འདི་གསུམ་བསྒྲུབས་ན་འགྲོགས་འདྲིས་ལ་དཀའ་བ་མེད། 做到这三点,人与人相处其实并不难
生活中最难面对的
往往不是事情本身
而是那些让我们痛苦的人
我们无法预测会遇到谁
但可以选择
以怎样的心态面对他们
01
少一些排斥,人与人才能真正靠近
རང་གི་སེམས་ཀྱི་ནང་དུ། གཞན་ཕྱིར་ཕུད་ཀྱི་བསམ་པ་ཡོད་པ་དང་། ཡང་ན་རང་ཉིད་ཚོར་སྣང་སྐྱེན་པོ་ཡིན་ན། ཉེ་ཟུར་གྱི་མི་རྣམས་དང་། ཧ་ཅང་འགྲོགས་དཀའ་མོ་ཡིན།
དེའི་ཕྱིར་ན་ཁྱེད་ཀྱི་དྲི་བ་འདི་ནི། ན་གཞོན་མང་པོ་ཞིག་གི་གནད་དོན་རེད།
དེང་སང་ན་གཞོན་མང་པོ་ཞིག་གིས། མི་དང་མིའི་བར་གྱི་འབྲེལ་བ་ལེགས་པོ་བྱེད་མི་ཤེས།
གོང་རིམ་གྱི་མི་ལ་གུས་ཞབས་དང་བརྩི་བཀུར་བྱེད་མི་ཤེས་པ་དང་། བར་མ་དང་འདྲ་མཉམ་གྱི་མི་ལ། མཉམ་འགྲོགས་བྱེད་མི་ཤེས། འོག་རིམ་གྱི་མི་ལ། བྱམས་པའི་སེམས་ཀྱིས་སྐྱོང་མི་ཤེས་པ་འདུག
དེའི་ཕྱིར་ང་ཚོས་གོང་འོག་གཡས་གཡོན་དང་། དེ་བཞིན་དུ་རང་གི་མདུན་དང་རྒྱབ་ཀྱི། མི་ཐམས་ཅད་ལ་སེམས་ཁུར་བྱེད་དགོས།
གལ་ཏེ་ང་ཚོའི་སེམས་ལ། བྱམས་བརྩེ་དང་སྙིང་རྗེ་ཡོད་ན། མི་དང་མིའི་བར་གྱི་འགྲོགས་འདྲིས་ནི་དཀའ་མོ་ཞིག་གཏན་ནས་མིན།
如果自己的心总在排斥别人,诸多忌讳、斤斤计较,那身边人不管怎么做,的确都很难相处。
当今很多年轻人,不太会处理人与人之间的关系。
对上面的人,不懂得恭敬尊重;
对平等的人,不懂得理解相处;
对下面的人,不懂得以爱心维护。
02
换一种眼光,怨敌也能成为助缘
མི་ཕལ་པ་ཞིག་རང་ལ་གནོད་པ་བྱས་མྱོང་མཁན་གྱི་མི་དང་འཕྲད་ཚེ། དབང་མེད་དུ་སུན་སྣང་སྐྱེ་ངེས་ཡིན། ཆོས་ཉམས་ལེན་པ་ཞིག་ཡིན་ན་རང་གི་དགྲ་དེར་བྱེད་སྟངས་གང་འདྲ་དགོས་སམ།
མི་ཕལ་ཆེ་བ་དགྲ་བོ་དང་འབྲེལ་འདྲིས་བྱེད་པར་མི་དགའ་མོད། འོན་ཀྱང་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས། ལྷག་པར་དུ་ཉམས་ལེན་པ་བཟང་པོ་ཞིག་ཡིན་ན། དགྲ་བོ་དང་འབྲེལ་འདྲིས་ཐུབ་པར་མ་ཟད། ཕ་རོལ་པོའི་གནོད་འཚེ་ལ་བརྟེན་ནས་ཉམས་ལེན་གོང་འཕེལ་དུ་གཏོང་ཐུབ།
དཔེར་ན་བོད་བརྒྱུད་ནང་བསྟན་གྱི་ཇོ་བོ་རྗེ་ཨ་ཏི་ཤས། རྒྱུན་དུ་གཤིས་རྒྱུད་གཏུམ་པའི་ཉེ་གནས་ཤིག་ཁྲིད་དེ། དེ་ལ་བརྟེན་ནས་བཟོད་པ་སྒོམ་པར་མཛད་དོ། །
དཔེར་ན་དུག་ལ་མཚོན་ན། མི་ཕལ་བ་རྣམས་ཀྱིས་འཛེམ་ཅི་ཐུབ་བྱེད་མོད། འོན་ཀྱང་སྨན་པ་མཁས་པ་དག་དེ་ལ་མི་འཇིགས་པར་མ་ཟད། ལེགས་སྦྱོར་བྱས་ཏེ་སྨན་མཆོག་ཏུ་བསྒྱུར་བར་བྱེད།
དེ་དང་འདྲ་བར། ཉམས་ལེན་གྱི་ཚད་ཅུང་དམའ་བའི་མི་རྣམས་ཀྱིས། དགྲ་བོ་མཐོང་ཚེ་འཇིགས་སྣང་། སུན་སྣང་སྐྱེ་བ་ཡིན། ཉམས་ལེན་གྱི་ཚད་ཅུང་མཐོ་བའི་མི་རྣམས་ཀྱིས། དགྲ་ནི་ཉམས་ལེན་གྱི་མཐུན་རྐྱེན་དུ་འཛིན་པ་ཡིན།
འཚོ་བའི་ཁྲོད་དུ། མིའི་ཁམས་དབང་དང་རྟོགས་པའི་ཚད་མི་འདྲ་བས། སེམས་ཁམས་ཀྱི་གནས་སྟངས་དང་སྤྱོད་པའང་མི་འདྲ།
一般人遇到曾经损害自己的人,会禁不住心生厌烦。那么修行人应该如何对待怨敌呢?
大多数人不喜欢接触怨敌,不过作为修行人,尤其是修行很好的人,不仅能接触怨敌,还能依靠对方带来的损恼,使自己的修行不断进步。
比如藏传佛教的阿底峡尊者,经常带着一个脾气暴躁的侍者,通过这种方式修习安忍。
对于毒药,一般人避之唯恐不及,但是高明的医生不仅不畏惧,还可以通过调配,将毒药转化为妙药。同样,尚不具备修行境界的人,看到怨敌会心生畏惧、进行排斥;而具有修行境界的人,会把怨敌看作修行的助缘。
在生活当中,因为人的根基和境界不同,心态和行为也就不同。
03
多一分慈悲,关系自然更加和谐
གཙོ་བོ་བྱམས་བརྩེ་དང་གུ་ཡངས་ཀྱི་སེམས་ཤིག་ལྡན་དགོས། དེ་ལྟར་གཞན་གྱིས་རང་ལ་གནོད་པ་ཇི་ཙམ་བསྐྱལ་ཡང་། སེམས་སུ་ཞེ་སྡང་སྐྱེ་མི་སྲིད་ལ། འཆམ་མཐུན་གྱི་ངང་ནས་འབྲེལ་འདྲིས་ཀྱང་བྱེད་ཐུབ།
ནོ་བྷེལ་ཞི་བདེའི་བྱ་དགའ་ཐོབ་མཁན་མཱ་ལ་ལཱ་ཞེས་པ་དེས། ང་ནི་ཐ་ན་རང་གི་སྲོག་ལེན་འདོད་མཁན་གྱི་མི་ལའང་ཞེ་སྡང་མི་སྐྱེ་སྟེ། འདི་ནི་ངས་སྟོན་པ་ཡེ་ཤུ་དང་སངས་རྒྱས་བཅོམ་ལྡན་འདས་སོགས། སྔོན་གྱི་དམ་པ་རྣམས་ལས་བསླབས་པའི་བྱམས་བརྩེ་ཡིན་ཞེས་གསུངས།
དེ་ལས་ལྡོག་སྟེ་བཤད་ན། གལ་ཏེ་བྱམས་བརྩེ་དང་གུ་ཡངས་ཀྱི་སེམས་མེད་ན། གཞན་གྱིས་རང་ལ་ཅི་ཙམ་ལེགས་པོ་བྱེད་ཀྱང་། རང་གིས་ཕ་རོལ་པོར་ཞེ་སྡང་དང་འཁོན་སེམས་འཛིན་པའང་ཡོད་སྲིད།
与人相处关键是要有一颗慈悲、包容的心。
这样,不论别人如何伤害自己,都不会生起怨恨,还能够与之和睦相处。诺贝尔和平奖获得者马拉拉说:“我甚至不怨恨想要杀害我的人,这是我从导师耶稣和佛陀等先知们身上所学到的慈悲。”
反过来说,如果没有慈悲与包容心,那么即使别人对自己很好,自己也可能对对方心怀嗔恨。
ལོ་རྒྱུས་དེབ་ཐེར་ལས། ཧྲུན་(舜)ཞེས་པའི་ཕ་ནི་ལོང་བ་ཡིན་ལ། ཁོང་གི་སྐྱེད་མ་ཚེ་ལས་འདས་རྗེས། ཕས་ཡང་བསྐྱར་ཆུང་མ་ཞིག་བླངས་ཏེ་བུ་ཞིག་བཙས། ཕ་དེ་ཆུང་མ་རྗེས་མའི་བུ་ལ་དགའ་ཞིང་། རྒྱུན་དུ་ཧྲུན་(舜)གསོད་པར་འདོད། ཧྲུན་ལ་ནོར་འཁྲུལ་ཕྲན་བུ་བྱུང་ཚེ་ཉེས་ཆད་ལྕི་མོ་བཅད། ཡིན་ནའང་ཕ་དང་མ་རྗེས་མ། ནུ་བོ་བཅས་ལ་མཐུན་པར་བཀུར་ཞིང་ཉིན་རེ་བཞིན་ལྷག་པར་གུས་ཤིང་བརྩོན་པ་ལས་ལྷོད་གཡེང་མ་བྱས། ཧྲུན་ནི་ཤིན་ཏུ་སྤྱང་གྲུང་འཛོམས་པས། ཁོ་ཚོས་གསོད་པར་འདོད་སྐབས་རྙེད་དུ་མེད་ལ། དགོས་མཁོ་བྱུང་ནས་བཙལ་ཚེ་རྟག་ཏུ་འཁྲིས་སུ་ཞབས་ཞུར་ཡོད།
《史记》中记载,舜的父亲是个瞎子,生母去世后,父亲又娶了一个妻子,并生了一个儿子。父亲喜欢后妻的儿子,总想杀死舜,遇到小过失就要严厉惩罚他。但舜却孝敬父母、友爱弟弟,从来没有松懈怠慢。舜非常聪明,他们想杀舜的时候,却找不到他,但有事情需要他的时候,他又总在旁边恭候着。
有一次,舜爬到粮仓顶上去涂泥巴,父亲就在下面放火焚烧粮仓,但舜借助两个斗笠保护自己,像长了翅膀一样,从粮仓上跳下来逃走了。
后来,父亲又让舜去挖井,舜事先在井壁上凿出一条通往别处的暗道。挖井挖到深处时,他们一起往井里倒土,想活埋舜,但舜又从暗道逃开了。
他们本以为舜必死无疑,但后来看到舜还活着时,就假惺惺地说:“你跑到哪里去了?我们特别想你啊……”他们经常想方设法害舜,但舜不计前嫌,还像以前一样侍奉父亲、友爱弟弟。
后来他的美名远扬,尧帝知道后,把两个女儿嫁给他,并让位于他,天下人都归服于舜。舜后来传位给禹也是这样。
以慈悲待人
以智慧处世
节选自索达吉堪布
《藏传佛教思想》问答