Buli 海量资源下载
注册 登录 联系Buli
堪布微博 (11~20 of 1530)
« 1 2 3 4 5 6 7 8 9 10 ... 153 »
一共收录了13862条微博,搜索到了1530条微博 >>导出微博>>
རོང་ཟོམ་་པཎ་ཆེན་གྱིས། ཆོས་སྤྱོད་རྣམ་བཅུ་ཤིང་ལེབ་ཀྱི་ངོས་ལྟར་གཅིག་ལ་གཅིག་སྒྲིབ་པར་གྱུར་པས། དེ་བས་ན་བསམ་གཏན་ལ་སྩོགས་པ་དོན་ཆེན་པོ་ལ་གནས་པ་རྣམས་ཀྱིས། ཡྀ་གེ་འདྲི་བ་ལ་སྩོགས་པ་དོན་ཆུང་ངུའྀ་ཆོས་སྤྱོད་མི་སྤྱད་དོ།། ཞེས་གསུངས།
荣索大班智达:
十种法行如同层层叠叠的板子一样彼此遮障。因此,安住禅定等大义者,不能行持缮写等小义之事。
རྗེ་མི་ལ་རས་པས། མདོར་ན་མི་རྟག་མ་དྲན་པའི།།དམ་ཆོས་ཅི་བྱེད་གྱི་ནར་གདའ།། ཞེས་གསུངས།
米拉日巴尊者:
若不观无常,修法皆枉然。
གཡུ་ཁོག་ཆོས་དབྱིངས་རང་གྲོལ་གྱིས། རང་གི་མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྤྱན་རས་གཟིགས་གསལ་བཏབ་ལ། སྤྱན་རས་གཟིགས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་རྒྱུ་མི་དགེ་བ་འབྲས་བུ་སྡུག་བསྔལ་ཐམས་ཅད་དག་ནས་སངས་རྒྱས་པར་བསམ། དེའི་ངང་ནས་མ་ཎི་བཟླས་ན་སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྨོན་ལམ་རྣམས་ཚང་གསུངས།
意科·秋阳让卓尊者:
我们在自己前方的虚空中,观想一切皈依处总集的本体——观世音菩萨,其身体发出无量光芒融入自他一切众生,以此清净了不善的恶因和痛苦的恶果,最终获得无上正等觉。如果在这样的境界中念诵六字真言“嗡玛尼贝美吽”,则已具足了皈依、发心、回向和发愿。
མི་ཚེ་ཐུང་ཐུང་འདི་ལ། འདི་ལྟ་བུའི་བླ་མ་དང་ཆོས་བཟང་པོར་འཕྲད་དུས། བྱང་ཆུབ་ཀྱི་སེམས་དང་རྫོགས་ཆེན་གང་རུང་ལ་གདེང་ཅུང་ཙམ་རེ་མ་ཐོབ་ན་ཧ་ཅང་ཕངས་བས་འདི་ལ་ངེས་པར་དུ་ནན་ཏན་དགོས་འུ་འདུག
在短暂的人生中,遇到如此殊胜的上师和正法,此时,在菩提心和大圆满方面若没有得到一点有把握的境界,则是最大的遗憾。我们对此应该值得精进。
ལྟོ་འགྲངས་ཉི་མས་དྲོ་དུས་ཆོས་པའི་གཟུགས། རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ།
不要在一帆风顺的时候,装成修行人;不要在遇到挫折的时候,变回普通人。
འཇམ་མགོན་ས་པཎ་གྱིས། གདམས་པ་རྒྱ་མཚོ་ཁུང་དུ་མ་ཆུད་ཀྱང་།།
སྤྱི་བོར་བླ་མ་སྒོམ་ཞིང་དད་པ་ཡིས།།
མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ།།ཐར་བའི་ལམ་སྣ་ཟིན་པའི་སྒོམ་ཆེན་ཡིན།།ཞེས་གསུངས།
萨迦班智达:
虽未精通如海教,虔信于顶观上师,热泪盈眶而祈祷,乃入正道大修者。
དཔལ་ལྡན་ཟླ་བ་གྲགས་པས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པས། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལ་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་གསུངས།
月称论师:
若时自在住顺处,设此不能自摄持,堕落险处随他转,后以何因从彼出。
འདི་བཏོན་ན་བྱིན་རླབས་ཤིན་ཏུ་ཆེ།
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།། ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

若以此时时祈祷莲花生大士,则会获得巨大的加持——
三时佛陀莲师尊,悉地遍主大乐者,
除障降魔忿怒相,汝前祈祷赐加持,
灭除内外密违缘,加持任运成所愿。
འབྲོམ་སྟོན་པའི་ཞལ་ནས། ང་ཡི་བརྒྱུད་པ་འདི་ཆུ་ཕུག་གངས་ལ་ཐུག་པ་ལྟ་བུ་ཞིག་སྟེ།རྫོགས་པའི་སངས་རྒྱས་ནས་ང་ཡི་བླ་མ་ཨ་ཏི་ཤའི་བར་དེའི་བླ་མ་ནི་དེ་ཡིན་ཞེས་བརྒྱུད་པ་རེ་རེ་ནས་མཛབ་མོ་འཛུགས་ཆོག་པ་ཞིག་ཡིན། རིན་ཆེན་བྱང་ཆུབ་ཀྱི་སེམས་ཟམ་མ་ཆད་པས་བརྒྱུད་པའི་བྱིན་རླབས་དང་ལྡན་པ་ཡིན། ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་མན་ངག་ཡོངས་སུ་རྫོགས་པས་ཐེག་པ་ཆེན་པོའི་གནད་ལུས་པ་མེད་པར་ཚང་བ་ཞིག་ཡིན། ཞེས་གསུངས་པ་བཞིན་བླ་མ་ཡིད་བཞིན་ནོར་བུའི་བརྒྱད་པའི་མན་ངག་ཀྱང་དེ་དང་འདྲའོ།།
仲敦巴尊者曾说:“我的传承,就像水来源于雪山一样,从佛陀到阿底峡尊者之间的传承,每一个都可以具体指出。珍宝菩提心的传承一直连续不断,极具加持力,甚深见派和广大行派的所有窍诀具足圆满,因此,大乘要诀完整无缺。”
法王如意宝传承法脉的窍诀,也是如此。
མཁན་ངག་ཆུང་རང་རྣམ་ལས། ཉམས་སུ་བླངས་ན་ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལ་ལོ་སྐྱེད་མི་འོང་བ་མི་སྲིད། དེ་ཡང་ཆོས་ཉམས་སུ་ལེན་པ་ལ་གནད་ཤེས་དགོས་པ་ཡིན། ཉམས་སུ་བླངས་ཀྱང་སྐྱེད་མི་འོང་བ་གནད་མ་ཤེས་པའི་རྟགས་ཡིན། ཞེས་གསུངས།
《阿琼堪布自传》:
如果修行的话,上等者每日有进步,中等者每月有进步,下等者每年有进步。没有进步是不可能的。
不过,修法时必须懂得修行的要诀。
虽然修法但没有进步,主要是没有掌握要诀而已。
« 1 2 3 4 5 6 7 8 9 10 ... 153 »