慈诚罗珠藏文微博 2025,共8条微博
ལ་སྟོད་ལྷོ་ཡི་ཕྱོགས་ནི་ས་ཐག་རིང་། །
རུ་བཞི་དབུས་ཀྱི་ལྗོངས་ནི་ཚོར་བ་སྐྱེན། །
འཇིགས་པའི་ཡུལ་དུ་འབྱོར་བའི་ཐབས་མེད་ཀྱིས། །
བསྔོ་དང་སྨོན་ལམ་སེམས་ཀྱི་གཏིང་ནས་བྱ། །
ལ་སྟོད་ལྷོ་ཡི་ཕྱོགས་ནི་ས་ཐག་རིང་། །རུ་བཞི་དབུས་ཀྱི་ལྗོངས་ནི་ཚོར་བ་སྐྱེན། །འཇིགས་པའི་ཡུལ་དུ་འབྱོར་བའི་ཐབས་མེད་ཀྱིས། །བསྔོ་དང་སྨོན་ལམ་སེམས་ཀྱི་གཏིང་ནས་བྱ། །
འདྲ་པར་འདི་འཕྲུལ་ཤེས་AIཀྱིས་བཟོས་པའི་རྫུན་མ་ཞིག་རེད། ཞིབ་ཏུ་ལྟོས་དང་མཛུབ་མོ་༦་འདུག། འཕྲུལ་ཤེས་AIའདི་ལ་ཧ་ཅང་དོགས་ཟོན་བྱ་དགོས། འདིས་འདྲ་པར་དང་། བརྙན། སྒྲ་སོགས་བདེན་རྫུན་དབྱེ་འབྱེད་མི་ཐུབ་པ་ལྟ་བུ་དག་བཟོས་ཏེ། རྙོག་འཛིང་མང་པོ་སློང་བཞིན་ཡོད། གཞི་མེད་ཀྱི་སྒྲོ་སྐུར་དང་ཀླང་འདེབས་སྣ་ཚོགས་བྱས་ནས་མི་ཕན་ཚུན་བར་དུ་ཕུང་ཀྲོལ་དང་འགལ་སློང་བྱེད་པས་ཅིས་ཀྱང་གཟབ་པར་འཚལ་ལོ། །
ལུས་ངག་ཡིད་གསུམ་བླ་མ་རྗེ་ལ་འབུལ། །
སྲིད་གསུམ་གནས་ལས་བསྒྲལ་བའི་བཀའ་དྲིན་དྲན། །
ཚེ་རབས་ཕྲེང་བར་ཐུགས་རྗེས་རྗེས་སུ་ཟུངས། །
རེ་ས་གཞན་ན་མེད་དོ་བྱིན་གྱིས་རློབས། །
ལོ་ཉི་ཤུའི་རིང་གི་ལས་གྲོགས་གཉིས་ཁ་རྩང་ཉི་མ་གཅིག་ལ་སྐུ་གཤེགས་སོང་། ལོ་འདི་དག་གི་ནང་ཕུལ་དུ་བྱུང་བའི་ལས་གྲོགས་མང་པོ་མེད་པར་གྱུར།
མི་ཚེའི་རང་བཞིན་བསམས་ན་ཆོས་ཉིད་དེ། །
བྱ་བའི་ལས་དབང་བསམས་ན་གྱོང་ཆེན་ཉིད། །
གཡུལ་ཆེན་འཇིགས་པའི་ཐང་ན་གྲོགས་མེད་པ། །
རེ་བའི་དར་ཆེན་བསྒྲེངས་ཀྱང་ཕན་པ་ཆུང་། །
བོད་གངས་ཅན་པའི་ཤིང་མོ་སྦྲུལ་གྱི་གནམ་ལོ་གསར་དུ་ཚེས་པ་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ། གཞིས་བྱེས་ཡོངས་ལ་ཚེ་རིང་ནད་མེད་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
འགྲོ་བའི་ཞིང་ས་དག་པ་ལ། །
བསོད་ནམས་རྒྱུ་རྐྱེན་ཚོགས་པ་ལས། །
ནམ་མཁའི་དབྱིངས་ལས་འཇའ་ཚོན་བཞིན། །
ལོངས་སྐུའི་ངང་ལས་སྤྲུལ་སྐུར་ཤར། །
བོད་ཁ་བ་ཅན་གྱི་སྐྱེས་མ་ཡོངས་ལ་གསུམ་བརྒྱད་དུས་ཆེན་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་ཞུ།
དེ་དང་ཆབས་ཅིག་ཏུ་གལ་ཆེ་བའི་ཞུ་བ་ཚིག་གསུམ་སྟེ།
བུ་ཕྲུག་རྒྱན་གྱིས་བརྒྱན་ཚུལ་ལ། དྲང་བདེན་དང་གཞན་ཕན་གྱིས་ལུས་བརྒྱན། ཕ་སྐད་དང་མ་ཡིག་གིས་ངག་བརྒྱན། བྱམས་པ་དང་ཤེས་རབ་ཀྱིས་སེམས་བརྒྱན། འདི་ལ་བོད་ཀྱི་བརྒྱན་པ་རྣམ་གསུམ་ཟེར།
བུ་ཕྲུག་སློབ་གསོ་བྱ་ཚུལ་ལ། ཁྱིམ་ཚང་གི་སློབ་གསོས་གཞི་གཟུང་། སློབ་གྲྭའི་སློབ་གསོས་ཁོག་དབུབ། སྤྱི་ཚོགས་སློབ་གསོས་ཟུར་བརྒྱན། འདི་ལ་དེང་རབས་ཀྱི་སློབ་གསོ་རྣམ་གསུམ་ཟེར།
བུ་ཕྲུག་ལ་བཞག་པ་འཇོག་ཚུལ་ལ།
རྒྱུ་ནོར་མི་གཞག་ཤེས་རབ་གཞག། དབང་ཆ་མི་གཞག་དྲང་བདེན་གཞག། བཙན་དྲག་མི་གཞག་ཕན་སེམས་གཞག། འདི་ལ་བོད་གངས་ཅན་གྱི་ཨ་མའི་བཞག་པ་རྣམ་གསུམ་ཟེར། འདི་རྣམས་ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ།