慈诚罗珠藏文微博 2012,共63条微博
དྲྭ་ཐོག་ན་རྒྱུ་བའི་བོད་རིགས་སྤུན་སྲིང་རྣམ་པ། དེ་རིང་ངས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཀྱི་ཆེད་དུ་པོད་ཕྲན་ཞིག་སྒོ་ཕྱེས་པ་ཡིན་པས་གཟིགས་པར་ཞུ།
བརྡ་འཕྲིན་གྱི་དུས་རབས་སུ་དྲ་བ་དང་རྩིས་འཕྲུལ་བཀོལ་སྤྱོད་བྱེད་ཤེས་པ་འདི་གལ་ཆེ་བར་མ་ཟད་མེད་དུ་མི་རུང་བ་ཞིག་ཡིན་པས་ཀུན་ཀྱིས་འབད་པ་བྱེད་དགོས་སོ།།
དམ་པའི་ཆོས་བསྒྲུབ་ན་དམ་པ་གསུམ་ཚང་དགོས། དམ་པ་གསུམ་མ་ཚང་བའི་དགེ་བ་གང་ཡིན་ཡང་སྙིང་པོ་ཆེར་མེད་དོ།།
གློག་རྡུལ་ལག་རྩལ་ལ་བརྟེན་ནས་སྐད་དང་ཡི་གེ་རྩིས་འཕྲུལ་དང་དྲྭ་ཐོག་ཏུ་བཀོལ་བ་འདི་ལ་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་བ་ཞེས་བྱ་སྟེ། ཤིན་ཏུ་གལ་ཆེའོ། །
འདི་ལྟ་བུའི་གློག་རྫས་ཆུང་ངུ་གཅིག་གིས་མི་གཅིག་གི་ཚེ་གང་པོར་བཏུང་རྒྱུའི་ཚད་ཙམ་གྱི་ཆུ་འབགས་བསླད་བྱེད་པས་གློག་རྫས་རྣམས་གང་དགར་འདོར་མི་རུང་ངོ་།།
འདི་འདྲའི་གློག་རྫས་ཕལ་བ་ཆ་གཅིག་ས་ནང་དུ་རུལ་བར་གྱུར་ན། དེའི་འབགས་བསླད་ཀྱིས་སྨི་གྲུ་བཞི་མ་གཅིག་གི་ཁྱོན་གྱི་ས་ལ་བེད་སྤྱོད་གཏན་མེད་དུ་འགྱུར་རོ།།
གློག་རྫས་རྙིང་པ་དག་མེར་བསྲེག་པ་དང་ཆུར་འདོར་བ་དང་ས་འོག་ཏུ་གནོན་པ་སོགས་བྱེད་མི་རུང་། ཕྱིར་བསྡུས་ཏེ་ཕྱིར་སྡུད་སྡེ་ཁག་ལ་སྤྲོད་དགོས་སོ།།
འབགས་བསླད་ཀྱི་ནུས་པ་མཆེད་བཞིན་པ།
ཐ་མག་འཐེན་མཁན་གྱི་མིའི་གློ་བ་སོལ་ཁུའི་ནང་དུ་བཅུག་པ་ལྟ་བུ་ཡིན། འདི་ལ་ནང་གི་འབགས་བསླད་ཅེས་བྱའོ།།
ཐ་མག་འཐེན་མཁན་གྱི་མིའི་གློ་བའི་རྩ་སྦུག་ཐམས་ཅད་དུད་ཁུང་གི་ནང་བཞིན་དུ་དུ་བའི་དྲེག་པས་འཚངས་ནས་ཡོད་དོ།།
ཐ་མག་འཐེན་པ་དང་མི་འཐེན་པའི་མི་གཉིས་ཀྱི་གློ་བའི་ཁྱད་པར་འདི་འདྲ་སྟེ། དལ་འབྱོར་གྱི་མི་ལུས་རིན་ཐང་ཆེ་བས་ལུས་ཁམས་བདེ་ཐང་ལ་གཟབ་པར་བྱའོ།།
ཡུལ་གཙང་མ་འདི་ལ་འབགས་བསླད་ཀྱིས་མ་གོས་པ་ཞིག་ཅིས་ཀྱང་གལ་ཆེའོ།།
སེམས་དྭངས་མ་འདི་ལ་འདོད་རྔམ་ལས་བྱུང་བའི་སྡུག་བསྔལ་གྱིས་མ་བསླད་པར་བྱེད་པའང་གལ་ཆེ་སྟེ། གཞན་དུ་ན་བདེ་སྐྱིད་ཀྱི་ཚོར་བ་རྙེད་དུ་མེད་དོ།།
ནམ་ཞིག་མི་རྣམས་ཀྱི་གདོང་ན་བཅོས་མིན་གྱི་འཛུམ་མདངས་འདི་དག་མཐོང་དུ་མེད་པར་གྱུར་པ་ན། རང་ཅག་གི་རིག་གནས་མཇུག་རྫོགས་པར་གྱུར་པའི་མཚོན་རྟགས་ཡིན་ནོ།།
ང་ཚོས་ཐ་སྙད་རྙིང་པའི་ཚིག་མཛོད་པར་རིས་ཅན་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད། འདི་ལ་ཀུན་གྱིས་རྒྱབ་སྐྱོར་གནང་བར་ཞུ།
ང་ཚོ་ལ་འབྲེལ་བ་བྱ་སའི་ཁ་བྱང་ནི། 2292435770@qq.com འདི་ཡིན། རོང་འབྲོག་གི་འཚོ་བའི་ཡོ་བྱད་རྣམས་ཀྱི་འདྲ་པར་ཐ་སྙད་དང་བཅས་པ་འདིའི་ཡིག་སྒམ་ནང་དུ་བསྐུར་བར་ཞུ།
ཐ་སྙད་རྙིང་པ་རྣམས་ནི་བརྗེད། གསར་པ་ནི་མེད། ཡོད་པ་རྣམས་ནི་མི་བཀོལ་ན། སྐད་ཡིག་དེ་མྱུར་དུ་ནུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ།།
ཚིག་མཛོད་ཆེད་དུ་ཡོ་བྱད་རྙིང་པ་རྣམས་འདྲ་པར་ལེན་པའི་ཚེ། ཡོ་བྱད་ཀྱི་ངོ་བོ་སྔར་ནས་ཡོད་པ་ཡིན་ཡང་དབྱིབས་དང་ཁ་དོག་ཇི་ཙམ་མཛེས་པ་དེ་ཙམ་དུ་བཟང་ངོ་།།
ཡོ་བྱད་དེའི་ཐོག་ན་ཡོད་པའི་མིང་ཐམས་ཅད་འབྲི་དགོས། མིང་དེ་དག་ཡུལ་མིའི་ངག་ན་ཡོད་པ་བཞིན་བྲིས་ན་ཆོག དག་མ་དག་ངེད་ཅག་གིས་གཏན་ལ་འབེབ་པས་སྐྱོན་མེད་དོ།།
ཚེ་སྲོག་ལས་རིན་ཐང་ཆེ་བའི་དངོས་པོ་ཞིག་འཇིག་རྟེན་ཁམས་ན་མེད། སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་གྱི། མཐོ་དམན་གྱི་དབྱེ་བ་འབྱེད་དུ་མེད་དོ།།
རང་དབང་ཁ་ལ་ཁྱེར་བཞིན་དུ་རང་ལས་ཉམ་ཆུང་བའི་སྲོག་ཆགས་རྣམས་ལ་ཐ་ན་འཚོ་གནས་ཀྱི་རང་དབང་ཙམ་ཡང་སྤྲོད་མི་དགོས་ཞེས་སྨྲས་ན་གནས་ལུགས་དང་མི་མཐུན་ནོ།།
སྤུན་ཟླ་རྣམ་པ། ཚེ་སྲོག་ལ་མཐོ་དམན་གྱི་དབྱེ་བ་འབྱེད་པ་འདི་ལ་རྒྱབ་སྐྱོར་བྱེད་པ་འདི་འཐད་མི་འཐད་མཐར་རང་ཐོག་ཏུ་འཁོར་བ་ན་གོ་བ་ལོན་རྒྱུ་ཞིག་ཡོད་དོ།།
ང་ཚོས་གཡག་བཤའ་ཤེས་པ་ཙམ་གྱིས་ཡར་རྒྱས་སུ་མི་འགྲོ་བས། རབ་རིག་གནས་ཀྱིས་འཚོ་བ། འབྲིང་ལག་ཤེས་ཀྱིས་འཚོ་བ། ཐ་མ་ངལ་རྩོལ་གྱིས་འཚོ་བ་ལ་བརྩོན་དགོས་སོོ།།
འཚོ་ཚུལ་གསུམ་པོ་དེ་དག་ཀྱང་ད་ལྟ་ནས་ལག་ལེན་དུ་ཨེ་ཐུབ་བལྟ་དགོས་ཀྱི། བསྒུགས་པས་ཕན་པ་མེད་དོ།།
མ་འོང་པར་འབྲུ་རིགས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། རང་ཅག་གི་རྩ་བའི་འཚོ་རྟེན་ཞིང་ལས་དང་ཕྱུགས་ལས་མེད་པར་བྱེད་པ་ནི་ཆེས་ཉེན་ཁ་ཆེ་བའི་བྱ་བ་ཞིག་གོ།
མི་རབས་གསུམ་གྱི་དད་པ། ང་ཚོས་དད་པ་འདི་མི་རབས་ནས་མི་རབས་ཀྱི་བར་དུ་བརྟན་པར་བྱ་དགོས། ཐབས་ཤེས་ཀྱི་གཙོ་བོ་གཅིག་སློབ་གསོ་ཡིན་ནོ།།
སྐབས་སྐབས་སུ། ཕ་དམ་པའི་ཞལ་ནས། སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད།།གྲུ་གཟིངས་ཚགས་སུ་ཚུད་དམ་དིང་རི་བ།།ཞེས་པ་ལའང་བསམ་བློ་ཁྱུག་ཙམ་རེ་གཏོང་བར་མཛོད།
བགྲིས་ཞེས་པ་འབྲི་ཉེས་རེད། བགྱིས་ཟེར་དགོས།
རང་ཅག་གི་གླེན་རྟགས།
འཕྲིན་འདི་འདྲ་ཞིག་བསྐུར་འདུག ཕལ་ཆེར་བདེན་ཤས་ཆེ། དོན་འདི་དགེ་བཅུའི་སྲོལ་ནང་དུ་བཞག་ནས་བོད་མི་རྣམས་ལ་ཉེན་བརྡ་གཏོང་དགོས་པའི་རྒྱུ་མཚན་ཡང་འདི་ཡིན།
ད་དུང་འདི་འདྲ་ཞིག་ཀྱང་བསྐུར་འདུག་སྟེ། འདི་ལྟ་བུ་མང་པོ་ཡོད་ངེས་ཡིན། གང་དགོས་ཐམས་ཅད་ཀྱིས་སོམས།
སྤུན་ཟླ་ཞིག་གིས་འཕྲིན་དུ་བསྐུར་བ་རེད། གཟིགས་པར་མཛོད།
འདི་ལའང་ཚར་གཅིག་གཟིགས་ལ་བསམ་དཔྱོད་རེ་མཛོད།
ཐམས་ཅད་ཀྱི་རྩ་བ་འདི་ལ་ལྟོས། བོད་ཀྱི་ལུང་ཁུག་གི་གྲོང་བརྡལ་དང་། ཐ་ན་དབྱར་རྩྭ་དགུན་འབུ་བརྐོ་ས་ཡན་ཆད་ན་འདི་འདྲ་བས་ཁྱབ་ཡོད།
འདི་ཡང་གཞན་ཞིག་གིས་བསྐུར་བའི་འཕྲིན་རེད། ཞིབ་དཔྱད་མཛོད།
འདི་འདྲའི་རྩེད་མོ་འདི་རང་རེའི་རིག་གནས་སམ་གཤིས་ཀ་དང་མི་མཐུན་པས་སྤེལ་ན་མི་ལེགས་སོ།།
ཨེ་ཛིའི་ནད་ཡམས་སྔོན་འགོག་གི་ཤེས་བྱ་ཕྲན་བུ།
སྐྱེས་པའི་ནངས་པར་འཆི་བའི་བརྡ་ཞིག་བྱུང་།།ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ།།ཞེས་པའི་དོན་ལའང་བསམ་བློ་རེ་གཏོང་དགོས་པར་སྣང་ངོ་།།
སེང་ཉིན་ནི་ལྷ་བབས་དུས་ཆེན་རེད། རང་རང་གིས་གང་ནུས་ཀྱི་དགེ་བ་རེ་བསྒྲུབ་པ་དང་། བསྔོ་བ་དང་སྨོན་ལམ་བཟང་པོ་རེ་བྱ་བ་མ་བརྗེད་པར་མཛོད།
ད་ཕྱིན་ཆད་འདི་ལྟར་བྱེད་མི་རུང་ངོ་།།
རླུང་རྟ་རྒྱ་ལམ་ནང་དུ་གཏོར་ནས་ཀུན་གྱིས་རྡོག་རྫི་བྱེད་པ་འདིས་རང་གི་ཁ་རྗེ་དབང་ཐང་ལ་གནོད་པ་ལས་ཕན་པ་མེད་པར་གསུངས་པས་དོ་སྣང་བྱ་དགོས་སོ།།
འདི་འདྲའི་གཏམ་འཁྱར་ཞིག་སྣང་སྟེ། གཞན་གྱིས་རྫུན་བཟོ་བྱས་པ་རེད།
ཨེ་འགོག་གསོ་སྦྱོང་འཛིན་གྲྭ
བོད་ཀྱི་ཨེ་ཛི་སྔོན་འགོག་རང་འདུན་པ་རྣམས་ཀྱིས་བགྲོ་གླེང་བྱེད་པ།