Skip to content
« 上一篇 下一篇 » A- A A+ 微信原文

ནང་བསྟན་རིག་པའི་ནོར་གཉེར་ལམ་སྟོན། 跟着佛陀学理财

ནོར་རྫས་ཀྱིས་འཚོ་བར་རྒྱབ་སྐྱོར་ཐུབ་ཀྱང་། 

མི་ཚེ་བདེ་ལ་འགོད་མི་ནུས། 

བགོ་བཤའ་ལ་མཁས་ཤིང་སྦྱིན་པ་གཏོང་ཕོད་ན། 

ད་གཟོད་བག་ཕེབས་ཀྱི་བསོད་ནམས་རྒྱུན་སྐྱོང་བྱེད་ཐུབ།

财富能托起生活
却未必安顿人生
会分配、肯布施
才守得住福报与从容

ལོངས་སྤྱོད་གང་ནས་བྱུང་ཚུལ།
一、财富从哪里来

མི་མང་པོ་ཞིག་གིས་ལོངས་སྤྱོད་འབྱོར་བ་ནི་ཁ་ལས་རླུང་རྟ་ལ་རག་ལས་པས། གོ་སྐབས་བཟང་པོ་དང་འཕྲད་ཚེ་དམ་འཛིན་ལེགས་པོ་བྱས་ན། ཞག་གཅིག་ལའང་ཕྱུག་པོར་འགྱུར་ཐུབ་ཅེས་བཤད། འོན་ཀྱང་ནང་ཆོས་ལས་གསུངས་པ་ལྟར་ན། ཁ་ལས་རླུང་རྟ་ཞེས་པ་ནི་དགེ་བའི་ལས་ལས་ཐོན་པའི་ནུས་ཤུགས་ཤིག་ཡིན་ཏེ། བདག་ཅག་གིས་ཚེ་འདིའམ་སྐྱེ་བ་སྔོན་མ། ཡང་ན་སྔོན་མའི་ཡང་སྔོན་མ་ཞིག་ལ་བསོད་ནམས་ཀྱི་ཚོགས་བསགས་པའི་དགེ་བའི་རྒྱུ་དང་། ཚེ་འདིའི་བརྩོན་འགྲུས་བྱས་པའི་རྐྱེན་དག་འཛོམས་པས། ད་གཟོད་ད་ལྟའི་ལོངས་སྤྱོད་འདི་འགྲུབ་པ་ཡིན། དེས་ན་གནས་ཚུལ་ཇི་འདྲ་ཞིག་དང་འཕྲད་ཀྱང་། རྒྱུན་དུ་བསམ་པ་བཟང་པོ་བཅངས་ཏེ་དགེ་བ་མང་དུ་བསྒྲུབ་པ་དང་། དགེ་བའི་ས་བོན་དུ་མ་འདེབས་དགོས། དེ་རིང་བཏབ་པའི་ས་བོན་ནི་ནམ་ཞིག་དུས་སུ་བབས་པ་ན་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་འགྱུར་བས། འདི་ཉིད་ནི་འགྲུབ་འབྲས་ཐོབ་པའི་གནད་ཀྱི་གཙོ་བོ་ཡིན།

很多人经常讲,发财靠运气,只要恰当地抓住机遇,就可以一夜暴富。

从佛教的角度讲,所谓的运气其实是一种善业力。我们在今生、前世或前前世的某一刻,积累了福德资粮的善因,再加上今生的努力,所以才拥有了现在的财富。因此,无论遇到任何事情,我们都应该保持一颗善良的心,多行善事,多种善因。今天种下的种子,到了一定时候就会开花结果,这个方法才是获得成功最关键的一环。

དུས་གཅིག་ན་འཕགས་པ་ཀཱ་ཏྱཱ་ཡ་ན་མཉན་ཡོད་ཀྱི་ཕྱོགས་སུ་བྱོན་པའི་ལམ་བར་དུ། བུད་མེད་ཅིག་གདུངས་ནས་སྣོད་ཅིག་ཐོགས་ཏེ་ཆུ་འགྲམ་དུ་སོང་ནས་ངུ་ཞིང་འདུག་པ་གཟིགས་པས། འཕགས་པས་བུད་མེད་དེ་ལ། ཁྱོད་ཅིའི་ཕྱིར་ངུ་ཞེས་དྲིས་པར། མོས་སྨྲས་པ། བདག་ནི་ཤིན་ཏུ་བཀྲེན་ཏེ། བདག་པོས་བརྡེགས་ཤིང་གཙེས་ནས་འདི་ལྟར་ཉམ་ཐག་པར་གྱུར་པས་འཆི་བར་འདོད་ཅེས་ཞུས། འཕགས་པས་མོ་ལ། བུད་མེད་གལ་ཏེ་དབུལ་བས་ཉམ་ཐག་ན་དབུལ་བ་ཚོངས་ཤིག་ཅེས་གསུངས་པས།

有一次,嘎达亚那尊者去舍卫国的途中,见到一位女人手持水瓶,坐在河边大哭。尊者问她为何如此伤心,她说:“我是一个苦命的穷人,每天都感受着饿鬼般的痛苦,实在是不想活了!”尊者开导她说:“不要伤心,你可以把贫穷卖给别人。”

བུད་མེད་དེས་ཧ་ལས་ཏེ། འཕགས་པ་ལ་སུས་དབུལ་བ་ཉོ་ཞེས་ཞུས།  འཕགས་པས། ངས་ཉོའོ་ཞེས་གསུངས། ཡང་མོས། འཕགས་པ་དབུལ་བ་ཇི་ལྟར་བཙོང་བར་བགྱི་ཞེས་ཞུས་པར ། འཕགས་པས། སྦྱིན་པ་ཐོངས་ཤིག། དབུལ་པོ་རྣམས་དབུལ་བར་གྱུར་པ་ནི་སྔོན་གྱི་ཚེ་ན་སྦྱིན་པ་མ་བཏང་བས་ཡིན་ལ། ཕྱུག་པོ་རྣམས་འབྱོར་པ་དང་ལྡན་པར་གྱུར་པ་ནི་སྔོན་སྦྱིན་པ་ལ་དགའ་བས་ཡིན་ནོ། །དེ་བས་ན་སྦྱིན་པ་ནི་དབུལ་བ་བཙོང་ཞིང་འབྱོར་པ་ཉོ་བའི་ཐབས་ཀྱི་མཆོག་ཡིན།

女人惊叫起来:“你不要乱说,有什么人肯买贫穷?”尊者回答:“卖给我,我肯买!”“那怎么卖呢?”尊者开示道:“要布施!穷人之所以贫穷,是前生没有布施;富人之所以富贵,是前生肯布施。因此,布施是卖贫买富的最好方法。”

བུད་མེད་དེས་དེ་སྐད་ཅེས་ཐོས་པས་འཕགས་པ་ལ། ཁྱེད་ཀྱིས་གསུངས་པ་་བདེན་ལགས་མོད། འོན་ཀྱང་བདག་ནི་སྤྲང་མོ་ཞིག་སྟེ། ལག་ཏུ་ཐོགས་པའི་སྣོད་འདིའང་བདག་པོའི་ཡིན་ན། བདག་གིས་ཇི་ལྟར་སྦྱིན་པ་བགྱི་ཞེས་ཞུས་པས། འཕགས་པས་ལྷུང་བཟེད་བུད་མེད་དེ་ལ་གཏད་དེ་འདི་ལྟར། སྦྱིན་པ་ནི་ངེས་པར་དུ་ཟང་ཟིང་གི་དངོས་པོ་དགོས་པ་མ་ཡིན་ཏེ། གཞན་གྱིས་སྦྱིན་པ་བྱེད་པ་ལ་རྗེས་སུ་ཡི་རངས་བྱས་ནའང་སྦྱིན་པ་ཡིན། ཁྱོད་ཀྱིས་ལྷུང་བཟེད་འདི་ཆུས་བཀང་སྟེ་ང་ལ་བྱིན་ཅིག་དང་། དེ་ཉིད་ཁྱོད་ཀྱིས་ང་ལ་སྦྱིན་པ་བྱས་པ་ཡིན་ཞེས་གསུངས། 

女人听后道:“你说得不错。不过我一无所有,手中的水瓶也是主人的,你叫我怎么布施呢?”尊者把钵递给女人说:“布施不一定要钱,见别人布施,自己随喜也可以。现在你持此钵盛水给我,作为你对我的布施。”

དེའི་ཚེ་བུད་མེད་དེས་སྦྱིན་པའི་དོན་སྙིང་ལེགས་པ་རྟོགས་ཏེ། སྣོད་ཆུས་བཀང་སྟེ་ཕུལ་ནས་སྨོན་ལམ་བཏབ་པས། དེ་མ་ཐག་ཏུ་དབུལ་བའི་སྡུག་བསྔལ་ལས་ཐར་ཏེ་ཕྱིས་སུ་སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར།

女人此刻才真正明白布施的意义,当即依教奉行。后来她以供水功德,死后转生为天界具福报者。

ལོངས་སྤྱོད་བགོ་བཤའི་ཚུལ་བཞི།

二、财富的四种分配方式

ནང་བསྟན་རིག་པའི་ནོར་གཉེར་ལམ་སྟོན། བཅོམ་ལྡན་འདས་ཀྱིས་མདོ་ལས། རྒྱུན་ལྡན་ང་ཚོའི་ནོར་རྫས་བགོ་བཤའ་རྒྱག་སྟངས། ཧ་ཅང་གསལ་པོར་གསུངས་ཡོད། རང་གི་ནོར་རྫས་ཡོད་ཚད་ཆ་བཞིར་བགོས་ཏེ། ཆ་གཅིག་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད། ཆ་གཅིག་དགེ་ལས་ཀྱི་ཐད་དུ་བཏང་ནས། སྤྱི་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་དགོས། ཆ་གཅིག་ཛ་དྲག་གི་གནས་ཚུལ་དང་འཕྲད་སྐབས་སྤྱོད་དགོས་པས། གནས་སྐབས་སུ་བེད་མི་སྤྱོད་པར་ཉར་ཚགས་བྱེད་དགོས། ཆ་གཅིག་ཚོང་ལས་དང་། མ་རྩ་འཛུགས་པ། ཞིབ་འཇུག་བྱེད་པ་སོགས་ལ་སྤྱད་ཆོག། ང་རང་ངོས་ནས་བལྟས་ན། འདི་འདྲའི་ནོར་རྫས་བགོ་བཤའ་རྒྱག་སྟངས་ནི། དེང་སང་མི་མང་པོ་ཞིག་ལ་མཚོན་ན། ཧ་ཅང་དགོས་གལ་ཆེན་པོ་འདུག། གཞོན་ནུ་མང་པོ་ཞིག་གིས། གསར་དུ་ལས་གཏོད་བྱེད་པའི་སྐབས་སུ། རང་ཉིད་ཀྱི་རྒྱུ་ནོར་ཡོད་ཚད་མ་རྩར་བཞག་པས། ཕམ་ཁ་བྱུང་སྟེ་མཐར་སོར་ཆུད་དཀའ་བར་གྱུར། ནང་ཆོས་ལས་ཀྱང་། འདི་འདྲ་བྱེད་མི་རུང་བར་གསུངས། རྒྱུ་མཚན་ནི་ང་ཚོའི་རྒྱུ་ནོར་ཐམས་ཅད་མི་རྟག་པ་ཡིན། ནམ་ཞིག་གི་ཚེ་ན། ཁྱེད་ཀྱི་རྒྱུ་ནོར་དང་ལོངས་སྤྱོད་ཡོད་ཚད། མ་རྩར་ཤོར་བའི་རྗེས་སུ། རང་ཉིད་ཀྱི་འཚོ་བ་སྐྱེལ་ཐབས་ཡང་དཀའ་བར་འགྱུར་སྲིད་པས། མི་སུ་ཡིན་ཡང་བགོ་བཤའ་ལེགས་པོ་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་བགོ་བཤའ་ལེགས་པོ་མ་བྱས་ཚེ། ལྷག་པར་དུ་དེང་སང་འཛམ་གླིང་ཡོངས་ལ་རྙོག་འཛིང་ཆེ་ཞིང་། འགྱུར་ལྡོག་མང་བ། ཡུད་ཙམ་ལའང་འགྱུར་ལྡོག་མང་པོ་འབྱུང་བའི་དུས་རབས་འདིར། དེ་རིང་ཁྱེད་ནི་བཀྲག་མདངས་ཀྱིས་མིག་དབང་འཕྲོག་ཅིང་། གྲུབ་འབྲས་འོད་སྟོང་འབར་བའི་མི་ཞིག་ཡིན་ནའང་། སང་ལོའི་དུས་ལ་སླེབས་དུས། ཡང་ན་ལོ་གཉིས་འགོར་བའི་རྗེས་སུ། གཅིག་བྱས་ན་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སུ་ལྷུང་སྲིད། འདི་ལྟ་བུའི་མི་རྟག་པའི་རང་བཞིན་ཡོད་པ་རེད། གལ་ཏེ་ང་ཚོ་རང་ཉིད་ལ། རྒྱུ་ནོར་གྱི་རྒྱབ་རྟེན་སྲ་མོ་ཞིག་ཡོད་ན། འགྱུར་ལྡོག་གང་འདྲ་ཞིག་བྱུང་ཡང་། རང་ལ་མཚོན་ན་འཇིགས་པ་མེད་ལ། སྐྲག་སྣང་དང་སེམས་ཁྲལ་ཡང་མེད། ངས་བསམས་ན། འདི་ནི་ནང་ཆོས་ཀྱིས་ང་ཚོ་ཡོངས་ལ་གནང་བའི་ལམ་སྟོན་དང་བརྡ་འཕྲིན་ཞིག་ཡིན།

佛陀在《阿含经》当中讲到,我们的财富最好能够分成四份,一份用于日常生活,一份用于慈善方面,回馈社会,一份要暂时不动保存着,以备不时之需;还有一份可以用于做生意、做投资、做科研等。其实,这样的财富分配方式,对当今很多人来讲,是非常有必要的。很多年轻人在创业之初,将自己所有的财产投入资本,但到最后可能无法从中获益;佛教当中也不允许这样做,因为我们的财产都是无常的,如果你将所有的财富受用都投入资本,最终可能会导致自己的生活难以支撑下去。

在这个非常复杂、变化多端的世界里,尤其在这样一个瞬息万变的时代当中,今天的你可能是光彩夺目、非常成功的,但是到了明年,或者再过两年,也许可能会沦落到很悲惨的地步,这就是无常性的体现。而如果我们拥有一定的财产来支撑生活,那不管形势如何变化,对自己来讲,都是无有畏惧、无有忧虑的。这就是佛教给大家所提供的一种指示和讯息。

མཁན་པོ་བསོད་དར་རྒྱས་ཀྱི་གསུང་བཤད། 

ནང་པའི་དཔལ་འབྱོར་གྱི་ལྟ་བ་དང་

དེའི་ཁྱབ་སྤེལ་ཞེས་པ་ལས་བཏུས། 

节选自索达吉堪布
《佛教财富观与传播》演讲