Skip to content
Khenpo Weibos
Found 1606 Weibos · Total 14636 Weibos · Export Weibos
དབུ་མ་རྩ་ཤེས་ལས།གང་ལ་སྟོང་པ་ཉིད་རུང་བ།།དེ་ལ་ཐམས་ཅད་རུང་བར་འགྱུར།།གང་ལ་སྟོང་ཉིད་མི་རུང་བ།།དེ་ལ་ཐམས་ཅད་མི་རུང་འགྱུར།།ཞེས་གསུངས།
《中论》:
以有空义故, 一切法得成;若无空义者, 一切则不成。
ཆོས་རྗེ་ཏིལ་མགོ་མཁྱེན་བརྩེ་རིན་པོ་ཆེས།བླ་མ་མ་བརྗེད་རྟག་ཏུ་གསོལ་བ་ཐོབ།།རང་སེམས་མ་ཡེངས་རང་ངོ་རང་གིས་ལྟོས།།འཆི་བ་མ་བརྗེད་ཆོས་ལ་བསྐུལ་མ་ཐོབ།།སེམས་ཅན་མ་བརྗེད་སྙིང་རྗེ་བསྔོ་སྨོན་གྱིས།།ཞེས་གསུངས།
顶果钦哲法王 :
勿 忘 上 师 , 时 时 祈 请 。
勿 随 妄 想 , 善 观 自 心 。
勿 忘 死 亡 , 坚 持 佛 法 。
勿 忘 众 生 , 慈 心 回 向 。
ཚོམས་ལས།སྡིག་པ་ཆུང་ངུ་བྱས་པས་ཀྱང་།།འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་།།ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ།།ཁོང་བར་སོང་བའི་དུག་བཞིན་ནོ།།ཞེས་གསུངས།
《因缘品》:
纵然造小恶,来世大恐怖,并生诸祸患,犹如毒入腹。
ཀླུ་སྒྲུབ་ཀྱིས།དགེ་བའི་བཤེས་གཉེན་དེ་དག་་གི།མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད།།ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན།།ཉོན་མོངས་སེལ་བའི་ཤེས་རབ་ཅན།།དེ་དག་ལ་ནི་ཁྱོད་བསྟེན་ན།།ཁྱོད་ཀྱིས་མཁྱེན་གྱིས་གུས་པར་མཛོད།།ཅེས་གསུངས།
龙猛菩萨:
善知识法相,略说当了知,
知足悲具戒,有除烦恼慧,
彼等若教诲,汝应知恭敬。
མདོ་སྡེ་ས་བཅུ་པ་ལས།དུ་བ་ལས་ནི་མེར་ཤེས་དང་།།ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།།བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་གསུངས།
《佛说大乘十法经》:
相烟即知火,鸳鸯以显水,复相知诸性,菩萨大名称。
རྒྱལ་པོ་ལ་གདམས་པ་ལས།བདག་གིས་ནོར་འདི་བཏང་ལ་ལུས་བསྲུང་བྱ།།ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ།ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་དང་།།ཐམས་ཅད་བཏང་ནས་འདིར་ནི་ཆོས་བསྲུང་ངོ་།།ཞེས་གསུངས།
《教王经》:
吾为护身舍财产,为护生命舍身财,为护正法可舍弃,财产身体与生命。
རྩོད་བཟློག་ལས།གང་ཞིག་སྟོང་དང་རྟེན་བྱུང་དག།དབུ་མའི་ལམ་དུ་དོན་གཅིག་པར།།གསུང་མཆོག་ཚུངས་པ་མེད་པ་ཡི།།སངས་རྒྱས་དེ་ལ་ཕྱག་ཚལ་ལོ།།ཞེས་གསུངས།
《回诤论》:
性空缘起法,中观道一体,无比善说者,佛前我顶礼。
མདོ་ལས།དམ་པའི་ཆོས་ནི་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པ།ཡོངས་སུ་བྱང་བ།ཞེས་གསུངས།
佛经:
正法者,初善、中善、后善。义妙、文巧。纯一、圆满、清净、鲜白。
རྗེ་ཞབས་དཀར་པས།བཟོད་པ་ཚིག་ངན་བྱུང་དུས་སྒོམས།།སྦྱིན་པ་ཟས་ནོར་ཡོད་དུས་ཐོངས།།ཕྱག་སྐོར་སྒྱུ་ལུས་བདེ་དུས་ཀྱིས།།གདམས་ངག་བློ་རིག་གསལ་དུས་སྒོམས།།ཞེས་གསུངས།
夏嘎巴尊者:
出现恶语时,应该修安忍;具足财富时,应该做布施;身康体健时,应该转绕礼拜;精力旺盛时,应该精进修行。
སྤྱོད་འཇུག་ལས།ཇི་སྲིད་ནམ་མཁའ་གནས་པ་དང་།།འགྲོ་བ་སྲིད་གནས་གྱུར་པ།།དེ་སྲིད་བདག་ནི་གནས་གྱུར་ནས།།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།ཅེས་གསུངས།
《入行论》:
乃至有虚空,以及众生住,愿吾住世间,尽除众生苦。
རྗེ་ཙོང་ཁ་པས།རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།།གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།ས་སྟེང་འདི་རིན་ཆེན་རྣམ་གསུམ་སྣང་།།ཞེས་གསུངས།
宗喀巴大师:
辨别细微理性之智慧,诸论转为教言之修行,精通言辞诀窍之辩才,于此世间乃为三珍宝。
རྫ་དཔལ་སྤྲུལ་རིན་པོ་ཆེས།ཅི་ནས་རང་གི་སེམས་ལ་མི་ཕན་པའི།།ཆོས་དེ་ཁ་ཆོས་ཡིན་གྱི་དོན་ཆོས་མིན།།རང་གི་སེམས་ལ་ཁྱད་པར་མི་འདུག་ན།།ལོ་བརྒྱ་མཚམས་བསྒྲུབ་བྱས་ཀྱང་ངལ་བའི་རྒྱུ།།ཞེས་གསུངས།
华智仁波切:
对心不利的法,只是口头的法,不是真正的法。如果心没有改变,闭关百年也徒劳无益。
དབུ་མ་བཞི་བརྒྱ་པ་ལས།མི་རྟག་པ་ལ་ངེས་པར་གནོད།།གང་ལ་གནོད་ཡོད་དེ་བདེ་མིན།།དེ་ཕྱིེར་གང་ཞིག་མིརྟག་པ།།དེ་ནི་ཐམས་ཅད་སྡུག་བསྔལ་ཡིན།།ཞེས་གསུངས།
《四百论》:
无常定有损,有损则非乐,故说凡无常,一切皆是苦。
མི་ཕམ་རིན་པོ་ཆེས།ན་ཚོད་མ་སྨིན་པ་དང་ནི།།ས་རྒྱ་ཆུང་ངུའི་རང་མཐོང་གིས།།སྐྱེ་བོ་རང་གིས་སྔར་བྱས་ལ།།རང་ཉིད་ཁྲེལ་བ་མང་དུ་འོང་།།ཞེས་གསུངས
麦彭仁波切:
或由年龄未成熟,或是孤陋寡闻者,自己往昔所做事,亦有众多自所笑。
རྒྱལ་པོ་ལ་གདམས་པའི་མདོ་ལས།དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན།།ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང་།།སྐྱེས་བུ་དག་ནི་གང་ནས་གར་འའགྲོ་ཡང་།།ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།ཞེས་གསུངས།
《教王经》:
国王趋入死亡时,受用亲友不随身,士夫无论至何处,业如身影紧随后。
བཤེས་སྤྲིང་ལས།གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ།།ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང་།།ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།།དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།།ཞེས་གསུངས།
《亲友书》:
何者昔日极放逸,尔后行为倍谨慎,如月离云极绚丽,难陀指鬘见乐同。
རྫ་དཔལ་སྤྲུལ་ཚང་གིས།སྐྱིད་ན་མི་དགའ་སྡིག་ན་དགའ།།སྐྱིད་ན་ཉོན་མོངས་དུག་ལྔ་འབར།།སྡིག་ན་སྔོན་བསགས་ལས་ངན་འཛད།།སྡིག་བསྔལ་བླ་མའི་ཐུགས་རྗེ་ཡིན།།ཞེས་གསུངས།
华智仁波切:
快乐不如受痛苦,快乐令五毒炽盛,痛苦令罪业消弥,痛苦乃上师恩赐。
དཔལ་ལྡན་མར་མེ་མཛད་གྱིས།མང་པོའི་ནང་དུ་ངག་ལ་བརྟག།གཅིག་པུར་འདུག་ཚེ་སེམས་ལ་བརྟག།ཞེས་གསུངས།
阿底峡尊者:
众人中要观察自己的语言,独处时要观察自己的心。
ལེགས་བཤད་རིན་ཆེན་ཕྲེང་བ་ལས།འཁོར་འདས་ཆོས་རྣམས་མ་ལུས་པ།།སྒྱུ་མ་ཆུ་ནང་ཟླ་བ་ལྟར།།བདེན་མེད་རྟོགས་པའི་ལམ་གོམས་པས།།ཉེས་བརྒྱའི་རྩ་བ་དྲུང་ནས་འབྱིན།།ཞེས་གསུངས།
《善说宝鬘论》:
通达轮回与涅槃一切法如幻、如水月,现而无实,并对此进行修持,则可根除百恶之患。
ཞི་བ་ལྷས།གང་གི་ཆོས་ཀྱི་གཙོ་བོ་མཆོག།སེམས་ཀྱི་གསང་འདི་མ་ཤེས་ན།།བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་།།དེ་དག་དོན་མེད་གྱི་ནར་འཁྱམས།།ཞེས་གསུངས།
寂天菩萨:
若不知此心,奥秘法中尊,求乐或避苦,无义终漂泊。
རིན་ཆེན་ཕྲེང་བ་ལས།མེད་པ་བ་ནི་ིངན་འགྲོར་འགྲོ།།ཡོད་པ་བ་ནི་བདེ་འགྲོར་འགྲོ།།ཡང་དག་ཇི་བཞིན་ཡོངས་ཤེས་པས།།གཉིས་ལ་མི་བརྟེན་ཐར་བ་ལགས།།ཞེས་གསུངས།
《中观宝鬘论》:
无见堕恶趣,有见趋善趣,如实知真义,不依二解脱。
ས་ཆེན་གྲགས་པ་རྒྱལ་མཚན་གྱིས།ཚེ་འདི་ལ་ཞེན་ན་ཆོས་པ་མིན།འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།བདག་དོན་ལ་ཞེན་ན་བྱང་སེམས་མིན།འཛིན་པ་བྱུང་ན་ལྟ་བ་མིན།ཞེས་གསུངས།
萨迦扎巴加参:
贪着今生不是修行人,贪着轮回不是出离心,贪着自利不是菩提心,心有执着不是正知见。
རྩ་ཤེས་ལས།སྡུག་པ་ཡོད་པ་མ་ཡིན་ན།།འདོད་ཆགས་ཡོད་པ་ག་ལ་འགྱུར།།མི་སྡུག་ཡོད་པ་མ་ཡིན་ན།།ཞེ་སྡང་ཡོད་པ་ག་ལ་འགྱུར།།ཞེས་གསུངས།
《中论》:
若无有净者,由何而有贪,若无有不净,由何而有恚?
མཁས་དབང་དགེ་ཆོས་ཀྱིས།མི་ཆེན་དཔོན་པོའི་རྗེས་རྒྱུགས་མཁས་ཤིང་།།འབྱོར་ལྡན་བྱུག་པོའི་ངོ་ལ་འཛུམ་མཁས་པ།།མདོར་ན་ཡར་འགྲོའི་མི་ལ་ངོ་དགའ་མཁན།།འཁྲེལ་མེད་ཁྲམ་པའི་བུ་དེ་དེང་སང་མང་།།ཞེས་གསུངས།
根登群佩:
对大高官善于溜须拍马,对富贵者善于谄媚取宠,总之,在飞黄腾达者面前演戏的无愧之人,如今可谓比比皆是。
བསླབ་བྱ་རིན་ཆེན་ཕྲེང་བ་ལས།གཅེས་པའི་བུ་དང་སྙིང་གི་གྲོགས་ལ་ཡང་།།སྙིང་གཏམ་སྔོན་དུ་མ་བཤད་རེ་ཞིག་གསོང་།།ཧ་ཅང་དགའ་བའི་དུས་དང་ཁྲོས་པའི་དུས།།སེམ་ལ་གང་ཡོད་ཁ་ནས་འཆོར་ཉེན་ཡོད།།ཅེས་གསུངས།
《教言宝鬘论》:
哪怕对最爱的孩子、最亲的朋友,也不能说出自己的秘密。因为当他们极度欢喜或非常生气时,心里的秘密就会不小心泄露。