慈诚罗珠藏文微博 2024,共9条微博
འགྲོ་བའི་བསོད་ནམས་ཞིང་ས་ལ། །
བདེར་གཤེགས་སྤྲུལ་པ་བྱོན་ནས་སུ། །
སྐྱེ་རྒུ་ཐར་བའི་ལམ་ལ་བཀོད། །
བདེ་བའི་ཉི་མ་མཁའ་ལ་ཤར། །
བདེར་གཤེགས་སྤྲུལ་པ་བྱོན་ནས་སུ། །
སྐྱེ་རྒུ་ཐར་བའི་ལམ་ལ་བཀོད། །
བདེ་བའི་ཉི་མ་མཁའ་ལ་ཤར། །
ཕ་སྐད་མ་ཡིག་ལ་འབད་པ་མཛོད།
བྱིས་པའི་སློབ་གསོ་ལ་དོ་སྣང་གྱིས།
ཁ་བཤད་ཀྱིས་མི་ཕན་ལག་ལེན་དགོས།
ལག་ལེན་གྱིས་མི་ཕན་རྒྱུན་འཁྱོངས་དགོས།
བྱིས་པའི་སློབ་གསོ་ལ་དོ་སྣང་གྱིས།
ཁ་བཤད་ཀྱིས་མི་ཕན་ལག་ལེན་དགོས།
ལག་ལེན་གྱིས་མི་ཕན་རྒྱུན་འཁྱོངས་དགོས།
བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བཀྲ་ཤིས་རྟེན་འབྲེལ་ཞུ།
དེ་དང་ཆབས་ཅིག་ཏུ།
གླུ་ལེན་བྲོ་འཁྲབ་གཅིག་པུས་མཛངས་མ་མི་འོང་།
གསེར་དངུལ་གཡུ་བྱུར་གཅིག་པུས་མཛེས་མ་མི་འོང་།
བུ་ཕྲུག་བསྐྱེད་གསོ་གཅིག་པུས་ཨ་མ་མི་འོང་།
སྐུ་རིམ་ཞབས་བརྟན་གཅིག་པུས་བཙུན་མ་མི་འོང་།
དེ་རྣམས་ནི་མི་འོང་བ་རྣམ་བཞི་ཡིན་པས་ཐུགས་ལ་འཇགས་པར་ཞུ།

བོད་རིག་པའི་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས།
ལྷག་བསམ་ལྡན་ཞིང་རིགས་པར་སྨྲ། །
ཡ་རབས་ཚུལ་བཟང་བརྩོན་འགྲུས་ཅན། །
གསེར་ལས་དཀོན་པའི་མཁས་པ་ནི། །
ཐོ་རངས་སྐར་ཚོགས་བཞིན་དུ་ཡལ། །
ལྷག་བསམ་ལྡན་ཞིང་རིགས་པར་སྨྲ། །
ཡ་རབས་ཚུལ་བཟང་བརྩོན་འགྲུས་ཅན། །
གསེར་ལས་དཀོན་པའི་མཁས་པ་ནི། །
ཐོ་རངས་སྐར་ཚོགས་བཞིན་དུ་ཡལ། །
ཨེ་ཛི་སྔོན་འགོག་ནན་མོ་མུ་མཐུད་དུ་བྱ་དགོས། འདི་ལ་ལྷོད་ཡེངས་ཅུང་ཟད་ཀྱང་མི་རུང་། ཀུན་གྱིས་ཡིད་ལ་འཇགས་པར་ཞུ།