慈诚罗珠藏文微博 2022,共16条微博
སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་ཡིད་བཞིན་ནོར།།ལམ་གོལ་དམན་པར་མ་གཏོང་ཆོས་ཀྱི་རྗེ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །
བྱིས་པའི་རྩོམ་རིག་གི་གསོ་སྦྱོང་ཐེངས་གསུམ་པ།
ད་ཐེངས་ཐམས་ཅད་ལ་བློ་སྐྱེད་ལེགས་པོ་བྱུང་སོང་།
ད་ཐེངས་ཐམས་ཅད་ལ་བློ་སྐྱེད་ལེགས་པོ་བྱུང་སོང་།
ཕ་སྐད་དང་མ་ཡིག་ནི། ཁྱོད་ཀྱི་སྲོག་རྩ་ཡིན་ལ་ངའི་སྲོག་རྩའང་ཡིན།
སྲོག་འཆད་པར་མི་འདོད་ན། བརྒྱུད་འཛིན་དགོས་ལ་དར་སྤེལ་ཡང་དགོས། འདི་ལ་བཤད་པས་མི་འོང་བསྒྲུབ་དགོས། བསྒྲུབས་པས་མི་འོང་ཡུན་དགོས། ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ།
༢༠༢༢ ༢ ༢༡
སྲོག་འཆད་པར་མི་འདོད་ན། བརྒྱུད་འཛིན་དགོས་ལ་དར་སྤེལ་ཡང་དགོས། འདི་ལ་བཤད་པས་མི་འོང་བསྒྲུབ་དགོས། བསྒྲུབས་པས་མི་འོང་ཡུན་དགོས། ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ།
༢༠༢༢ ༢ ༢༡
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་གྱུར་ཏེ། །
བསྟན་པ་ཉི་འོད་བཞིན་དུ་གསལ་བར་མཛད། །
དཔག་མེད་སྐྱེ་འགྲོ་ཐར་བའི་ལམ་ལ་བཀོད། །
སྙིགས་མའི་དུས་ཀྱི་རྫོགས་ལྡན་ཉམས་སུ་དགའ། །
བསྟན་པ་ཉི་འོད་བཞིན་དུ་གསལ་བར་མཛད། །
དཔག་མེད་སྐྱེ་འགྲོ་ཐར་བའི་ལམ་ལ་བཀོད། །
སྙིགས་མའི་དུས་ཀྱི་རྫོགས་ལྡན་ཉམས་སུ་དགའ། །
བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་ལུས་བདེ་ཞིང་སེམས་སྐྱིད་པའི་སྨོན་འདུན་ཞུ།
དེ་དང་ཆབས་ཅིག་ཏུ་ཞུ་བྱ་ནི། དེང་སྐབས་ལྷག་པར་གཟབ་དགོས་པ་གསུམ་སྟེ།
༡ རང་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་གཟོབས།
༢ བུ་ཕྲུག་གི་མི་ཚེའི་མདུན་ལམ་ལ་གཟོབས།
༣ བྱིས་པ་དང་བུད་མེད་སླུ་འཚོང་བྱེད་མཁན་ལ་གཟོབས།
དེ་དང་ཆབས་ཅིག་ཏུ་ཞུ་བྱ་ནི། དེང་སྐབས་ལྷག་པར་གཟབ་དགོས་པ་གསུམ་སྟེ།
༡ རང་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་གཟོབས།
༢ བུ་ཕྲུག་གི་མི་ཚེའི་མདུན་ལམ་ལ་གཟོབས།
༣ བྱིས་པ་དང་བུད་མེད་སླུ་འཚོང་བྱེད་མཁན་ལ་གཟོབས།
དེ་རིང་སྤྱི་ཟླ་༣་པའི་ཚེས་༢༠་ནི་འཛམ་གླིང་ཤ་མེད་ཉི་མ་རེད། ཁོར་ཡུག་དང་། བདེ་ཐང་། ཚེ་སྲོག་བཅས་ཀྱི་ཆེད་དུ་ཅི་ནུས་ཀྱིས་ཤ་སྤང་བར་བྱའོ། །
ལོ་༦་མན་ཆད་ཅན་གྱི་བྱིས་པའི་བཀླག་དེབ་༢༠་ཐམ་པ་རྩོམ་སྒྲིག་བྱས་ཏེ་བཀྲམ་ཡོད། ཆུང་ངུའི་དུས་ནས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེ་བས་ཁྱིམ་བདག་དང་དགེ་རྒན་རྣམས་ཀྱིས་ཅིས་ཀྱང་དོ་སྣང་གནང་བར་ཞུ།
སྐབས་བཞི་པའི་སྲོལ་རྒྱུན་བོད་ཟས་མྱོང་གཅོད་མཛད་སྒོ།
བོད་ཟས་གཡོ་རྩལ་འཛིན་གྲྭའི་སློབ་མ་༣༧་མཐར་ཕྱིན། སློབ་མ་རེ་རེས་བོད་ཟས་སྣ་ཁ་༣༨༠་ལྷག་རེ་བཟོ་ཤེས།
བོད་ཟས་གཡོ་རྩལ་འཛིན་གྲྭའི་སློབ་མ་༣༧་མཐར་ཕྱིན། སློབ་མ་རེ་རེས་བོད་ཟས་སྣ་ཁ་༣༨༠་ལྷག་རེ་བཟོ་ཤེས།
མིང་མཛོད་གསར་པ་ཞིག་རྩོམ་བསྒྲིག་བགྱིས་ཏེ། དཔར་བསྐྲུན་དང་འགྲེམ་སྤེལ་བྱས་ཡོད། ཐ་སྙད་༢༠༠༠༠་དང་། ལྡེབ་༡༩༦༤་ཡོད། འདི་ནི་དེང་རབས་བོད་སྐད་མིང་མཛོད་ཀྱི་རྨང་གཞི་བཏིང་བ་ཙམ་ཡིན་གྱི། མཇུག་གྲུབ་པ་མ་ཡིན་པས་ད་དུང་མི་རབས་ནས་མི་རབས་ཀྱི་བར་དུ་ཡར་རྒྱས་སུ་གཏོང་དགོས།
བརྙན་ཐུང་འདི་ལ་གཞི་བྱས་ནས་དཔའ་ངར་ཅན་གྱི་ཤྭ་བའི་ཨ་མ་ཞེས་པའི་བྱིས་སྒྲུང་དེ་བྲིས་པ་ཡིན་ནོ། ། 慈诚罗珠藏文微博的微博视频
བརྙན་འདི་ལ་གཞི་བྱས་ནས་སྙིང་སྟོབས་ཅན་གྱི་བྱི་བའི་ཨ་མ་ཞེས་པའི་བྱིས་སྒྲུང་དེ་བྲིས་སོ།། 慈诚罗珠藏文微博的微博视频
བྱམས་པའི་དྲི་ཞིམ་འཐུལ་ཞིང་། བརྩེ་བའི་རོ་བཅུད་ལྡན་པའི་དཀར་ཟས་ཀྱིས་འཚོ་བར་སྨོན།
ད་ལམ་དཀར་ཟས་བསྟེན་ཚུལ་གྱི་དཔེ་ཆ་ལེགས་པོ་ཞིག་བོད་སྐད་དུ་བསྒྱུར་ཡོད་པས་གཟིགས་པར་ཞུ་ཞུ།
ད་ལམ་དཀར་ཟས་བསྟེན་ཚུལ་གྱི་དཔེ་ཆ་ལེགས་པོ་ཞིག་བོད་སྐད་དུ་བསྒྱུར་ཡོད་པས་གཟིགས་པར་ཞུ་ཞུ།