cannot load image Downloadables
Register Log In Contact Buli
Khenpo Weibos (41~60 of 280)
<< 1 2 3 4 5 6 7 8 9 10 11 12 13 14 >>
In total, there are 13838 Weibos,Found 280 Weibos >>Export Weibos>>
དེ་རིང་སྤྱི་ཟླ་༣་པའི་ཚེས་༢༠་ནི་འཛམ་གླིང་ཤ་མེད་ཉི་མ་རེད། ཁོར་ཡུག་དང་། བདེ་ཐང་། ཚེ་སྲོག་བཅས་ཀྱི་ཆེད་དུ་ཅི་ནུས་ཀྱིས་ཤ་སྤང་བར་བྱའོ། །
བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་ལུས་བདེ་ཞིང་སེམས་སྐྱིད་པའི་སྨོན་འདུན་ཞུ།
དེ་དང་ཆབས་ཅིག་ཏུ་ཞུ་བྱ་ནི། དེང་སྐབས་ལྷག་པར་གཟབ་དགོས་པ་གསུམ་སྟེ།
༡ རང་ལུས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་གཟོབས།
༢ བུ་ཕྲུག་གི་མི་ཚེའི་མདུན་ལམ་ལ་གཟོབས།
༣ བྱིས་པ་དང་བུད་མེད་སླུ་འཚོང་བྱེད་མཁན་ལ་གཟོབས།
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་གྱུར་ཏེ། །
བསྟན་པ་ཉི་འོད་བཞིན་དུ་གསལ་བར་མཛད། །
དཔག་མེད་སྐྱེ་འགྲོ་ཐར་བའི་ལམ་ལ་བཀོད། །
སྙིགས་མའི་དུས་ཀྱི་རྫོགས་ལྡན་ཉམས་སུ་དགའ། །
རབ་གནས་ཆུ་སྟག་ལོའི་བོད་གངས་ཅན་པའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
ཕ་སྐད་དང་མ་ཡིག་ནི། ཁྱོད་ཀྱི་སྲོག་རྩ་ཡིན་ལ་ངའི་སྲོག་རྩའང་ཡིན།
སྲོག་འཆད་པར་མི་འདོད་ན། བརྒྱུད་འཛིན་དགོས་ལ་དར་སྤེལ་ཡང་དགོས། འདི་ལ་བཤད་པས་མི་འོང་བསྒྲུབ་དགོས། བསྒྲུབས་པས་མི་འོང་ཡུན་དགོས། ཅིས་ཀྱང་ཐུགས་ལ་འཛིན་པར་ཞུ།
༢༠༢༢ ༢ ༢༡
བྱིས་པའི་རྩོམ་རིག་གི་གསོ་སྦྱོང་ཐེངས་གསུམ་པ།
ད་ཐེངས་ཐམས་ཅད་ལ་བློ་སྐྱེད་ལེགས་པོ་བྱུང་སོང་།
སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་ཡིད་བཞིན་ནོར།།ལམ་གོལ་དམན་པར་མ་གཏོང་ཆོས་ཀྱི་རྗེ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །
འདི་ཐམས་ཅད་བོད་གངས་ཅན་པའི་ཟ་མ་རེད། བོད་ཟས་བརྒྱུད་འཛིན་དང་དར་སྤེལ་ལ་འབད་པར་ཞུ།
འདི་བཤེར་ནས་དྲྭ་ཐོག་ཏུ་ཞུགས་ན། བདེ་ཐང་གི་ཤེས་བྱ་མང་པོ་བལྟ་ཐུབ།
བདེ་ཐང་ཤེས་བྱ་ཐད་གཏོང་ལ་གསན་པར་ཞུ།
གནའ་བཤད་འཚོལ་སྡུད།
ཨེ་འགོག་གསོ་སྦྱོང་ཐེངས་༡༨་པ།
མུ་མཐུད་དུ་ཨེ་ཛི་སྔོན་འགོག་ལ་འབད་དགོས།
ཆོས་དབྱིངས་སྐྱིད། བཀའ་དྲིན་ཆེ།
བྱིས་སྒྲུང་དེབ་ལྔ་ཡོད།
དེ་རིང་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བོད་གངས་ཅན་གྱི་སྐྱེས་མ་ཡོངས་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ།
སྐྱེ་བ་ཀུན་ཏུ་བླ་མ་ཆོས་ཀྱི་རྗེའི། །
སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །
འཁོར་གྱི་ཐོག་མ་སྲས་ཀྱི་ཐུ་བོ་དང་། །
འཕྲིན་ལས་བྱེད་པོ་ཉིད་དུ་འགྱུར་བར་ཤོག །
ལྕགས་མོ་གླང་གི་ལོའི་ལོ་གསར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། 慈诚罗珠藏文微博的微博视频
ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཁྱེན་ནོ།།
བོད་ཟས་དར་སྤེལ། 慈诚罗珠藏文微博的微博视频