慈诚罗珠藏文微博 2014,共20条微博
ལྡེབས་ངོས་སུ་སྦྱར་བྱའི་མིང་མཛོད་རིན་མེད་དུ་སྦྱིན་རྒྱུ་ཡོད་པས། ཆ་རྐྱེན་ཞན་པའི་སློབ་གྲྭ་སོགས་ཀྱིས་ང་ཚོ་ལ་འབྲེལ་བ་གནང་བར་ཞུ།
བོད་གྱི་མིང་མཛོད་རིག་པ་ཡར་རྒྱས་སུ་གཏོང་བ་དང་རྩོམ་བསྒྲིག་གི་བྱ་བ་རྒྱུན་ཆགས་སུ་སྒྲུབ་པ་གལ་ཆེའོ།།
ཕ་མེས་ཀྱི་རིག་གཞུང་ལ་རང་དགར་སྨད་པ་མ་བྱེད། འདི་ལ་མཇུག་འབྲས་ཆེས་མི་ལེགས་པ་ཡོད་ངེས་ཡིན།
སྤུན་སྲིང་རྣམ་པ། ཕ་སྐད་ཀྱི་དོན་དུ་མུ་མཐུད་ནས་འབད་པ་མཛོད། འདི་ང་ཚོ་ཚང་མའི་སྲོག་རྩ་རེད།