རང་སྣང་རྣམ་དག་དྷུ་མ་ཐ་ལ་ཡི་ཞིང་འདིར། །
原书汉文自现清净德玛塔拉刹
དག་སྣང་ཆོས་སྐོར་ལས་ཌཱཀི་དགྱེས་པའི་དོ་ཧ
录入所依版本:《喇荣课诵》索达吉堪布 编译,智悲海 2023年12月版,第 37 篇《净现法类·空行欢喜道歌》
本篇按 宁玛 传承的读法呈现。
本工具为学习辅助,不替代具德上师的口传与讲解。
གདེང་སྙན་མོ་བཅས་ཅི་རིགས་འདོན། ཚོགས་གླུ་ཡོད་ན་འདིར་ལེན།
之后发放会供品,同时尽量以妙音念诵。若有会供歌,则于此时吟唱:
རང་སྣང་རྣམ་དག་དྷུ་མ་ཐ་ལ་ཡི་ཞིང་འདིར། །
原书汉文自现清净德玛塔拉刹
རིག་འཛིན་ཌཱཀི་བྱེ་བའི་ཚོགས་གྲལ་དུ་འཁོད་དེ། །
原书汉音仁增扎格协沃措扎德括得
原书汉文千万持明空行众会中
གསང་ཆེན་གདམས་པའི་བཅུད་ལ་ངོམས་མེད་དུ་སྤྱོད་ཅིང་། །
原书汉文无厌享用大密教授精
རིགས་བརྒྱའི་ཁྱབ་བདག་མཚུངས་མེད་དྲིན་ལྡན་གྱི་བླ་མ། །
原书汉文百部遍主无等大恩师
སྤྱི་གཙུག་རྒྱན་དུ་ཐོབ་པའི་སྐལ་བཟང་ལ་བསམས་ཚེ། །
原书汉文得为顶饰思此善缘时
ན་ཆུང་བདག་ཀྱང་གུས་སྤྲོའི་གཞན་དབང་དུ་གྱུར་ནས། །
原书汉文年少我亦由随敬喜牵
རྐང་པའི་བྲོ་དང་ལག་པའི་གར་སྟབས་དེ་ངོམ་བཞིན། །
原书汉文手舞足蹈展现妙姿时
ཉམས་དགའི་སྐྱིད་གླུ་མི་འགུགས་རང་དབང་ནི་མ་བྱུང་། །
原书汉文情不自禁吟唱欢乐歌
སྣོད་བཅུད་རྒྱུད་རྣམས་དག་པ་རྩ་གསུམ་གྱི་ལྷ་ལ། །
原书汉文器情皆净三根本尊前
གང་སྣང་ཀུན་བཟང་རོལ་པའི་ཚོགས་མཆོད་རང་ཕུལ་ཏེ།
原书汉文自献所现普贤游舞供
ཚིམ་པ་དྲུག་ལྡན་དགའ་བདེའི་ཉེ་ལམ་ལ་བརྟེན་ནས། །
原书汉文依具六足喜乐之捷径
བསྐལ་མང་ཚོགས་ཟུང་རྒྱ་མཚོ་དུས་གཅིག་ཏུ་འདུམས་སོང་། །
原书汉文一时圆满多劫二资海
ཨ་འཐས་ཞེན་པའི་སྲུང་སྡོམ་གྱི་ན་རུ་བོར་ཏེ། །
原书汉文随意舍弃顽固执护戒
རོ་སྙོམས་བརྟུལ་ཞུགས་སྤྱོད་པའི་རྩལ་ཤུགས་ལ་བརྟེན་ནས། །
原书汉文依于一味禁行之妙力
རིག་འཛིན་རྣམ་བཞིའི་མཁའ་ལ་ཁྱུང་ལྡིང་བཞིན་བགྲོད་སྐབས། །
原书汉文如大鹏翔四持明虚空
གཅོང་རོང་འཁོར་བར་བག་ཟོན་ཡིད་ཡུལ་ནས་བོར་ཐལ། །
原书汉文谨慎轮回深渊驱意境
འཛུམ་པའི་ཟུར་མིག་གཅིག་གིས་དཔའ་ཆེན་ནི་འབུམ་གྱི། །
原书汉文含笑睨视一眼令十万
གཡོ་བའི་ཀུན་རྟོག་གཡོ་མེད་དམ་པོ་རུ་བསྡམས་ཀྱང་། །
原书汉文大勇动念摄于无动中
དཀར་མངར་བཅུད་ཀྱིས་ཁེང་པའི་ཡིད་འཛིན་གྱི་བུམ་པ། །
原书汉文白甜精华盈满悦意瓶
ཡལ་འདབ་ལྔ་བའི་རྒྱན་དུ་མ་ཚོར་བར་བརྐུས་སོང་། །
原书汉文五体严饰不觉已窃取
འཁྲི་ཤིང་ཡལ་ག་སྤུངས་པའི་སྐྱེད་ཚལ་གྱི་དབུས་ན། །
原书汉文说于藤树枝聚乐园中
རེག་འཇམ་པད་མ་གཞོན་ནུའི་མལ་སྟན་ཞིག་ཡོད་སྐད། །
原书汉文有一柔触鲜嫩莲花垫
དེ་རུ་ཡུད་ཙམ་འདུག་པའི་སྙིང་སྟོབས་ཤིག་ཐོབ་ན། །
原书汉文若得顷刻安坐之心力
གཟུང་འཛིན་སྲིད་པའི་ཚ་དབལ་རྨི་ལམ་བཞིན་ཡལ་འགྲོ། །
原书汉文二取世间酷热如梦消
རིག་སྟོང་ཟང་ཐལ་སྐྱེ་མེད་ཆོས་སྐུ་ཡི་ལྟ་བ། །
原书汉文觉空通彻无生法身见
འཛིན་མེད་རང་གསལ་ལོངས་སྤྱོད་རྫོགས་སྐུ་ཡི་སྒོམ་པ། །
原书汉文无有执著自明报身修
འཁྲུལ་མེད་སྤང་བླང་བྲལ་བ་སྤྲུལ་སྐུ་ཡི་སྤྱོད་པ། །
原书汉文无有迷乱取舍化身行
དབྱེར་མེད་ཉམས་སུ་ལེན་རྣམས་སྐྱིད་པོ་ཡི་ཡང་རྩེ། །
原书汉文无别一切实修悦极顶
དེ་རིང་འདི་ན་ཚོགས་པ་རྡོ་རྗེ་ཡི་མཆེད་ལྕམ། །
原书汉文今日此会金刚诸兄姊
མི་འབྲལ་མར་མེའི་འོད་དང་སྡོང་བུ་བཞིན་འགྲོགས་ཏེ། །
原书汉文相伴犹如灯光不离芯
བསྐྱེད་རྫོགས་རྫོགས་ཆེན་བསྒོམས་པའི་ཉེ་རྒྱུ་ལ་བརྟེན་ནས། །
原书汉文依修近因生圆大圆满
ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བ་ལ་སྨོན་ནོ། །
原书汉文祈愿一圣聚中皆成佛
༈ དེ་ནས་རྗེས་ཀྱི་བྱ་བ་ལ་ལྷག་མཆོད་ནི།
复次后行余供:
ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱ།
梵文咒语另有一套念诵规则,不按藏文读音拼读。
བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །
原书汉文仆从听命使者众
ལྷག་མའི་གཏོར་མ་འདི་བཞེས་ལ། །
原书汉文请享用此余食子
སྒྲུབ་པའི་འགལ་རྐྱེན་བསལ་བ་དང་། །
原书汉文遣除修行之违缘
མཐུན་རྐྱེན་ཡིད་བཞིན་སྒྲུབ་པར་མཛོད། །
原书汉文如意成办诸顺缘
ཨོཾ་ཨུཤྩི་ཊ་བ་ལིངྟ་ཁཱ་ཧིཿ
原书汉音嗡诶则扎 巴朗达卡呵
梵文咒语另有一套念诵规则,不按藏文读音拼读。
མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་དུ། །
原书汉文遍空佛坛城
ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །
原书汉文转会供轮已
བདག་གཞན་འགྲོ་བ་མ་ལུས་པ། །
原书汉文愿我诸众生
དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །
原书汉文成就一坛城
གསོལ་ཁ་བྱ་ན་འདིར་འདོན
此处可以诵护法。
བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །
原书汉文由从上师三处三字中
འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །
原书汉文放出白红蓝色三种光
རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །
原书汉文融自三处三门障碍净
སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །
原书汉文成为身语意之三金刚
མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། །
原书汉文最终上师眷属化为光
དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །
原书汉文红白明点以吽ཧཱུྃ作严饰
རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། །
原书汉文融己心间师意与自心
རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །
原书汉文无二安住俱生法身中
ཨ་ཨཱཿ ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ་ཞིང་སླར་ཡང་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་བ་ནི།
念诵“阿阿”,观本来超越改造、转变、取舍自之心性原本大法身的本来面目,复观一切如幻的显现为上师之自性,并回向善根,诵吉祥偈。
༈ བསྔོ་བ་ནི།
回向偈:
དགེ་བ་འདི་ཡིས་མྱུར་དུ་བདག །
原书汉文愿我以此善
དཔལ་དགོན་བླ་མ་འགྲུབ་གྱུར་ནས། །
原书汉文速成怙上师
འགྲོ་བ་གཅིག་ཀྱང་མ་ལུས་པ། །
原书汉文众生无一余
དེ་ཡི་ས་ལ་འགོད་པར་ཤོག །
原书汉文安置彼果位
༈ ཤིས་བརྗོད་ནི།
吉祥偈:
རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ། །
原书汉文愿金刚师久住心愿成
དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར། །
原书汉文僧团增盛讲修教法兴
འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །
原书汉文弟众施主财丰势显赫
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
原书汉文佛法长久住世普吉祥
སླར་འདས་པའི་སངས་རྒྱས་སོགས་བཟང་སྤྱོད་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །
后行,诵《普贤行愿品》等愿文。