Skip to content
堪布微博 (1~10 of 1599)
1 2 3 4 5 6 7 8 9 ... 160 »
一共收录了14030条微博,搜索到了1599条微博 >>导出微博>>
དཔལ་ས་ར་ཧ་པའི་ཞལ་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་གང་ཞིག།དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ།།འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་།།འཁོར་བ་འདིར་གནས་ཐར་བ་ཐོབ་མི་འགྱུར།།ཞེས་གསུངས།
吉祥萨绕哈巴:
远离大悲入空性,依彼不得殊胜道,倘若唯一修大悲,住此轮回不解脱。
རྗེ་རེ་མདའ་བ་ཆེན་པོའི་ཞལ་ནས།ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེའི་སྲས་རྣམས།།བདག་གི་མདུན་མཁར་མངོན་སུམ་བྱོན་ནས་ནི།།འདི་ལས་གཞན་པའི་ཐར་བའི་ལམ་བསྟན་ཀྱང་།།བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག།ཅེས་གསུངས།
任达瓦大师:
十方诸佛与菩萨,亲住于我前虚空,此外宣说解脱道,我心无动诸朋友。
16.
●དྲི་བ།:ང་རང་སྔོན་ཆད་ནས་ཚོང་གཉེར་དོ་དམ་པ་ཞིག་བྱེད་འདོད་མོད། འོན་ཀྱང་ཚོང་ལས་གཉེར་ན་མི་དགེ་བའི་ལས་བསགས་སྲིད་པས། ཁྱིམ་པ་ཆོས་ཉམས་ལེན་པས་ཚོང་ལས་གཉེར་ཆོག་གམ།
●ལན།:ནང་ཆོས་ཀྱི་ལུང་གི་སྡེ་ལས། འཇིག་རྟེན་ཁྱིམ་པ་བ་ཞིག་ཡིན་པའི་ཆ་ནས། རྒྱུན་ལྡན་གྱི་ཚོང་ལས་དང་སོ་ནམ་སོགས་གཉེར་ཆོག་པ་གསུངས་ཡོད། དགེ་སྐྱེས་ཀྱི་མདོ་ལས་ཀྱང། ཁྱིམ་པ་རྣམས་ལ། མི་དགེ་བའི་ཆོས་སྤང་བ་དང། དགེ་བའི་ཆོས་ཉམས་སུ་ལེན་པ། དེ་ལ་བརྟེན་ནས་རང་གི་འཚོ་བ་དང་ལས་དོན་གཉེར་དགོས་པར་གསུངས། དེར་བརྟེན། གཞན་ལ་གནོད་པ་མི་བྱེད་པ་གཞིར་བཞག་བྱས་ཏེ། ཁྱིམ་པའི་ཆོས་པ་རྣམས་ཀྱིས་ཀྱང་ཚོང་ལས་གཉེར་ཆོགམདོར་ན། ཅི་ནུས་ཀྱིས་གཞན་ལ་ཕན་འདོགས་པའམ། ཡང་ན་མ་མཐའ་ཡང་གནོད་པ་མི་བྱེད་པའི་རྨང་གཞིའི་སྟེང་དུ། འཇིག་རྟེན་གྱི་ལས་དོན་དག་སྒྲུབ་དགོས།
ཏུང་ཅིན་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།།2015.11.11
●问:我从过去就想成为一名经营者,但是经商可能会积累恶业,在家修行者能经商吗?
●答:佛教的《阿含经》里说,作为一个世间人,从事正常的经商务农等,都是开许的。《善生经》中,也教诫在家人断除恶法,行持善法,以此经营生活和事业。因此在不损害他人的前提下,在家佛教徒也可以经商,总之要尽量饶益他人,或者至少在不损害他人的前提下,去做世间的工作。
选自:东京大学演讲2015.11.11
ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ།།བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་།།བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་།།བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག།ཅེས་གསུངས།
法王晋美彭措:
愿我生生世世中,上师本尊予摄受,自在如海三学德,弘法利生任运成。
གྲུབ་ཆེན་ས་ར་ཧ་པས།བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ།།བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་།།བླ་མའི་གསུང་ལ་བསྒྲིམས་ཏེ་རབ་འབད་ན།།ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད།།ཅེས་གསུངས།
大成就者萨绕哈:
思维所思皆远离,无思安住如婴孩。专心精勤师教言,无疑生起俱生智。
15.
●དྲི་བ།:ཚང་མས་གཞན་ལ་གཅེས་དགོས་ན་ཐོག་མར་རང་ཉིད་གཅེས་དགོས་ཞེས་བཤད།ངའི་དྲི་བ་ནི། ཐེག་པ་ཆེན་པོའི་ཆོས་སུ་ཞུགས་ཚར་རྗེས། ད་དུང་རང་ཉིད་ལ་གཅེས་འཛིན་བྱེད་ཆོག་གམ།
●ལན།:བཤད་སྲོལ་ཞིག་ལ། སྒོར་མོར་དགའ་བ་བཞིན་དུ་རང་དང་གཞན་ལའང་དགའ་དགོས་ཟེར། ང་ཚོས་རང་ཉིད་ལ་གཅེས་སྐྱོང་བྱ་དགོས། འདི་ནི་ཧ་ཅང་གལ་ཆེ་བ་ཡིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་ལའང་གཅེས་སྐྱོང་མི་བྱེད་པར། རང་གིས་རང་ལ་རྨས་སྐྱོན་བཟོ་བ། རང་གིས་རང་ལ་སྡུག་གཅོད་གཏོང་བ། རང་སྲོག་གཅོད་པ། རང་གིས་རང་ལ་རྒྱུན་དུ་མནར་བ་སོགས་བྱས་ན། ཁྱོད་ཀྱིས་རང་གི་ཕ་མ་ལའང་གཅེས་སྐྱོང་བྱེད་མི་སྲིད། གལ་ཏེ་ཁྱོད་རང་སྐྱེད་པར་བྱེད་པའི་ཕ་མ་ལའང་། གཅེས་སྐྱོང་གི་སེམས་པ་མེད་ན། ཁྱོད་རང་གི་དགའ་རོགས་དང་གྲོགས་པོ་སོགས་ལའང་། གཅེས་སྐྱོང་བྱེད་མི་སྲིད། གལ་ཏེ་ཁྱོད་ཀྱིས་མཐའ་འཁོར་གྱི་གཉེན་ཉེ་དང་གྲོགས་ལ། གཅེས་སྐྱོང་མི་བྱེད་ན། ཁྱོད་ཀྱིས་འགྲོ་བ་མིའི་རིགས་གཙོས་བྱས་པའི་སེམས་ཅན་ཐམས་ཅད་ལའང་། བྱམས་བརྩེའི་སེམས་བསྐྱེད་པར་བྱེད་པའི་ཐབས་མེད། དེར་བརྟེན་ངས་བསམས་ན། ང་ཚོ་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་བསམ་བློ་ནི། བརྩེ་བ་ཡིན། ཆོས་ལུགས་གང་ཞིག་ཡིན་རུང་། སྤྱི་ཚོགས་གང་ཞིག་ཡིན་རུང་། དུས་རབས་གང་ཞིག་ཡིན་རུང་། བརྩེ་བ་འདི་ཉིད་ཧ་ཅང་མཁོ་གལ་ཆེ།
ཀྲུང་ཧྭའི་སྲོལ་རྒྱུན་མཛེས་སྤྱོད་སློབ་གསོ་གླེང་སྟེགས་གྱི་འཆད་འཁྲིད་ལས་བཏུས།།
●问:都说爱别人之前,先要爱自己。我的问题是,进入大乘佛法以后,还可以爱自己吗?
●答:有一种说法:像爱钱一样爱自己和爱他人。我们要爱自己,这一点很重要。如果你都不爱自己,自己去自残、自我虐待、自杀,自己经常折磨自己,那你更不可能去爱自己的父母。如果你对自己的亲生父母都没有爱心的话,那你对你的恋人和朋友也不可有爱。如果你对身边的亲朋好友都没有爱的话,那你对人类为主的所有众生就没有办法去扩展你的爱心。所以我觉得,我们人类最伟大的思想就是“爱”。不管任何宗教、任何社会、任何时代,都很需要这个“爱”。
选自:中华传统美德教育论坛演讲2019.07.03
སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཤེས་རབ་ལ་འཇུག་པ་ལས།གཡེང་བ་ཐམས་ཅད་སྤངས་ནས་ནི།།བསྒྲུབ་པ་ལ་ནི་བརྩོན་པར་བྱ།།བདག་གིས་འདི་བྱས་བསོད་ནམས་ཀྱིས།།སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག།ཅེས་གསུངས།
月称论师《入中观智慧论》:
断除诸散乱,精勤修正法,吾以此福德,愿众生解脱。
སྤྱོད་འཇུག་ལས།ཉོན་མོངས་ཤེས་བྱའི་སྒྲིབ་པ་་ཡི།།མུན་པའི་གཉེན་པོ་སྟོང་པ་ཉིད།།མྱུར་དུ་ཐམས་ཅད་མཁྱེན་འདོད་པས།།སྟོང་པ་ཉིད་ནི་ཅིས་མི་བསྒོམ།།ཞེས་གསུངས།
《入行论》
空性能对治,烦恼所知障, 欲速成佛者,何不修空性?
1 2 3 4 5 6 7 8 9 ... 160 »