ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
Sanskrit mantra: chanting follows its own rules, not Tibetan pronunciation.
ཆོས་སྐྱོང་གི་གསོལ་མཆོད་སྐོར་ཕྱོགས་བསྡུས་འདོད་འབྱུང་དཔལ་གྱི་རྫིང་བུ་ཞེས་བྱ་བ
Edition this wording was copied from:《喇荣课诵》索达吉堪布 编译,智悲海 2023年12月版,第 29 篇《护法摄供》
Presented as the Nyingma tradition reads it.
A study aid. It does not replace the oral transmission and explanation of a qualified teacher.
གཏོར་མ་བྱིན་བརླབ་ནི། གཏོར་འགུག་སྔོན་དུ་སོང་ནས།
加持食子:先行加持食子,后念诵
༈ ནམ་མཁའ་མཛོད་སྔགས་ནི།
虚空藏咒:
ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
Sanskrit mantra: chanting follows its own rules, not Tibetan pronunciation.
རཾ་ཡཾ་ཁཾ།
Sanskrit mantra: chanting follows its own rules, not Tibetan pronunciation.
སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་
དུ་དམར་གྱི་ཐོད་རློན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ།
དགྲ་བགེགས་བསྒྲལ་བའི་
ཤ་ཡི་རི་བོ།
ཁྲག་གི་རྒྱ་མཚོ།
རུས་པའི་གྲམ་ཁྲོད་ཆེན་པོ་དང༌།
གཞན་
ཡང་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཐབས་ ཤེས་ཀྱི་ཡི་གེས་མཚན་པ་ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས་འཁོར་འདས་
ཀྱི་དྭངས་བཅུད་མ་ལུས་པ་བཀུགས་ཤིང་བསྟིམས་པས་བདུད་རྩི་དཀར་ དམར་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ཟེར་མ་འཕྲོ་ བའི་སྟེང་གི་ནམ་མཁར་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག ཡི་གེ་
གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་དམ་ཚིག་གི་རྫས་དང་དབྱེར་མེད་པར་གྱུར་ཏེ།
ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་
ཟད་མི་ཤེས་པ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར།
Source-book translation空性中,具有火风之三骷髅灶上广大鲜红头颅内,降伏怨魔之肉山、血海、骨滩及五肉五甘露等誓言物以方便智慧文字严饰而熔化、沸腾之光芒无余吸收轮涅精髓而融合成红白甘露散射出色香味功效圆满之欲妙光。其上方虚空中,以三文字严饰之光芒从一切如来心间汇集智慧甘露收回融入三文字,次第熔化与誓言物成为无别,本体为智慧甘露,形相成为浩瀚所欲无尽云聚普贤大乐藏。
ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང༌། ཨོཾ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཨཱཿ ཧཱུྃ། ཞེས་བྱིན་གྱིས་བརླབ།
念诵嗡啊吽吙”“及”嗡玛哈巴朗达 得作巴朗达 巴拉巴得 格黑萨玛雅啊吽”作加持。
རང་གི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་མ་ལུས་པ་ཆར་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་བཛྲ་ས་མཱ་ཛཿ
Source-book transcription让格特给哦瑞吉 匝森丹坚仲美措 玛利巴 恰珍德巴达 现章 班匝儿萨玛匝
Source-book translation以自心间之光芒迎请雨云密布般无余三根本、具誓护法海会众 班匝儿萨玛匝
དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་བས་མཉེས་པར་གྱུར།
Source-book translation彼等之舌根光管吸取食子精髓而欢喜。
ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཤྲཱྀ་དྷརྨཱ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་བྱས་ནས་གསོལ་ཁའི་གཞུང་དཀྱུས་ལྟར་བཏང་ངོ༌། །མངྒ་ལཾ།། །།
念诵嗡啊吽 班匝儿格热得瓦扎格呢 西儿达儿玛 巴拉瓦色得瓦 呢德巴德 波么巴德 萨巴热瓦Ra诶当 巴朗达 卡卡卡呵卡呵后,按照护法供而抛撒食子。愿吉祥!