Skip to content
Khenpo Weibos (1~10 of 129)
1 2 3 4 5 6 7 8 9 10 11 12 13 »
In total, there are 14017 Weibos,Found 129 Weibos >>Export Weibos>>
སྤྱོད་འཇུག་ལས།ཉོན་མོངས་ཤེས་བྱའི་སྒྲིབ་པ་་ཡི།།མུན་པའི་གཉེན་པོ་སྟོང་པ་ཉིད།།མྱུར་དུ་ཐམས་ཅད་མཁྱེན་འདོད་པས།།སྟོང་པ་ཉིད་ནི་ཅིས་མི་བསྒོམ།།ཞེས་གསུངས།
《入行论》
空性能对治,烦恼所知障, 欲速成佛者,何不修空性?
14.
●དྲི་བ།:སྤྱིར་བཏང་ཁྱེད་ཀྱིས་འཆད་ཁྲིད་སྐབས། ལེགས་ཕྱོགས་དག་དག་གསུང་གི་འདུགའོན་ཀྱང་ང་ཚོ་སྔོན་ཆད་གཏམ་འདོད་ཆེ་བ་དང་འདོད་རྔམ་མང་དྲགས་པས།ད་ལྟ་མི་མིན་འདྲེ་མིན་ལྟ་བུར་གྱུར་ཡོད།དེས་ན་ང་ཚོས་ད་དུང་རང་ཉིད་མི་འདོར་བ་དང་མི་གཏོང་བ་ཞིག་བྱེད་ནུས་སམ།
●ལན།:དམིགས་བསལ་གྱི་གནས་ཚུལ་ཅན་འགའ་རེ་མ་གཏོགས། མི་ཞིག་ཡིན་ནས་བཟུང་ཚང་མ་ལ་དགེ་བའི་ཕྱོགས་སུ་འགྲོ་བའི་བསམ་པ་ཡོད། མ་འོངས་པ་བློས་གཏོང་བ་དང་རང་ཉིད་ཀྱང་འདོར་བའི་མི་ནི། ཧ་ཅང་ཉུང་ཤས་ཙམ་ཞིག་ཡིན། ངའི་དེ་རིང་གི་འཆད་ཁྲིད་འདི། དགེ་བ་དང་དྲང་བདེན་གྱི་ཕྱོགས་ནས་བཤད་ཀྱིན་ཡོད། ཁྱེད་ཚོ་ལ་ཁ་ཙམ་གྱིས་སེམས་གསོ་བྱེད་པ་མིན། ངས་འཆད་པའི་དོན་འདི་དག་ནང་བསྟན་ཆོས་ལུགས་ཀྱི་རིགས་གཞུང་ཟབ་མོ་དང་དོན་དངོས་ར་སྤྲོད་ཀྱི་ཉམས་མྱོང་ལས་བྱུང་བ་ཡིན། མི་མང་པོ་ཞིག་གིས་འདི་ལྟར་ཉམས་ལེན་བྱས་པས། བདེ་བ་རྣལ་མ་ཞིག་ཐོབ་ཡོད་པ་རེད། ཁྱེད་ཚོ་ཡང་གཞན་དང་ཁྱད་པར་མེད། མི་ཚེ་རིང་པོའི་ནང་དུ། སེམས་ཁམས་ཀྱི་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་བས་ངས་བསམས་ན། ནང་ཆོས་ཀྱི་གནས་ལུགས་འདི་དག་ཚང་མར་བརྒྱུད་སྤྲོད་བྱ་དགོས་འདུགསྤྱིར་ན་ཐེངས་གཅིག་གི་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ཙམ་གྱིས། དེ་མ་ཐག་ཏུ་འགྱུར་ལྡོག་འབྱུང་མི་སྲིད་ནའང་། ཁྱེད་རྣམས་ཀྱི་སེམས་ལ་ངེས་ཤེས་ཕྲན་བུ་རེ་སྐྱེ་ཐུབ་རྒྱུ་རེད། དེང་སང་གི་སྤྱི་ཚོགས་ཁྲོད་དུ། མི་མི་ཉུང་བ་ཞིག་ལ་དོགས་འཚེར་དང་ཁོང་འཚེར་གྱི་སེམས་ནད་འབྱུང་འདུགགལ་ཏེ་སེམས་ཁམས་སྙོམས་སྒྲིག་གི་ཐབས་ཚུལ་ཤེས་ན། ཕལ་ཆེ་བ་ཞིག་སངས་དྲག་འབྱུང་ཐུབ་པ་རེད། ཡིན་ནའང་མི་ལ་ལ་སྐྱེ་བ་སྔོན་མའི་ལས་ཀྱི་དབང་གིས། ཇི་ལྟར་སེམས་གསོ་བྱེད་ཀྱང་བཅོས་ཐབས་མི་འདུགའོན་ཀྱང་ཁྱེད་ཚོས་དཔེ་འདི་ལྟ་བུ་ལ་བརྟེན་ནས། རང་ཉིད་ལས་སླ་མོའི་སྒོ་ནས་འདོར་མི་རུང་། འཇར་མན་གྱི་བྷེ་ཐོ་ཕྲེན་ཞེས་པ། ཁོང་གིས་རྣ་བས་སྒྲ་མི་ཐོས་ཀྱང་། རང་གི་བརྩོན་འགྲུས་ལ་བརྟེན་ནས། འཛམ་གླིང་དུ་ཡོངས་སུ་གྲགས་པའི་རོལ་མོ་མཁན་ཞིག་ཏུ་གྱུར། ཁོང་གིས། དཀའ་ངལ་གྱི་མདུན་དུ་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་ནི། བྱས་རྗེས་ཅན་གྱི་ཡོན་ཏན་ཆེན་པོ་ཞིག་གོ་ཞེས་གསུངས། ཨ་མི་རི་ཁའི་ཧེ་ལེན་ཁེ་ལེར་ཞེས་པ་ལ་མཚོན་ནའང་། ཁོང་འོན་ལྐུགས་དང་ལོང་པ་ཞིག་ཡིན་རུང་། མི་ཚེ་ཧྲིལ་པོར་དབང་པོ་སྐྱོན་ཅན་ལ་ཕན་བདེ་སྒྲུབ་པར་བརྩོན་པ་ཡིན། ཁོང་གིས་ཡིད་ཆེས་བརྟན་པོ་ཡོད་ན། མི་ཕལ་བ་ཞིག་ཡིན་རུང་རླབས་ཆེན་གྱི་ལས་དོན་འགྲུབ་ཐུབ་ཅེས་གསུངས། ཁོ་ཚོ་དང་བསྡུར་ན། ང་ཚོ་མི་ལ་ལ་ཞིག་གིས་རང་ཉིད་ལ་བརྙས་བཅོས་དང་ཉམས་ཞན་གྱི་ལྟ་ཚུལ་ལ་ངོ་གནོང་དགོས་འདུགམི་སུ་ཡིན་ཡང་འབད་བརྩོན་དང་ཧུར་ལེན་བྱེད་དགོས། རང་ཉིད་ལ་ཡིད་ཆེས་ཀྱང་ཡོད་དགོས། བྱ་བ་གང་ལ་ཡང་ཡིད་ཆད་དེ་སེམས་ཤུགས་ཉམས་མི་རུང་། གལ་ཏེ་རང་ཉིད་རང་གིས་མ་འདོར་ན། ནམ་ཞིག་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་ཚེ། ཐམས་ཅད་ལེགས་པོ་འབྱུང་བ་ཡིན། མི་ཚེ་འདིར། ཐོབ་ཐང་གང་འདྲ་ཡོད་ཀྱང་། ཁོར་ཡུག་གང་དུ་གནས་རུང། སྡུག་བསྔལ་མང་པོ་དང་འཕྲད་སྲིད་པས། སེམས་ཤུགས་ཆེན་པོའི་སྒོ་ནས་གདོང་ལེན་བྱས་ན། སྡུག་བསྔལ་ཐམས་ཅད་ལས་གྲོལ་ཐུབ། ངའི་རེ་བ་ནི་ཚང་མས་ཡིད་ཆེས་བརྟན་པོའི་སྒོ་ནས་སྙིང་སྟོབས་བསྐྱེད་དེ། ཤེས་རབ་དང་ལྡན་པའི་མི་ཚེ་ཞིག་རོལ་ཐུབ་པར་སྨོན།
ཧྥུའུ་ཅན་ལུང་ཡན་བཙོན་ཁང་གྱི་འཆད་འཁྲིད་ལས་བཏུས།
●问:您一般讲课,都会往好的方面讲,但我们过去虚荣心太强、欲望太多,现在已经变得人不人、鬼不鬼,那还能做到不抛弃、不放弃自己吗?
●答:极个别特殊情况的人除外。只要是人,都愿意向善。彻底放弃未来、抛弃自己的人,毕竟是少数。我今天的开示,虽然是从善和正的角度讲的,但并不是表面上安慰你们。我所讲的内容,都来自佛教深厚的理论体系和实证经验。很多人依照这样的体系修持,都得到了真正的安乐。你们当然也不例外。在漫长的人生中,心灵的疏导必不可少。所以我觉得,应该把佛教的这些道理传递给大家。仅仅一次的结缘和思想交流,不可能让大家马上转变,但也可以为各位的心灵打开一扇小小的窗户。如今的社会,有不少人患上抑郁症、焦虑症等,假如懂得调心的方法,大多数都能康复。虽然有人因为前世的因缘,怎么疏导也没办法,但你们不能因为这样的个案,而轻易放弃自己。德国的贝多芬,他耳朵听不见声音,却凭着自己的努力,成了举世闻名的音乐家。他说:“在艰难的遭遇面前百折不挠,是卓越者的一大优点。”美国的海伦·凯勒,她又聋、又哑、又盲,却毕生致力于为残疾人造福。她认为,坚定的信心,能让平凡的人做出惊人的事业。和他们相比,我们有些人应该为自己的脆弱感到惭愧。每个人都需要奋斗和努力,要对自己有信心,不能一蹶不振,彻底倒下。只要自己不放弃自己,一旦因缘和合,马上就可以翻身。人这一辈子,不管什么身份、处于什么环境,都会遇到很多的痛苦,但只要坚强地去面对,就能解脱所有的痛苦。希望大家充满自信、鼓起勇气,用智慧改变自己的人生。
选自:福建龙岩监狱演讲 2015.06.25
喇荣的蓝天、白云、绿草、黄花、红房,美得让人心动,却终究无法形影不离。
唯有这里的佛法,通过闻思修行得到之后,哪怕走到天南海北,甚至跨越来世,它都紧紧相随。
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགསཀྱིས།།ཁོ་བོའི་འཕྲིན་འདི་རིས་མེད་བསྟན་འཛིན་གྱི། །སྙན་དུ་ཞུས་ལ་ཐུགས་ཀྱིས་དགོངས་ཞེས་གསོལ། །རྒྱལ་བསྟན་ཉི་མ་ཆུ་ལྷའི་ཕྱོགས་དང་ཉེ། །
སྙིགས་ལྔའི་གྲིབ་མ་ལྷག་པར་བདོ་སྐབས་སུ། །མི་ཆེན་རྒྱལ་པོའི་ལད་མོ་མི་མཛད་པར། །ནང་དུ་མཉམ་པར་འཇོག་པའི་རང་དོན་དང་། །
གཡོ་སྒྱུ་མེད་པའི་གཞན་ཕན་བསམ་སྤྱོད་གཉིས། །ཟུང་དུ་འབྲེལ་བས་བསྟན་ལ་གཅེས་འཛིན་མཛོད།།ཅེས་གསུངས།
法王如意宝晋美彭措:
请于无偏持教大德前,为我捎此口信,祈请予以关注:如今佛法日轮已近西山,五浊的阴影四起之时,不应效仿大人物和君王的行为,而应以内观禅修的自利心行、无谄无曲的利他心行,来护持如来教法。
སློབ་དཔོན་འཕགས་པ་ལྷས།མདོར་ན་ཆོས་ནི་མི་འཚེ་བ།།དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།སྟོང་ཉིད་མྱང་ངན་འདས་པ་སྟེ།།འདིར་ནི་དེ་གཉིས་འབའ་ཞིག་གོ།ཞེས་གསུངས།
圣天论师: 如来所说法,略言唯二种, 不害生人天,观空证涅槃。
人生短短几十年,别的可以断舍离,唯独你在喇荣得过的那些甘露妙法,千万别弄丢了。如果不小心忘了,赶紧重温一下,再尝尝那个味道——这就是送我最好的“礼物”了。
13.
●དྲི་བ།:ང་རང་གི་བསམ་ཚུལ་ལ། གོམས་གཤིས་ངན་པ་དག་ནི་ཧ་ཅང་བསྒྱུར་དཀའ་བས། སེམས་ཤུགས་ཉམས་པར་འགྱུར་འདུགགནས་ཚུལ་འདི་ལྟ་བུ་ལ་ཇི་ལྟར་གདོང་ལེན་བྱ་དགོས།
●ལན།:སློབ་མ་ཞིག་སློབ་སྦྱོང་གི་མཐར་ཕྱིན་དགོས་ན། མི་མཐུན་པའི་རྐྱེན་སྣ་ཚོགས་བརྒྱུད་དགོས་ལ། ཁེ་ལས་པ་ཞིག་གིས་ལས་གཏོད་བྱེད་དགོས་ནའང་། དཀའ་སྡུག་མང་པོ་དང་འཕྲད་སྲིད་པ་ཡིན། དེ་དང་འདྲ་བར་ཆོས་ཉམས་ལེན་བྱེད་ནའང་། ཚེགས་མེད་བདེ་བགྲོད་ཅིག་མིན་པར། དཀའ་སྡུག་མང་པོ་དང་འཕྲད་སྲིད་པ་ཡིན། ང་རང་ཚོ་ཁོ་ན་མ་ཡིན་ཏེ། སྐྱེས་ཆེན་དམ་པ་འགའ་རེ་ཡིན་ཡང་། དཔེར་ན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལྟ་བུ། ལོ་ངོ་བཅུ་ལྷག་གི་རིང་ལ་བརྩོན་འགྲུས་ལྷོད་མེད་བྱས་ཏེ། དཀའ་ངལ་མང་པོ་ཁྱད་དུ་བསད་ནས། མཐར་ཐུག་གྲུབ་པ་ཐོབ་པ་ཡིན། དེའི་ཕྱིར་ན་འདི་དག་ཚང་མ་རང་བྱུང་གི་ཆོས་ཉིད་ཅིག་ཡིན། ང་ཚོས་གྲུབ་འབྲས་བླ་ན་མེད་པ་ཞིག་རེ་སྙེག་བྱེད་དུས། ལམ་འདི་དག་ངེས་པར་དུ་བརྒྱུད་དགོས། ཁྱོད་ཀྱིས་རང་སྐྱོན་ངོས་ཟིན་པ་འདི། ཧ་ཅང་ཡག་པོ་རེད། ཡིན་ནའང་བརྩོན་འགྲུས་བྱེད་རྒྱུ་འདོར་མི་རུང་། གལ་ཏེ་མུ་མཐུད་དུ་རྒྱུན་སྐྱོང་བྱས་ན། སྐབས་འགར་རང་ཉིད་ལ་ཡི་ཆད་པའི་དུས་ཡོད་ཀྱང་། རེ་འདོད་འགྲུབ་པའི་ཆེད་དུ། ཕྱིར་མི་ལྡོག་པར་མདུན་ནས་མདུན་དུ་བསྐྱོད་དགོས། མཐུན་རྐྱེན་སྣ་ཚོགས་ཤིག་བསྐྲུན་ན། དུས་ངེས་ཅན་ཞིག་ལ་སླེབས་དུས། ཉམས་ལེན་གྱི་ལམ་དེ་རང་བཞིན་གྱིས་བདེ་མོར་འགྱུར། གྲུབ་འབྲས་ཀྱང་ཐོབ་ངེས་ཅན་ཡིན། དེའི་ཕྱིར་ན་བརྩོན་འགྲུས་ལྷོད་མེད་ནི་ཤིན་ཏུ་གལ་ཆེ་བ་ཡིན།
ཡོ་ཁུ་སློབ་གྲྭ་ཆེན་མོ་གྱི་འཆད་འཁྲིད་ལས་བཏུས།།
●问:我认为,不好的习惯很难改变,从而感到很泄气。面对这种情况,应该怎么办?
●答:一个学生要完成学业,会经历种种不顺;一位企业家要创业,也会遭遇很多坎坷。同样,修行的道路也并非一帆风顺,可能会遇到很多磨难。不仅是我们,即使一些高僧大德,比如顶果钦哲仁波切,也是历经十多年的不懈努力,克服了很多困难,最后才获得成就的。所以,这些都是一种自然规律。当我们追求最高成就的时候,这些路都是要必经的。你能认识到自己的不足,这是很好的,但是不能放弃努力。如果一直坚持走下去,即使有时对自己有些失望,为了实现目标,要不退转,继续往前走。若能创造各方面的顺缘,那么到了一定时候,修行的路会自然顺利,也会有所收获的。所以,不断努力是非常重要的。
选自:约克大学演讲 2014.10.24
ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།གཞན་གྱི་རྫས་ལ་བརྣབ་སེམས་ཆེ་བ་དང་།ཡུན་དུ་འགྲོགས་ན་དགའ་སྡུག་གྲངས་མང་བ།ཐ་ཆད་སྐྱེ་བོ་མས་ཀྱང་འདོར་ངེས་པས།།ངང་བཟང་ཕྱི་ཐག་རིང་བའི་ཚུལ་ལ་སློབས།།ཞེས་གསུངས།
法王晋美彭措:
若过于贪爱他人财物,与之交往时,动辄喜怒无常,对这样的恶人,纵然是母亲也会舍弃,所以要学会善良、宽容、情意绵长。
སློབ་དཔོན་རྟ་དབྱངས་ཀྱི་མྱ་ངན་བསལ་བ་ལས།སའམ་ཅི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མ་མཐོང་བ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས
马鸣菩萨《解忧书》:
地上或天间,有生然不死,此事汝岂见,岂闻或生疑?
1 2 3 4 5 6 7 8 9 10 11 12 13 »