Skip to content
堪布微博 (21~30 of 1599)
« 1 2 3 4 5 6 7 8 9 10 11 ... 160 »
一共收录了14030条微博,搜索到了1599条微博 >>导出微博>>
ཐེག་མཆོག་རིན་པོ་ཆེ་ལས། དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས།། ཁྲིད་དང་གདམས་པ་ཐོབ་ནས་གོ་དོན་མ་རྙེད་ཀྱང་།། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ།། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས།
《胜乘宝藏论》:
无论是男人、女人还是孩童,只要趋入殊胜极密之法,并获得引导和窍诀,即使没有通达其意,也因听闻之功德而必定迅速解脱。因为已值遇无上果法心滴之故。
ཨོ་རྒྱན་རིན་པོ་ཆེས། དོན་གྱི་ནོར་བུ་རིན་ཆེན་འདིས། །ཚེ་འདིར་དགོས་འདོད་ཐམས་ཅད་འབྱུང་། །ཕྱི་མ་སངས་རྒྱས་ངེས་པར་འཐོབ། །དེ་སྔོན་མཚམས་མེད་ལྔ་བྱས་ཀྱང་།། འདི་འཕྲད་ངན་སོང་ལྟུང་མི་སྲིད། །ཆོས་མ་བྱས་ཀྱང་འཚང་རྒྱའོ།། ཞེས་གསུངས།
莲花生大士:
以此密法宝,今生得所需,来世必成佛。纵造无间罪,遇此不堕恶,无修亦成就。
10.
●དྲི་བ།:མི་ཕལ་པ་ཞིག་རང་ལ་གནོད་པ་བྱས་མྱོང་མཁན་གྱི་མི་དང་འཕྲད་ཚེ། དབང་མེད་དུ་སུན་སྣང་སྐྱེ་ངེས་ཡིན། ཆོས་ཉམས་ལེན་པ་ཞིག་ཡིན་ན་རང་གི་དགྲ་དེར་བྱེད་སྟངས་གང་འདྲ་དགོས་སམ།
●ལན།:མི་ཕལ་ཆེ་བ་དགྲ་བོ་དང་འབྲེལ་འདྲིས་བྱེད་པར་མི་དགའ་མོད། འོན་ཀྱང་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས། ལྷག་པར་དུ་ཉམས་ལེན་པ་བཟང་པོ་ཞིག་ཡིན་ན། དགྲ་བོ་དང་འབྲེལ་འདྲིས་ཐུབ་པར་མ་ཟད། ཕ་རོལ་པོའི་གནོད་འཚེ་ལ་བརྟེན་ནས་ཉམས་ལེན་གོང་འཕེལ་དུ་གཏོང་ཐུབ། དཔེར་ན་བོད་བརྒྱུད་ནང་བསྟན་གྱི་ཇོ་བོ་རྗེ་ཨ་ཏི་ཤས། རྒྱུན་དུ་གཤིས་རྒྱུད་གཏུམ་པའི་ཉེ་གནས་ཤིག་ཁྲིད་དེ། དེ་ལ་བརྟེན་ནས་བཟོད་པ་སྒོམ་པར་མཛད་དོ། ། དཔེར་ན་དུག་ལ་མཚོན་ན། མི་ཕལ་བ་རྣམས་ཀྱིས་འཛེམ་ཅི་ཐུབ་བྱེད་མོད། འོན་ཀྱང་སྨན་པ་མཁས་པ་དག་དེ་ལ་མི་འཇིགས་པར་མ་ཟད། ལེགས་སྦྱོར་བྱས་ཏེ་སྨན་མཆོག་ཏུ་བསྒྱུར་བར་བྱེད། དེ་དང་འདྲ་བར། ཉམས་ལེན་གྱི་ཚད་ཅུང་དམའ་བའི་མི་རྣམས་ཀྱིས། དགྲ་བོ་མཐོང་ཚེ་འཇིགས་སྣང་། སུན་སྣང་སྐྱེ་བ་ཡིན། ཉམས་ལེན་གྱི་ཚད་ཅུང་མཐོ་བའི་མི་རྣམས་ཀྱིས། དགྲ་ནི་ཉམས་ལེན་གྱི་མཐུན་རྐྱེན་དུ་འཛིན་པ་ཡིན། འཚོ་བའི་ཁྲོད་དུ། མིའི་ཁམས་དབང་དང་རྟོགས་པའི་ཚད་མི་འདྲ་བས། སེམས་ཁམས་ཀྱི་གནས་སྟངས་དང་སྤྱོད་པའང་མི་འདྲ།
ཏུང་ཅིན་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2015.11.11
●问:一般人遇到曾经损害自己的人,会禁不住心生厌烦。修行人如何对待怨敌呢?
●答:确实大多数人不喜欢接触怨敌,不过作为修行人,尤其修行很好的人,不仅能接触怨敌,还能依靠对方的损恼而取得进步。比如藏传佛教的阿底峡尊者,经常带着一个脾气暴躁的侍者,通过这种方式修安忍。对于毒药,一般人避之唯恐不及,但是高明的医生不仅不畏惧,还可以通过调配将之转为妙药。同样,尚不具备修行境界的人,看到怨敌会心生畏惧,进行排斥。而具有修行境界的人,会把怨敌看作修行的助缘。在生活当中,人的根基和境界不同,心态和行为也就不同。
选自:东京大学演讲 2015.11.11
འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ནས། །བློ་སྦྱོངས་བློ་སྦྱོངས་རང་གི་བློ་སྦྱོངས་ཤིག ། བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། ཐར་བའི་ལམ་ལས་གཞན་དུ་འགྲོ་ས་མེད། ཅེས་གསུངས།
晋美秋吉旺波:
修心修心修自心,以四厌离修自心,身语纵未修一善,除至解脱无余处。
ཀུན་མཁྱེན་ཀློང་ཆེན་པས།དེ་ཕྱིར་བྱང་ཆུབ་དོན་དུ་གཉེར་རྣམས་ཀྱིས།། ནམ་གྱི་ཆ་སྟོད་ཉིད་དང་ཆ་སྨད་དང་། སྔ་དྲོ་ཕྱི་དྲོ་གུང་རྣམས་རྟག་བརྩོན་པས།། བསམ་གཏན་དང་ནི་འདོན་ལ་བརྩོན་འགྲུས་བརྩམ། ། ཞེས་གསུངས།
全知龙钦巴:
希求菩提者,上夜及下夜,上下午精进,修禅与诵经。
9.
●དྲི་བ།:རང་དང་འབྲེལ་བ་མི་ལེགས་པའི་མི་ལ་ཇི་ལྟར་འབྲེལ་འདྲིས་བྱེད་དགོས་སམ། 
●ལན།:གཙོ་བོ་བྱམས་བརྩེ་དང་གུ་ཡངས་ཀྱི་སེམས་ཤིག་ལྡན་དགོས། དེ་ལྟར་གཞན་གྱིས་རང་ལ་གནོད་པ་ཇི་ཙམ་བསྐྱལ་ཡང་། སེམས་སུ་ཞེ་སྡང་སྐྱེ་མི་སྲིད་ལ། འཆམ་མཐུན་གྱི་ངང་ནས་འབྲེལ་འདྲིས་ཀྱང་བྱེད་ཐུབ། ནོ་བྷེལ་ཞི་བདེའི་བྱ་དགའ་ཐོབ་མཁན་མཱ་ལ་ལཱ་ཞེས་པ་དེས། ང་ནི་ཐ་ན་རང་གི་སྲོག་ལེན་འདོད་མཁན་གྱི་མི་ལའང་ཞེ་སྡང་མི་སྐྱེ་སྟེ། འདི་ནི་ངས་སྟོན་པ་ཡེ་ཤུ་དང་སངས་རྒྱས་བཅོམ་ལྡན་འདས་སོགས། སྔོན་གྱི་དམ་པ་རྣམས་ལས་བསླབས་པའི་བྱམས་བརྩེ་ཡིན་ཞེས་གསུངས། དེ་ལས་ལྡོག་སྟེ་བཤད་ན། གལ་ཏེ་བྱམས་བརྩེ་དང་གུ་ཡངས་ཀྱི་སེམས་མེད་ན། གཞན་གྱིས་རང་ལ་ཅི་ཙམ་ལེགས་པོ་བྱེད་ཀྱང་། རང་གིས་ཕ་རོལ་པོར་ཞེ་སྡང་དང་འཁོན་སེམས་འཛིན་པའང་ཡོད་སྲིད།
ཡོག་ཁུ་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2014.10.24
●问:如何跟关系不好的人相处?
●答:关键是要有一颗慈悲包容的心,这样不论别人如何伤害自己,都不会生起怨恨,还能够与之和睦相处。诺贝尔和平奖获得者马拉拉说:“我甚至不怨恨想要杀害我的人,这是我从导师耶稣和佛陀等先知们身上所学到的慈悲。”反过来说,如果没有慈悲与包容心,那么即使别人对自己很好,自己也可能对对方心怀嗔恨。
选自:约克大学演讲 2014.10.24
དགེ་སྐྱེས་ཀྱི་མདོ་ལས། དྲོ་གྲང་དག་ལ་མི་འཛེམས་པར།། ཉིན་མཚན་ཀུན་ཏུ་བརྩོན་བྱས་ན།། མི་འགྲུབ་བྱ་བ་གཅིག་ཀྱང་མེད།། མཐར་ཐུག་མྱ་ངན་མེད་པར་འགྱུར།། ཞེས་གསུངས།
《善生经》:
若不计寒暑,朝夕勤修务,事业无不成,至终无忧患。
ལས་ཀྱི་རྣམ་པར་སྨིན་པའི་འབྲ་བུའི་མདོ་ལས།སངས་རྒྱས་འདོད་ན་གསུང་རབ་སྒྲོགས་བརྩོན་བྱ།།དགེ་སེམས་འདོད་ན་ཞེ་སྡང་མི་བྱའོ།།འབྲས་བཟང་འདོད་མཆོད་པ་རྟག་ཏུ་བྱ།།ཚེ་རིང་འདོད་ན་སྲོག་གཅོད་སྤང་བར་བྱ།།ཞེས་གསུངས།
《业果成熟经》:
若欲成佛宣正法,若欲心善不生嗔,若欲妙果常供养,若欲长寿断杀生。
8.
●དྲི་བ།:བླ་མ་རིན་པོ་ཆེ་ལགས། ང་ལ་དྲི་བ་ཞིག་ཡོད་པ་ནི། ཇི་ལྟར་རྒྱུན་འཁྱོངས་བྱས་ནས། རང་གིས་མི་འདོད་རུང་། མ་བསྒྲུབ་ཐབས་མེད་ཀྱི་བྱ་བ་དེ་དག་སྒྲུབ་དགོས་སམ།
●ལན།:མིག་བཙུམས་ནས་མདུན་དུ་རྒྱུག་དགོས། ང་ཚོའི་མི་ཚེ་ལ་ལས་འབྲེལ་མང་པོ་ཞིག་ཡོད་དེ། རང་གིས་སྒྲུབ་མི་འདོད་ཀྱང་སྒྲུབ་དགོས་པའི་བྱ་བ་ཡོད་ལ། མཐོང་མི་འདོད་པའི་མི་ཡང་། ནམ་རྒྱུན་རང་གི་མིག་ལམ་དུ་ཐོན་ཡོང་སྲིད། སྐབས་རེར་བཤད་མི་འདོད་པའི་སྐད་ཆའང་མི་བཤད་ཐབས་མེད་ཡིན་ལ། བཟའ་མི་འདོད་པའི་ཟས་རིགས་ཀྱང་། རྒྱུན་དུ་བཟའ་དགོས་པ་འབྱུང་། འཕྲད་མི་འདོད་པའི་དོན་དག་ཀྱང་རྒྱུན་དུ་འཕྲད་སྲིད། འདིའི་མིང་ལ་མི་འདོད་པ་ཐོག་ཏུ་ཁེལ་བའི་སྡུག་བསྔལ་ཟེར་ཞིང་། རང་ཉིད་ལ་འབྱུང་མི་འདོད་པའི་དོན་དག་རྣམས། རྒྱུན་དུ་རང་གི་ཐོག་ཏུ་འབབ་པར་གྱུར་བ་ལ་ཟེར་བ་ཡིན། ཡིན་ནའང་གལ་ཏེ་ཁྱེད་ཀྱིས་འགྱུར་ལྡོག་གཏོང་མི་ཐུབ་ན། སྤྲོ་སྣང་དང་ཧུར་བརྩོན་གྱི་སྒོ་ནས་གདོང་ལེན་གྱིས་དང་། དུས་ཚོད་ངེས་ཅན་ཞིག་ལ་སླེབས་ཚེ། ཁྱེད་རང་གོམས་པར་འགྱུར་ལ། མ་ཟད་དེ་ལ་དགའ་བར་ཡང་འགྱུར་སྲིད། སྐབས་དེར་གཅིག་བྱས་ན་གྲུབ་འབྲས་ཀྱང་ཐོན་ཡོང་སྲིད།
ཨི་ཏ་ལིའི་ཐུའུ་རིན་གྱི་འཆད་འཁྲིད་ལས་བཏུས།།
●问:大师,我有一个问题就是,要如何去坚持做一件,自己不喜欢,但是又不得不做的事情?
●答:闭着眼睛往前奔跑。我们的人生有很多因缘,有些自己不愿意做的事情要去做,自己不愿意见的人也经常会出现在你面前,有时不愿意说的话不得不说,不愿意吃的东西经常要吃,不愿意碰到的事情经常会碰到。这叫不欲临苦,指自己不愿意发生的事经常降临到自己的头上。但是如果你不能改变,那就要以乐观、积极的态度去面对,到了一定的时候,你可能就习惯了,而且也喜欢做了,这时可能就会出现成果。
选自:意大利都灵演讲 2015.9.25
མདོ་ལས།བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དེ་ནི་ཆོས་བཞི་དང་ལྡན་ན་འཐོབ་སྟེ། བཞི་གང་ཞེ་ན། མི་འཕྲོག་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། གཞན་དྲིང་མི་འཇོག་པའི་ཤེས་རབ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ།།ཞེས་གསུངས།
佛经:
现今如来住世等持可以四法获取。何为四法?坚定不移之信心、永不退转之精进、不依他人之智慧、依止善知识。
« 1 2 3 4 5 6 7 8 9 10 11 ... 160 »