显句论 | 每品之重点偈颂
《中论》དབུ་མ་རྩ་བ །(每品之重点偈颂)
顶礼句ཕྱག་འཚལ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། ། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །
顶礼文殊师利童子!
不生亦不灭,不常亦不断,不一亦不异,不来亦不去。能说是因缘,善灭诸戏论。我稽首礼佛,诸说中第一。
一、 观因缘品རབ་བྱེད་དང་པོ་རྐྱེན་བརྟག་པ།
བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །
诸法不自生,亦不从他生,不共不无因,是故知无生。
二、 观来去品རབ་བྱེད་གཉིས་པ་འགྲོ་འོང་བརྟག་པ།
རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལའང་འགྲོ་བ་མིན། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །
已去无有去,未去亦无去,离已去未去,去时亦无去。
三、 观六情品རབ་བྱེད་གསུམ་པ་དབང་པོ་བརྟག་པ།
ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་དག་གཞན་ལ་ཇི་ལྟར་ལྟ།།
是眼则不能,自见其本体,若不能自见,云何见余物?
四、 观五阴品རབ་བྱེད་བཞི་བ་ཕུང་པོ་བརྟག་པ།
སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །
若人有难问,离空说其过,是则不成过,俱同于彼疑。
五、 观六种品རབ་བྱེད་ལྔ་པ་ཁམས་བརྟག་པ།
བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །
浅者见诸法,若有若无相,是则不能见,灭见安隐法。
六、 观染染者法རབ་བྱེད་དྲུག་པ་འདོད་ཆགས་བརྟག་པ།
དེ་ལྟར་འདོད་ཆགས་ཆགས་པ་དག། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །
如是染染者,非合不合成,诸法亦如是,非合不合成。
七、 观三相品རབ་བྱེད་བདུན་པ་སྐྱེ་གནས་འཇིག་གསུམ་བརྟག་པ།
རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །
如梦亦如幻,如乾闼婆城,所说生住灭,其相亦如是。
八、 观作作者品རབ་བྱེད་བརྒྱད་པ་བྱེད་པོ་དང་ལས་བརྟག་པ།
བྱེད་པ་པོ་ལས་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ། །
因业有作者,因作者有业,成业亦如是,更无有余事。
九、 观本住品རབ་བྱེད་དགུ་པ་སྔ་རོལ་ན་གནས་པ་བརྟག་པ།
ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །
以法知有人,以人知有法,离法何有人?离人何有法?
十、 观燃可燃品རབ་བྱེད་བཅུ་པ་མེ་དང་བུད་ཤིང་བརྟག་པ།
བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །
若燃是可燃,作作者则一,若燃异可燃,离可燃有燃。
十一、观本际品རབ་བྱེད་བཅུ་གཅིག་པ་སྔོན་ཕྱིའི་མཐའ་བརྟག་པ།
སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །
大圣之所说,本际不可得,生死无有始,亦复无有终。
十二、观苦品རབ་བྱེད་བཅུ་གཉིས་པ་བདག་གཞན་བྱས་པ་བརྟག་པ།
ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་འབྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ། །
自作及他作,共作无因作,如是说诸苦,于果则不然。
十三、观行品རབ་བྱེད་བཅུ་གསུམ་པ་འདུ་བྱེད་བརྟག་པ།
རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །
大圣说空法,为离诸见故,若复见有空,诸佛所不化。
十四、观合和品རབ་བྱེད་བཅུ་བཞི་པ་ཕྲད་པ་བརྟག་པ།
བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང༌། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་པ་ཡོད་མ་ཡིན། །
见可见见者,是三各异方,如是三法异,终无有合时。
十五、观有无品རབ་བྱེད་བཅོ་ལྔ་པ་རང་བཞིན་བརྟག་པ།
ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །
定有则著常,定无则著断。是故有智者,不应著有无。
十六、观缚解品རབ་བྱེད་བཅུ་དྲུག་པ་བཅིངས་པ་དང་ཐར་པ་བརྟག་པ།
རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །
缚者无有解,不缚亦无解,缚时有解者,解缚则一时。
十七、观业品རབ་བྱེད་བཅུ་བདུན་པ་ལས་བརྟག་པ།
ལས་འདི་ཉོན་མོངས་དག་ཉིད་ལ། ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །
若诸世间业,从于烦恼出。是烦恼非实,业当何有实?
十八、观我品རབ་བྱེད་བཅོ་བརྒྱད་པ་བདག་དང་ཆོས་བརྟག་པ།
གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །
若我是五阴,我即为生灭,若我异五阴,则非五阴相。
十九、观时品རབ་བྱེད་བཅུ་དགུ་པ་དུས་བརྟག་པ།
མི་གནས་དུས་ནི་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་ནི་ཇི་ལྟར་གདགས། །
时住不可得,时去亦叵得,时若不可得,云何说时相。