Skip to content
堪布微博
搜索到 301 条微博 · 共收录 14627 条微博 · 导出微博
བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་རིགས་པའི་གཞུང་ལུགས།
ལོ་༡༣༠༠་སྔོན་གྱི་ཐང་གི་རི་མོ།
བཙན་པོའི་དུས་ཀྱི་རི་མོ།
རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བོད་གངས་ཅན་པའི་སྐྱེས་མ་ཡོངས་ལ་ལུས་སེམས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ། དེ་དང་ཆབས་ཅིག་དོན་གལ་བོ་ཆེ་ནན་ཞུ་བྱ་དགོས་པ་གཅིག་ནི། ཁྱིམ་ཚང་གི་སློབ་གསོ་ལ་བརྟེན་ནས་མི་རིགས་ཤིག་སྐྱོབ་དགོས་པའི་དུས་ལ་བབ་ཅིང་། དེའི་རྩ་བ་ཨ་མ་རྣམས་ལ་ཐུག་ཡོད་པས་བྱ་བ་འདི་ལ་སེམས་ཁུར་མཛོད། འབད་པ་མཛོད། ནན་ཏན་མཛོད།
祝三八节快乐
ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོའི་ཕ་སྐད་མ་ཡིག་གི་དོན་འདི་ལ་ངེས་པར་དུ་འགན་ལེགས་པོ་ཞིག་ལེན་རོགས་གྱིས། འཇིགས་སུ་རུང་བའི་གནས་ཚུལ་ཡ་ང་བ་ཞིག་འོང་གིན་འདུག་པ་འདི་ཁྱེད་ཅག་གིས་མ་མཐོང་ཁུལ་མ་བྱེད། སྔོན་ཡིན་ན་སློབ་གྲྭ་ལ་མི་གཏོང་། སློབ་སྦྱོང་གི་གོ་སྐབས་མི་སྤྲོད། ད་ཡིན་ན་ཕ་སྐད་མ་ཡིག་ཤེས་མི་ཤེས་ལ་དོ་སྣང་རྩ་བ་ནས་མི་བྱེད། ཁྱིམ་ཚང་གི་སློབ་གསོ་ལ་འབད་པ་སྤུ་ཙམ་ཡང་མེད། ད་ཁ་དྲོ་ལོ་བརྒྱ་འདི་འདྲ་མ་བྱེད། བསམ་བློ་ཅུང་ཟད་རེ་གཏོང་རྒྱུ་ཨེ་འདུག་ལྟོས།
家教、家风
བླ་མ་རྗེས་སུ་དྲན་པ་ནི། །
བྱིན་རླབས་འདྲེན་པའི་གཟིངས་ཆེན་ཏེ། །
བྱིན་རླབས་རིན་ཆེན་རྙེད་པ་ནི། །
དོན་གཉིས་འགྲུབ་པའི་གཏེར་ཆེན་ཡིན། །
བོད་གངས་ཅན་པའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ།
གཞི་བྱེས་ཐམས་ཅད་ཚེ་རིང་ནད་མེད་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
སྨིན་གླིང་ལོ་ཆེན་ཕྱག་བྲིས།
སྐྱེ་བ་ཀུན་ཏུ་བླ་མའི་ཐུགས་རྗེས་ཟུངས།།
ཚེ་རབས་ཀུན་ཏུ་བླ་མའི་བྱིན་གྱིས་རློབས།།
འདི་ཕྱི་ཀུན་ཏུ་རེ་ས་ཁྱེད་ལས་མེད།།
ཉིན་མཚན་ཀུན་ཏུ་གསོལ་བ་སྙིང་ནས་འདེབས།།
ཨེ་ཛི་ལ་ཐལ་ཆེས་པའི་དངངས་སྐྲག་དང་ནད་པའམ་ནད་དུག་ཅན་ལ་བཙོག་ལྟ་མ་བྱེད། 勿歧视HIV病毒感染者,四免一关怀政策。
བོད་ཡིག་འཕྲུལ་ཤེས་AIཡིག་སྒྱུར་གྱི་སྐྱོན་ཡོན།藏文AI翻译的优点和缺点
མཐོ་སྒང་གི་གོས་རྒྱན་རིག་གནས།高原服饰文化
སྐད་བརྡ་རིག་པའི་ཞིབ་འཇུག། 语言学田野研究
གནའ་བོད་ཀྱི་གདོང་མཚལ་དང་སྐྲ་དབྱིབས།
བོད་ཟས་འགྲན་བསྡུར་ལེགས་གྲུབ་བྱུང་། ཐམས་ཅད་ལ་བཀའ་དྲིན་ཆེ་ཞུ།
ཆེས་ཐོག་མའི་མདོ་དབུས་ཁམས་གསུམ་གྱི་བོད་ཟས་འགྲན་བསྡུར་ཆེན་མོ། 慈诚罗珠藏文微博的微博视频
བོད་ཟས་འགྲན་བསྡུར་ཐོག་མའི་ཐད་གཏོང་ལ་གཟིགས་པར་ཞུ། 慈诚罗珠藏文微博的微博视频
བཙན་པོའི་སྐབས་ཀྱི་རྒྱན་གོས་ལ་ཞིབ་འཇུག་བྱས་པ། 研究古藏服 慈诚罗珠藏文微博的微博视频
བཙན་པོའི་དུས་སྐབས་ཀྱི་ཆས་གོས་འཁྲུལ་མེད། ལོ་སྟོང་གི་རིང་ལ་ས་འོག་ཏུ་ཉལ་ནས་ཐེངས་དང་པོ་གར་སྟེགས་ཐོག་ཏུ་སླེབས། 慈诚罗珠藏文微博的微博视频
བོད་གངས་ཅན་པའི་བུད་མེད་རྣམ་པས་དེབ་འདི་ལ་སློབ་སྦྱོང་ལེགས་པོ་རེ་གནང་ནས་ལག་ལེན་དུ་ཐེབས་པར་མཛོད། འདིས་ཁྱེད་ཅག་གི་བདེ་ཐང་ལ་ཕན་ངེས་ཡིན།
བོད་ཁ་བ་ཅན་གྱི་སྐྱེས་མ་ཡོངས་ལ་གསུམ་བརྒྱད་དུས་ཆེན་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་ཞུ།
དེ་དང་ཆབས་ཅིག་ཏུ་གལ་ཆེ་བའི་ཞུ་བ་ཚིག་གསུམ་སྟེ།
བུ་ཕྲུག་རྒྱན་གྱིས་བརྒྱན་ཚུལ་ལ། དྲང་བདེན་དང་གཞན་ཕན་གྱིས་ལུས་བརྒྱན། ཕ་སྐད་དང་མ་ཡིག་གིས་ངག་བརྒྱན། བྱམས་པ་དང་ཤེས་རབ་ཀྱིས་སེམས་བརྒྱན། འདི་ལ་བོད་ཀྱི་བརྒྱན་པ་རྣམ་གསུམ་ཟེར།
བུ་ཕྲུག་སློབ་གསོ་བྱ་ཚུལ་ལ། ཁྱིམ་ཚང་གི་སློབ་གསོས་གཞི་གཟུང་། སློབ་གྲྭའི་སློབ་གསོས་ཁོག་དབུབ། སྤྱི་ཚོགས་སློབ་གསོས་ཟུར་བརྒྱན། འདི་ལ་དེང་རབས་ཀྱི་སློབ་གསོ་རྣམ་གསུམ་ཟེར།
བུ་ཕྲུག་ལ་བཞག་པ་འཇོག་ཚུལ་ལ།
རྒྱུ་ནོར་མི་གཞག་ཤེས་རབ་གཞག། དབང་ཆ་མི་གཞག་དྲང་བདེན་གཞག། བཙན་དྲག་མི་གཞག་ཕན་སེམས་གཞག། འདི་ལ་བོད་གངས་ཅན་གྱི་ཨ་མའི་བཞག་པ་རྣམ་གསུམ་ཟེར། འདི་རྣམས་ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ།
འགྲོ་བའི་ཞིང་ས་དག་པ་ལ། །
བསོད་ནམས་རྒྱུ་རྐྱེན་ཚོགས་པ་ལས། །
ནམ་མཁའི་དབྱིངས་ལས་འཇའ་ཚོན་བཞིན། །
ལོངས་སྐུའི་ངང་ལས་སྤྲུལ་སྐུར་ཤར། །
བོད་གངས་ཅན་པའི་ཤིང་མོ་སྦྲུལ་གྱི་གནམ་ལོ་གསར་དུ་ཚེས་པ་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ། གཞིས་བྱེས་ཡོངས་ལ་ཚེ་རིང་ནད་མེད་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
ལོ་ཉི་ཤུའི་རིང་གི་ལས་གྲོགས་གཉིས་ཁ་རྩང་ཉི་མ་གཅིག་ལ་སྐུ་གཤེགས་སོང་། ལོ་འདི་དག་གི་ནང་ཕུལ་དུ་བྱུང་བའི་ལས་གྲོགས་མང་པོ་མེད་པར་གྱུར།
མི་ཚེའི་རང་བཞིན་བསམས་ན་ཆོས་ཉིད་དེ། །
བྱ་བའི་ལས་དབང་བསམས་ན་གྱོང་ཆེན་ཉིད། །
གཡུལ་ཆེན་འཇིགས་པའི་ཐང་ན་གྲོགས་མེད་པ། །
རེ་བའི་དར་ཆེན་བསྒྲེངས་ཀྱང་ཕན་པ་ཆུང་། །