cannot load image Downloadables
Register Log In Contact Buli
零散收录 >> འཁྲུངས་སྐར་བསུ། 迎接上师的生辰 Back

འཁྲུངས་སྐར་བསུ། 迎接上师的生辰

益西智麦 益西智麦 2022-07-31

བོད་ཟླ་དྲུག་པའི་ཚེས་བཞི་ནི་བདག་ཅག་གི་སྟོན་པ་མཆོག་གིས་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཡིན་པ་མ་ཟད། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་མོ་མཁན་ཆེན་བསོད་ནམས་དར་རྒྱས་ཀྱི་འཁྲུངས་སྐར་ཡང་ཡིན་པས། བླ་མ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བཞེད་དོན་མཐའ་དག་འགྲུབ་པའི་ཆེད་དུ་དགེ་སྒྲུབ་སྡིག་སྤོང་ཅི་ནུས་དང་། འོག་གི་ཞབས་བརྟན་གསོལ་འདེབས་མ་མཐའ་ཡང་ཚར་བརྒྱ་རེ་གསུང་བར་ཞུ།


藏历六月初四(8月1日)不仅是吾等释迦牟尼佛初转四谛法伦的殊胜日,也是藏汉大翻译家上师索朗达吉堪布的生辰,为了上师仁波切长久住世,弘法利生,我们作为他的弟子尽量断恶行善,多念上师的住世祈祷文(今天至少念一百零八遍)特别重要。


མཁན་པོ་བསོད་དར་རྒྱས་ཀྱི་ཞབས་བརྟན་གསོལ་འདེབས།

索达吉堪布祈请住世文

 

དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས།  །

华丹喇美芯啦酿拉犹  具德上师加持入心间

རིས་མེད་འགྲོ་ལ་ཆོས་ཀྱི་ཆར་ཆེན་འབེབས། །

 锐美卓拉曲及恰青贝 不偏众生普降大法雨

བསླབ་གསུམ་མཛོད་འཆང་བསོད་ནམས་དར་རྒྱས་མཆོག །

拉色桌强索南达吉乔 三学之藏索朗达吉尊

སྐུ་ཚེ་མི་འགྱུར་ཡུན་དུ་བཞུགས་གསོལ་འདེབས། །

  格柴木结音德耶所得 祈请身寿不变久住世

ཐུགས་བསྐྱེད་རི་བོང་འཛིན་པའི་འོད་སྣང་གིས། །

  特吉热翁怎毕窝囊给 愿以发心皓月之光明

ལྔ་བདོའི་མུན་པ་དབྱིངས་སུ་བསྙིལ་ནུས་ཤོག ། 

 啊独门吧央色聂妮效 五浊黑暗消于法界中


ཅེས་པ་འདི་བླ་རུང་རྒྱལ་སྤྱིའི་ཆོས་ཚོགས་ཀྱི་སློབ་མ་ཡོངས་ཀྱིས་ནན་ཟབ་ཏུ་བསྐུལ་བ་དང་། མཁན་པོ་ཁོང་གིས་ཆེད་དུ་བཀག་པ་མཛད་པས་ཁོ་བོས་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་གློ་བུར་ཡིད་ངོར་ཤར་བ་བཞིན་རབ་བྱུང་བཅུ་བདུན་པའི་མེ་གླང་ཟླ་༢ཚེས་༡༨ལ་ངག་དབང་བློ་གྲོས་མཚུངས་མེད་པས་སོ། །ཕྱི་ལོ་༡༩༩༧ཟླ་༣ཚེས་༢༧ལའོ།།


由喇荣汉僧法会的所有弟子,郑重请求写此文。但堪布本人特别遮止故,吾者无计奈何时,心中顿显此偈于十七胜生丁丑年公元一九九七年三月二十八日,(法王晋美彭措如意宝造)阿旺罗珠宗美善言也。



ངས་མཁན་པོ་བསོད་དར་རྒྱས་ཁྱོད་ཅག་ལ་ཆོས་བཤད་དུ་བཏང་ཡོད། ཁོང་ནི་ངའི་སློབ་མ་ཆེས་བཟང་པོ་དེ་ཡིན། ཉམས་ལེན་ཡང་ཆེས་མཆོག་ཏུ་གྱུར་པ་ཡིན། ཁྱོད་ཅག་གིས་དེ་ལ་གུས་བཀུར་ཡག་པོ་གྱིས། ང་དང་འདྲ་བར་གུས་བཀུར་གྱིས། 

༧ ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ།


“我把堪布索达吉派给你们,给你们讲法。他是我最好的弟子,也是受教育最高的弟子。你们要好好依止他,就像依止我一样。”

 —— 法王晋美彭措



གལ་སྲིད་མཁན་པོ་བསོད་དར་རྒྱས་མེད་ན། ལྔ་རིག་སློབ་གླིང་འདི་རྒྱུན་མཐུད་ནས་གནས་ཐུབ་པའི་ངེས་པ་མེད། མཁན་པོ་བསོད་དར་རྒྱས་ནི་བླ་མ་ཞིག་ཡིན་པར་མ་ཟད། ལྷན་དུ་སེམས་བསྐྱེད་མི་སྣ་ཞིག་ཀྱང་ཡིན། ང་ཚོས་མཁན་པོ་ཁོང་གི་སེམས་བསྐྱེད་ལ་སློབ་སྦྱོང་བྱེད་འོས། ཁོང་ནི་ང་ཚོའི་མིག་དཔེ་ཡིན། 

མཁན་པོ་ཚུལ་ཁྲིམས་བློ་གྲོས།


若没有索达吉堪布,五明佛学院不一定能够继续存在。索达吉堪布不仅是位上师,同时也是位发心人员。堪布的发心值得我们学习,他是我们的榜样。

—— 慈诚罗珠堪布



རྒྱུ་ཡོད་རུང་མེད་རུང་། གཟུགས་ཡག་རུང་བཙོག་རུང་། བསམ་པ་བཟང་པོ་ཞིག་ཡོད་ན་ཆེས་རིན་ཐང་ཆེའོ།། མཁན་ཆེན་བསོད་དར་རྒྱས། 


不管你有钱没钱,也不管你漂不漂亮,有一颗善良的心才是最可贵的——索达吉堪布



རྒྱ་བླ་མ་ཅེན་ཁང་གིས། ངའི་རེ་བར་མཁན་པོ་བསོད་དར་རྒྱས་ནི་དེ་རིང་གི་མགོན་པོ་ཀླུ་སྒྲུབ་ཡིན།


净空老法师说:“我希望索达吉堪布是今天的龙树菩萨。”


རྒྱ་བླ་མ་ཧེ་ཐོན་གྱིས། ངའི་དེ་རིང་ཆེས་ཆེ་བའི་ཆོས་ཀྱི་དགའ་བ་ནི་མཁན་པོ་བསོད་དར་རྒྱས་ལ་སྐྱབས་འགྲོ་ཞུས་པ་དེ་ཡིན།


海涛法师说:“我今天最大的法喜是能皈依索达吉堪布。”


ཁྱེད་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་ང་ཚོ་ལ་ཆོས་གསུང་དུས། ང་ཚོ་ཡང་དཀའ་ངལ་གང་ཞིག་འཕྲད་རུང་ཁྱེད་ཀྱི་ཆོས་ཁྲིད་ལ་ཉན།

上师您辛苦了!您用生命传法,我们有什么理由不用生命听法。


ཡེ་ཤེས་དྲི་མེད།  益西智麦