་ཏུ་བཟོད་པ་བརྟན་པོ་སྒོམ་པ་དང་། བློ་ཁོག་ཡངས་པོས་གདོང་ལེན་བྱས་ན། གནས་སྐབས་སུ་ཁྱོད་ལ་འདྲ་མཉམ་མིན་པའི་ལྟ་སྟངས་ལྟ་བུ་ཡོད་ན་ཡང་། རིམ་གྱིས་ཁྱོད་ལ་ཕན་པ་འབྱུང་ངེས་ཡིན།
另一种方式就是,当别人对你不公时,你保持坚强、安忍,并勇敢地面对一切。虽然暂时看来,这好像对自己很不公平,但你逐渐就会发现,这对自己有很大的意义。
དེའི་ཕྱིར་ང་ཚོས་ཤེས་རབ་ཀྱིས་ཞིབ་དཔྱད་བྱས་ནས། རང་ལ་ཆེས་འོས་ཤིང་འཚམ་པའི་ཐབས་ཤེས་ལག་ལེན་དུ་བསྟར་དགོས།
希望大家可以用智慧来观察,找到与自己最相应、最适合的方法来处理这样的情况。
生活未必处处公平
但你可以处处修心
ཡང་། བསམ་གཏན་གྱི་སེམས་ཞེས་པ་ཅི་ཞེས་ཞུས་པར། བསམ་གཏན་པས། དེ་ནི་སོ་སོ་སྐྱེ་བོ་དང་འཕགས་པ་མཉམ་པ་ཉིད་དུ་ལྟ་ཞིང་། ཐམས་ཅད་ལ་གུ་ཡངས་བྱེད་པའི་སེམས་དེ་ཉིད་ཡིན་ཞེས་གསུངས། རྗེས་སུ་མོ་རང་ཡང་ཉམས་ལེན་པ་ཧ་ཅང་བཟང་པོ་ཞིག་ཏུ་གྱུར་སོང་།
འཚོ་བའི་ཁྲོད་དུ། ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྟེང་ནས། གནམ་དང་ས་ཡིས་རང་ལ་དྲང་གཞག་མ་བྱས། མི་དང་མི་མིན་ཐམས་ཅད་ཀྱིས་ཀྱང་རང་ལ་དྲང་གཞག་མ་བྱས་སྙམ་པའི་རྣམ་འགྱུར་གཏན་ནས་སྟོན་མི་རུང་། གལ་ཏེ་ཉིན་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་འདི་དགྲ་བོ་ལྟ་བུར་བཟུང་ན་མི་ལེགས། སྤྱིར་ན་བླ་མས་གསུངས་པའི་གདམས་ངག་དེ་དག་འཚོ་བའི་ཁྲོད་དངོས་སུ་ཉམས་སུ་ལེན་ཐུབ་ན། གནས་ཚུལ་གང་དང་འཕྲད་ཀྱང་དང་ལེན་མི་ཐུབ་པར་སྡུག་བསྔལ་བྱེད་དགོས་པ་ཅི་ཡང་མེད། གལ་ཏེ་དྲང་གཞག་མིན་པ་རེ་དང་འཕྲད་ཚེ། དེ་ནི་ཚེ་རབས་སྔོན་མའི་ལས་ཀྱི་རྣམ་སྨིན་ཡིན་པར་བསམ་དགོས་ལ། བདེ་སྐྱིད་དང་དགའ་སྤྲོ་རེ་བྱུང་ཚེ། དེ་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཡིན་པར་བསམ་དགོས། འདི་ནི་ཀུན་རྫོབ་ཀྱི་ཆ་ནས་ཉམས་སུ་ལེན་ཚུལ་ཡིན་ལ། དོན་དམ་གྱི་ངོས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས། ཞེན་ཆགས་ཅུང་ཟད་ཙམ་ཡང་བྱེད་མི་དགོས།
在生活中,我们的身口意千万不要表现出天对我也不公平、地对我也不公平、所有人和非人对我也不公平的态度。如果天天都将器情世间当作怨仇一样来对待,那就不是很好。其实,只要能将上师所讲的教言用在生活中,就不会有不能接受而非常痛苦的事。如果有一些不公平,就想是前世业力所致;如果有一些快乐,就想是佛菩萨的加持。这是世俗方面的修法。如果从胜义来讲,就是一切都是空性的,不应有丝毫执著。
节选自索达吉堪布
《当代的公平与正义》问答